ཁམས་པའི་འཛུམ་རིས་དང་། གླིང་གེ་སར།

    གླིང་གེ་སར་རིག་གནས་དྲ་བ།    2012-11-07

 

ཁམས་པའི་འཛུམ་རིས་དང་། གླིང་གེ་སར།

ཁམས་པའི་འཛུམ་རིས་དང་། གླིང་གེ་སར།

ཁམས་པའི་འཛུམ་རིས་དང་། གླིང་གེ་སར།

<<ཁམས་པའི་འཛུམ་རིས>>ནི་རྒྱལ་ནང་རང་བཞིན་གྱི་ཚགས་དེབ་ཚད་ལྡན་ཞིག་ཡིན་པར་མ་ཟད། ཡ་སྔོན་ཐེངས་ལྔ་ལ་འདོན་སྤེལ་གནང་མྱོང་ཞིང་། དེའི་ཁྲོད་ནས་རྒྱལ་རོང་ཞིབ་འཇུག་གི་སྐོར་སོགས་ཆེད་བཀོད་ལས་ཚན་འགས། འདས་སོང་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་འཕེན་པར་སྒེ་ཁུང་ལེགས་པོ་ཞིག་བསྐྲུན་ཡོད་པས་རྒྱ་ཆེའི་ཀློག་པ་པོ་མི་ཉུང་བས་དགའ་བསུ་ཐོབ་པར་མ་ཟད་དེབ་ཕྲེང་རེ་རེ་བཞིན་རེ་སྒུག་གིས་འདའ་བ་མང་། ད་ལོའི་<<ཁམས་པའི་འཛུམ་རིས་>>སྤྱིའི་འདོན་ཐེངས་དྲུག་པ་དང་བདུན་པ་གཉིས་ཀྱིས་ཁམས་ཁུལ་གྱི་གླིང་གེ་སར་རྗེས་ཤུལ་སོགས་གེ་སར་ཞིབ་འཇུག་ལ་ཁ་གཏད་ནས་འདོན་སྤེལ་བྱས་འདུག་ཅིང་། འདོན་ཐེངས་དྲུག་པ། <<གསེར་རྟ་ཡུལ་གྱི་གེ་སར་རིག་གནས་>>དང་། འདོན་ཐེངས་བདུན་པ་<<གླིང་གེ་སར་གྱི་ཕ་ཡུལ་དང་གླིང་གེ་སར་གྱི་རིག་གནས།>>ཞེས་ཚགས་དེབ་གཉིས་པོས་ཁམས་ཁུལ་གྱི་གླིང་གེ་སར་ལོ་རྒྱུས་དཔྱད་བརྗོད་དང་། གླིང་གེ་སར་དང་འབྲེལ་ཡོད་ཀྱི་མི་སྣ། གླིང་གེ་སར་གནས་ཤུལ་གནའ་རྫས་ངོས་འཛིན་སོགས་གླིང་གེ་སར་ཞིབ་འཇུག་ཁོ་ན་ཁ་གཏད་དེ་གེ་སར་སྐོར་ཧྲིལ་འགོད་བྱས་ཡོད་པས། བོད་ཀྱི་དཔའ་བོའི་མི་སྣ་གླིང་གེ་སར་ལ་ཞིབ་འཇུག་དང་རྒྱུས་ལོན་མཁན་ཚོར་དཔྱད་གཞིའི་དཔེ་མོད་པོ་ཞིག་སྔོག་འདོན་ཐུབ་འདུག་པས། བརྒྱ་ཆེའི་ཞུབ་འཇུག་པ་རྣམ་པ<<ཁམས་པའི་འཛུམ་རིས>>ལ་གཟིགས་པར་ཕེབས་དང་གླིང་གེ་སར་ཞིབ་འཇུག་ལ་དཔྱད་སྒོ་གསར་བ་རྙེད་ངེས་སུ་འདུག་སྙམ།

  • ལེ་ཚན་སྔོན་མ།:གླིང་གེ་སར་གྱི་སྣང་བརྙན་གར་སྟེགས་སུ་འཁྲབ་པའི་ལོ་རྒྱུས་ཀྱི་ཐོག་མ་རྫོགས་ཆེན་དགོན་ནས་བྱུང་བ།
  • ལེ་ཚན་རྗེས་མ།:《ཧོར་གླིང་གཡུལ་འགྱེད》ལས་མི་གཤིས་དང་མཐུན་པའི་གླུ་ཚིག་དང་ངག་རྟ་འགའ་ལ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།