ཀྲུང་གོའི་བོད་རིག་པའི་དྲ་བ། 2012-08-03
བསོད་ནམས་རྡོ་རྗེ། ཕོ། བོད་རིགས། ༡༩༤༦ལོའི་ཟླ་༡ཚེས་༡༧ཉིན་སྐྱེས། ༡༩༨༣ལོའི་ཟླ་༧ཚེས་༧ཉིན་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།
༡༩༦༣ལོར་ཕྱག་ལས་ལ་ཞུགས་པ་ནས་བཟུང་། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ཐིང་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་དོན་གཅོད་ཐིང་། བོད་རང་སྐྱོང་གསར་བརྗེ་ཨུ་ཡོན་ལྷནང་ཁང་གི་ཆབ་སྲིད་ལས་དོན་ཚོ་ཆུང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་མི་རིགས་པུའུ། བོད་རང་ལྗོངས་ཏང་ཨུད་དོན་གཅོད་ཐིང་། བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བཅས་སུ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད། རང་སྐྱོང་མི་དམངས་འཐུས་ཚོགས། རང་སྐྱོང་ལྗོངས་སྲིད་གཞུང་བཅས་ཀྱི་ཡིག་ཆ་དང་།དབུ་ཁྲིད་ཀྱི་གསུང་བཤད་ཡིག་སྒྱུར་སྒྱུར་ཞུས་དང་། བོད་རིག་པའི་ཚན་ཞིབ་དང་ བོད་དུ་བོད་རང་སྐྱོང་ལྗོངས་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅིག་ལྕོགས་གནང་། ༡༩༩༤ལོར་བོད་ཡིག་མཁས་དབང་གི་མཚན་ཐོག་ནས་སུའེ་ཙེར་གྱི་རི་ནེ་ཝར་བོད་ཡིག་གི་རྒྱལ་སྤྱིའི་ཨང་སྒྲིག་བཟོ་འགོད་གྲོས་ཚོགས་ལས་ཞུགས། པེ་ཅིན་དུ་ཀྲིང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རིག་ལམ་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོནདང་མཐོ་རིམ་ལས་ཀའི་གོ་མིང་དཔྱད་ཞིབ་ཨུ་ཡོན་དང། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་སྐབས་དང་པོ་དང་གཉིས་པའི་ལས་འཛིན། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བློ་འདྲི་ས་བཅས་གཅིག་ལྕོགས་གནང།
༡༩༨༧ལོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གོ་གནས་ཀྱི་འོས་བབ་ལག་ཁྱེར་ཐོབ། ༡༩༩༠ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་དུ་མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གོ་གནས་ཐོབ། ༡༩༩༤ལོར་བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དོན་གཅོད་ཐིང་དུ་མཐོ་རིམ་ཆེད་ལས་ལག་རྩལ་གོ་གནས་ཐོབ། ༢༠༠༤ལོར་གཟི་བརྗིད་དང་ལྡན་པའི་ངང་རྒྱལ་སྲིད་སྤྱི་ཁྱབ་གིས་གནང་བའི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ། ༢༠༡༠ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་རྩོམ་སྒྲིག་ཆེ་མོ་བའི་རིམ་པ་གཉིས་པའི་ལས་གནས་སུ་གདན་ཞུ་གནང་།
སྒྱུར་རྩོམ་གྱི་གྲས་སུ།
༡. 《ཞིང་འབྲོག་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱེད་པའི་སློབ་སྦྱོང་ཡིག་ཆ།》ཡིག་སྒྱུར་དང་སྒྱུར་ཞུས་ནང་ཞུགས།﹙༡༩༩༤ལོར་ཆབ་སྲིད་ལས་དོན་ཚོ་ཆུང་གིས་རྩོམ་སྒྲིག་པར་འདེབས་བྱས།﹚
༢. 《ཏང་གི་ཚོགས་ཆེན་བཅུ་གཉིས་པའི་ཏང་གི་སྒྲིག་ཡིག་སྐོར་གྱི་དྲི་བ་དྲིས་ལན།》སྒྱུར་ཞུས་བྱས།﹙༡༩༨༢ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེསྐྲུན་བྱས།﹚
༣.《ནུབ་བསྐྱོད་ཟིན་ཐོ།》ཡིག་སྒྱུར་བྱས།﹙༡༩༨༦ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།﹚
༤.《བློ་མཐུན་ཞང་ཅིང་ཡུས་གིས་དཔའ་ངར་ཆེན་་པོས་སྐུ་སྲོག་བློས་གཏོང་མཛད་ནས་ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ།》ཞེས་པ་མཉམ་སྒྱུར་བྱས།﹙༡༩༧༩ལོར་མི་རིཊ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས﹚
༥.《ཞིང་ལས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས》སྒྱུར་ཞུས་བྱས།﹙༡༩༨༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།﹚
༦. 《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང་རབ་གསལ་མེ་ལོང་།》རྩོམ་བྲིས་དང་ཞུ་དག་གཏན་འབེབས་བྱས། ﹙༡༩༩༣ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།﹚
༧.《འཛམ་གླིང་བྱིས་སྒྲུང་གྲགས་ཅན།》ཆ་ཤས་ཡིག་སྒྱུར་དང་སྒྱུར་ཞུས་ཆ་ཚང་བྱས།﹙༡༩༩༣ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།﹚
༨.《ཚན་རྩལ་གསར་པའི་ཡུལ་ཁམས་འགྲིམ་པ།》དང་《ཚན་རིག་གི་ཡུལ་ཁམས་འགྲིམ་པ།》ཞེས་པའི་ དཔེ་ཚོགས་ཆ་ཚང་གཉིས་ནང་གི་དེབ་གསུམ་སྒྱུར་ཞུས་བྱས། ﹙༢༠༠༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེསྐྲུན་བྱས།﹚
༩. ལྟེ་གནས་ཀྱི་བྲེལ་ཆེའི་ཞིབ་འཇུག་བྱ་གཞི་“སྔ་དུས་བོད་བསྐྱོད་བྱས་པའི་རྒྱ་རིགས་དང་དེ་རྣམས་ཀྱི་རྒྱུད་རྩས་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚུལ་ཞིབ་འཇུག”ཅེས་པ་གཙོ་སྐྱོང་དང་འབྲེལ་ལས་མཇུག་འགྲིལ་བ་དང་། རྒྱལ་ཁབ་ཆོས་ལུགས་ཅུས་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞི་《ཆོས་ལུགས་རིག་པའི་མདོ་དོན།》ཞེས་པ་བོད་ཡིག་ཏུ་སྒྱུར་རྒྱུ་གཙོ་སྐྱོང་དང་སྒྱུར་ཞུས་བྱས།(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།)
༡༠.《བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་མཛད་རྣམ།》དང་། 《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ།》ཞེས་པའི་བརྙན་དེབ། 《ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་སྒྲིག་ཡིག》 ལིའུ་ཡན་ཏུང་དང་ལྷག་པ་ཕུན་ཚོགས་ཀྱིས་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་གླེང་སྟེགས་ཐོག་གནང་བའི་གཏམ་བཤད། “བོད་ཀྱི་ཞིང་བྲན་ཁྲི་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས།”《ཉི་འོད་ཀྱི་ཕྱོགས་སུ་བསྐྱོད་པ།》ཞེས་པའི་འོད་སྡེར་གྱི་གཙོ་སྐྱོང་བྱེད་ཚིག་དང་གཞས་ཚིག ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐོག་ཀྲུའུ་ཝེ་ཆུན་གྱིས་གནང་བའི་ལས་དོན་སྙན་སྒྲོན། 《བོད་ལྗོངས་ཏེ། ངོ་མཚར་ཆེ་བའི་གངས་ལྗོངས།》DVD(VCD)བོད་ཡིག་གི་འགྲེལ་བཤད་རྒྱག་ཡིག 《བདག་མེད་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཁྲིམས་སྲོལ།》 《བྱང་ཐང་ས་མཐོའི་སྐྱེ་དངོས་སྣ་མང་གི་འབྱུང་ཁམས་ལྟ་ཞིབ་ཚད་ལེན་བྱེད་པའི་ལག་བསྟར་ཞིབ་སྲོལ།》 《བྱང་ཐང་ས་མཐོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་ཐང་སྐོར་སྲུང་ལག་རྩལ་སྒྲིག་སྲོལ།》 ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཀྱི་《༢༠༠༨ལོ་དང་། ༢༠༠༩ལོ། ༢༠༡༠ལོ་བཅས་ཀྱི་ལོ་ཐོ།》ཡི་ཡི་གེའི་གསལ་བཤད་བཅས་བསྒྱུར།
༡༡. 《ང་ཕོད་ངག་དབང་འཇིགས་མེད།》ཅེས་པའི་བརྙན་དེབ་སྒྱུར་ཞུས་བྱས།(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་གིས་དཔེ་སྐྲུན་བྱས།)
༡༢.《བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣའི་གསོ་སྐྱོང་སྦྱོང་བརྡར་ཁྲིད་ཡིག》 《ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ཀློག་དེབ།》 《ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ཟུར་ཁྲིད་དཔྱད་ཡིག》 《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས། ཤེས་བྱའི་ལྟ་དེབ།》བཅས་ཀྱི་བོད་ཡིག་ཡིག་སྒྱུར་དང་། སྒྱུར་ཞུས། དཔེ་སྒྲིག་ལས་དོན་བཅས་བྱས།
༡༣. ཀྲུང་གོའི་འོན་བྱིས་བདེ་ཐང་སླར་གསོ་ཞིབ་འཇུག་ལྟེ་གནས་ཀྱི་《སློབ་ན་མ་སོན་པའི་བྱིས་པ་འོན་པའི་བདེ་ཐང་སླར་གསོའི་སྦྱོང་བརྡར་སློ་གཞི་“ནོར་བུས་སྐད་སྦྱོང་བ།”》ཞེས་པའི་དེབ་༣གྱི་སྒྱུར་ཞུས་བྱས།
༡༤. 《བོད་བརྒྱུད་ནང་བསྟན་དགོན་པའི་དམངས་གཙོ་བདག་གཉེར་ལས་དོན་གྱི་ཉམས་མྱོང་དཔྱད་ཡིག་ཕྱོགས་བསྒྲིགས།》ཅེས་པའི་ཡིག་སྒྱུར་དང་། སྒྱུར་ཞུས། ཡིག་སྒྱུར་སྒྲིག་འཛུགས་ལས་དོན་བཅས་བྱས།
༡༥.ལྟེ་གནས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞི། རྒྱལ་ཁབ་ཀྱི་ལོ་ལྔ་ཚན་དགུ་པའི་གཙོ་གནད་དཔེ་དེབ་《དུང་དཀར་ཚིག་མཛོད་ཆེན་མོ།》བདམས་བྱང་འཆར་གཞི་སྒྲིག་འཛུགས་ལེགས་གྲུབ་བྱས་ཤིང་། ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་སྐབས་དང་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་རྒྱལ་ཡོངས་ཀྱི་བོད་ཡིག་ཕུལ་བྱུང་དཔེ་དེབ་སྐབས་དྲུག་པའི་བྱ་དགའ་ཨང་དང་པོ་ཐོབ།
༡༦.ལྟེ་གནས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞི་སྟེ་བོད་ཡིག་གི་《ཆོས་རྣམ་ཀུན་བཏུས།》(སྟོད་ཆ། བར་ཆ། སྨད་ཆ།)སྒྲིག་འཛུགས་དང་གཙོ་སྐྱོང་བྱས་ནས་ལེགས་གྲུབ་བྱས་པ་དང་། དངོས་སུ་དཔེ་སྐྲུན་བྱས་རྗེས་རྒྱལ་ཡོངས་ཀྱི་བོད་ཡིག་ཕུལ་བྱུང་དཔེ་དེབ་སྐབས་བཅོ་བརྒྱད་པའི་བྱ་དགའ་ཨང་དང་པོ་ཐོབ།
༡༧.“ལྷ་སའི་ཁྲོམ་ལམ་གནཡི་སྒོ་བྱང་དང་ལམ་རྟགས་སོགས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་གྲས་འཆར།”རྩོམ་འབྲི་བྱས། ༢༠༠༦གོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
༡༨.ལྟེ་གནས་ཀྱི་གཙོ་གནད་དཔེ་དེབ་《མར་ཁེ་སི་རིང་ལུགས་ཀྱི་“ལྟ་བ་བཞི་སྨྲ་བ་གཉིས་”ཀྱི་གོ་བདེའི་ཀློག་དེབ།》འགན་འཁུར་རྩོམ་སྒྲིག་པ་དང་བསྒྱུར་ཞུས་ཀྱི་འགན་ཁུར།
༡༩.《ལྷུན་གྲུབ་མཚོ་མོའི་གཏམ་རྒྱུད།》ཅེས་པ་བོད་ཡིག་ཏུ་བསྒྱུར་དེབ་ལ་ ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10