རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།

ཚུལ་ཁྲིམས་བློ་གྲོས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།    2010-05-13

癌症  ངན་སྐྲན།cancerལུས་ལ་སྐྲན་ངན་པ་བྱུང་བའི་ནད་རིགས་ཤིག་གོ།
爱滋病ཨེ་ཛིའི་ནད།AIDS ནད་ཀྱི་མིང་དངོས་ལ(acquired immune deficicency syndrome)རྗེས་བྱུང་རིམས་ཁེགས་ཉམས་པའི་ཕྱོགས་འདུས་ནད་ཅེས་བྱ་སྟེ།དབང་པོ་གཉིས་སྦྱོར་དང་མའི་ནུ་ཞོ་དང་ཁྲག་བརྒྱབས་པ་ལ་བརྟེན་ནས་ཞུགས་པའི་མིའི་ལུས་ཀྱི་རིམས་ཁེགས་ཉམས་པར་བྱེད་ཅིང་མཆེད་པ་མྱུར་བའི།ཉེན་ཚབས་ཆེ་བའི།ཤི་ཚད་མཐོ་བའི་འགོ་ནད་ཚབས་ཆེན་ཞིག་གོ།
隘谷རོང་འགག V-shaped river vallay with steep sides;ravineཁ་ཡངས་ཤིང་གཏིང་དོག་པའི་གྲོག་རོང་གི་ཆུ་འགག་གོ།
隘口   འཕྲང་འགག mountain pass གྲོག་རོང་དོག་མོའི་འགག་གོ།
安定བརྟན་འཇགས།stable;quiet;settledའཚོ་བ་དང་སྤྱི་ཚོགས་ལ་འཁྲུག་ཟིང་མེད་པར་བརྟན་འཇགས་སུ་གནས་པའོ།
安定药རྣལ་འབེབས་སྨན།sranpuilizer;sedative pillནད་པའི་ལུས་སེམས་རྣལ་དུ་འབེབས་བྱེད་ཀྱི་སྨན་ནོ།།
安度晚年ཚེ་མཇུག་བདེ་སྐྱེལ།spend one’s remaining years in comfort ཚེ་མཇུག་བདེ་སྐྱིད་ཀྱི་ངང་དུ་རོལ་བའོ།།
安检བདེ་བཤེར། security check བདེ་འཇགས་ཞིབ་བཤེར་ཞེས་པའི་ཚིག་སྡུད་དོ།།
安居工程བདེ་གཞིས་བཟོ་བཀོད།affordable housing projectརྒྱལ་ཁབ་ཀྱིས་བུན་དངུལ་བཏང་བ་དང་ས་གནས་སྲིད་གཞུང་གིས་མ་དངུལ་རང་སྒྲུག་བྱས་པ་ལ་བརྟེན་ནས་བསྐྲུན་པའི་ཁེ་གཉེན་མ་ཡིན་པའི་གཞིས་ཁང་འཛུགས་སྐྲུན་གྱི་བཟོ་བཀོད་དོ།།
安居乐业འདུག་བདེ་ལས་སྤྲོ།live and work in peace and contentment འཚོ་བ་བརྟན་ལྷིང་ངང་རོལ་ཅིང་ལས་དོན་རྣམས་སེམས་སྐྱིད་ཀྱི་ངང་ནས་སྒྲུབ་པའོ།།
安理会བདེ་འཛིན་ལྷན་ཚོགས།the(U.N)SecurityCouncilམཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བསྡུས་མིང་ངོ་།
安眠药གཉིད་སྨན།sleeping pillགཉིད་འགུགས་པར་བྱེད་པའི་སྨན་ནོ།།
安全玻璃སྐྱོབ་ཐག safety glass སྤྱིར་བཏང་གི་འཕར་བ་དང་རྡེག་པ་སོགས་ཀྱིས་ཆག་དཀའ་ཞིང་གལ་ཏེ་ཆག་པར་གྱུར་ན་ཡང་གཞན་གྱི་ལུས་ལ་རྨས་སྐྱོན་མི་བཟོ་བའི་ངར་ཤེལ་དང་སྦྱར་ཤེལ་ལྟ་བུའི་ཤེལ་གྱི་རིགས་ཏེ།སྣུམ་འཁོར་དང་གནམ་གྲུ་སོགས་ཀྱི་སྒོ་དཀར་དུ་བཀོལ་བ་མང་ངོ་།།
安全带སྐྱོབ་ཐག safety bellt;seat belt༡མཐོ་ཞིང་ཉེན་ཁ་ཆེ་བའི་གནས་སོགས་སུ་བྱ་བ་སྒྲུབ་པའི་ཚེ་དེ་ལས་མི་ལྷུང་བར་འཛིན་པའམ་ཉེན་ཁ་ལས་སྐྱོབ་བྱེད་ཀྱི་ཐག་པ་དང་།༢གནམ་གྲུ་དང་རླངས་འཁོར་སོགས་ཀྱི་འདུག་སྟེགས་ལས་མི་འབྲལ་བར་སྲུང་བྱེད་ཀྱི་ཐག་པའོ།།
安全灯བདེ་འཇགས་གློག་སྒྲོན།safty lamp;safelight ༡གཏེར་ཁྲོན་ནང་དུ་བཀོལ་བར་བྱ་བའི་འདྲེས་རླུང་འབར་འགད་སྔོན་འགོག་དང་སོལ་རླངས་ཀྱི་ཚད་སྔོན་དཔོག་བྱེད་ཐུབ་པའི་གློག་སྒྲོན་དང་།༢གློག་ཤེད་ཝོལ།༣༦ལས་དམའ་བའམ་བདེ་འཇགས་ཀྱི་བསྒྲིག་ཆས་ཡོད་པའི་གློག་སྒྲོན་ནོ།།
安全阀བདེ་འཇགས་གཅོད་སྒོ།safetyvalveགཤེར་དང་རླངས་པ་སོགས་ཀྱི་ཉེན་ཁ་ལས་འགོག་བྱེད་ཀྱི་རང་བྱེད་གཅོད་སྒོ་ཞིག་གོ།
安全门བདེ་འཇགས་སྒོ emergency exitཞི་བདེའི་སྒོ་ཞེས་པ་དང་འདྲའོ།
安全模式བདེ་འཇགས་རྣམ་པ།safetymode;securityschemesརྩིས་འཕྲུལ་གྱི་གཞི་རྩའི་བསྒྲིགས་རིམ་ཉུང་ཤས་ཤིག་ལ་བརྟེན་ནས་ནད་དུག་སོགས་ཀྱི་ཉེན་ཁ་དང་དབྲལ་ཏེ་བདེ་འཇགས་སུ་བྱ་བ་བྱེད་ཚུལ་གྱི་རྣམ་པ་ཞིག་གོ།
安全网བདེ་འཇགས་དྲ་བ།safetynettingམཁར་ལས་སོགས་ཀྱི་སྐབས་སུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་བྱས་པའི་དྲ་བའོ།
安置འཇོག་པ།བཀོད་འཇོག make arrangements forམི་དང་བྱ་སོགས་ལ་བརྟེན་ཁུངས་དང་འགན་ལེན་ཡོད་པར་བྱས་པའོ།།
安装སྒྲིག་འཇོག install(software)རྩིས་འཕྲུལ་གྱི་སྙི་ཆས་དག་ལས་སུ་རུང་བའི་མ་ལག་དཀྱུས་གཅིག་ཏུ་སྒྲིག་པའོ།།
氨基酸ཨེམ་གཞི་སྐྱུར།amino acidཆ་རྡུལ་གྱི་ནང་དུ་འདྲེས་པའི་ཨེམ་གཞི་སོགས་ཀྱི་སྐྱེ་བཅས་འདྲེས་རྫས་ཤིག་སྟེ།སྤྲི་དཀར་གྱི་རྩ་བའི་རྩོམ་གཞིའོ།།
鹌鹑སྲེག་ཆུང་།partridge;quailལུས་སྲེག་པ་ལས་ཅུང་ཆུང་ཞིང་སྒྲོ་མདོག་ཁམ་ནག་དང་མགོ་བོ་ཆུང་ལ་མཇུག་སྒྲོ་ཐུང་བ་དང་འཕུར་རྩལ་ཅུང་ཞན་པའི་འདབ་ཆགས་ཀྱི་རིགས་ཤིག་གོ།
按揭གཏའ་བུན།mortgageཉོ་བྱའི་ཁང་པ་དེ་ཉིད་དམ་དངོས་པོ་གཞན་གཏའ་མར་བཞག་ནས་དངུལ་བུན་བླངས་ཏེ་སླད་མར་དུས་བཅད་ལྟར་རིམ་པར་འཇལ་བའི་དངུལ་བུན་གཏོང་ཐབས་ཤིག་གོ།
按摩འཕུར་མཉེད།massageཁྲག་གི་འཁོར་རྒྱུག་བདེ་བ་དང་དབང་རྩའི་ནུས་པ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ཕྱིར་དུ་ལུས་ལ་འཕུར་ཞིང་མཉེད་པའི་ལུས་ཁམས་བདེ་སྲུང་དང་ནད་བཅོས་བྱེད་ཐབས་ཤིག་གོ།
按钮འཐེབ་ནོན།push buttonམཛུབ་མོས་གནན་བྱའི་གཏོང་འཛིན་ནོ།།
按语དཔྱད་ཚིག onte or comment by an author or editor on a piece of writing སྔར་ཡོད་ཀྱི་གཞུང་ངམ་ཚིག་གང་རུང་ཞིག་ལ་རྩོམ་པ་པོའམ་རྩོམ་སྒྲིག་པས་གསལ་བཤད་དང་དྲན་སློང་དང་དཔྱད་བརྗོད་དང་བདེན་དཔང་སོགས་ཀྱི་ཆེད་དུ་བཀོད་པའི་ཚིག་གོ།
案板གཙབ་གདན།བརྡལ་པང་།choppingboardགྲོ་ཕྱེ་སྲབ་མོར་བྱེད་པ་དང་སྔོ་ཚལ་གཏུབ་སའི་གདན་པང་ལེབ་སོགས་སོ།།
案件གྱོང་གཞི།གྱོད་དོན།law caseགཏུག་བཤེར་དང་འབྲེལ་བ་ཅན་གྱི་གྱོད་གཞིའམ་ཁྲིམས་འགལ་གྱི་དོན་རྐྱེན་ནོ།།
案卷ཚགས་ཡིགrecord;fileལས་ཁུངས་དང་ཁེ་ལས་སྡེ་ཚན་སོགས་ཀྱིས་རིགས་དབྱེ་དང་ཚགས་སྡེབ་བྱས་ནས་བརྟག་བཤེར་གྱི་ཆེད་དུ་ཉར་ཚགས་བྱས་པའི་དཔྱད་གཞིའི་ཡིག་ཆའོ།།
案情གྱོད་ཀྱི་བྱུང་རིམ། details of a caseགྱོད་ཀྱི་བྱུང་གནས་འགྲོ་གསུམ་གྱི་བརྒྱུད་པའི་རིམ་པའོ།།
暗娼ལྐོག་གསབ།invisible subsidyརྒྱལ་ཁབ་ཀྱིས་ཁྲོམ་རའི་རིན་གོང་བརྟན་འཇགས་སུ་གནས་པའི་ཕྱིར་དུ་དགོས་ངེས་ཀྱི་འཚོ་བའི་དངོས་པོ་དག་ལ་རིན་ཁྱད་དང་གྱོང་གུད་གསབ་པའི་ཕྱིར་དུ་བྱིན་པའི་ནོར་སྲིད་གསབ་དངུལ་ལོ།།
暗访གསང་བའི་བཅར་འདྲི།གསང་འདྲི།pay a private call;secret visitགསང་ཐབས་སུ་གཞན་ལ་བཅར་བའམ་གཞན་གྱི་དྲུང་དུ་སོང་ནས་དགོས་དོན་འདྲི་རྩད་གཅོད་པའོ།།
暗号ལྐོག་བརྡ།watchword;eipher;secret signཕན་ཚུན་ལ་ཁ་ཆད་བྱས་པའི་གསང་བའི་དོན་མཚོན་པར་བྱེད་པའི་སྒྲ་སྐད་དང་རྣམ་འགྱུར་སོགས་ཀྱི་བརྡའོ།།
暗河གབ་ཆུ།underground lakeཕྱིར་མི་མངོན་པའི་མཚེའུའོ།།
暗礁གཏིང་བྲག submerged reef;latent obstacleརྒྱ་མཚོ་དང་ཆུ་ཀླུང་གི་གཏིང་ན་མི་མངོན་པར་གནས་པའི་གྲུ་གཟིངས་སོགས་ཀྱི་བགྲོད་ལམ་ལ་བར་ཆད་དུ་གྱུར་པའི་བྲག་རྡོ་སོགས་སོ།།
暗恋ལྐོག་དགའ།fall in love with sb.secrectlyཕོ་མོ་གང་རུང་གིས་ཡུལ་གང་ལ་ལྐོག་ནས་སམ་ཡུལ་དེ་ལ་ཤེས་སུ་མི་འཇུག་པར་དགའ་བའམ་ཆགས་པའོ།།
暗室མུན་ཁང་།derkroom འོད་འགོག་པའི་མཁོ་ཆས་ཅན་གྱི་ཁང་པའོ།།
暗线སྦས་སྐུད།dark-lineཁང་པའི་གྱང་ངམ་རྩིགས་པ་སོགས་ཀྱི་ནང་དུ་སྦས་ཏེ་ཕྱིར་མི་མངོན་པར་བྱས་པའི་གློག་སྐུད་དོ།།
暗箱操作ལྐོག་སྒྲུབ།do sth.on the slyདབང་ཆ་ལ་བརྟེན་ནས་ལྐོག་ཏུ་དྲང་བདེན་མ་ཡིན་པ་དང་ཁྲིམས་དང་མི་མཐུན་པའི་བྱ་བ་བྱེད་པའོ།།
凹版གཤོང་པར།intaglioཔར་ཤིང་ངོས་ཀྱི་རི་མོའི་ཆ་གཤོང་དུ་དོད་པ་སྟེ།ཟངས་དང་རྣོའི་གླེགས་བུ་རྣམས་ཀྱི་ངོས་སུ་གཤོང་ཐབས་སུ་བརྐོས་པའི་པར་ཤིང་ལྟ་བུའོ།།
凹面镜གཤོང་ཤེལ།concave mirrorམཐའ་མཐུག་ཅིང་དབུས་སྲབ་ལ་ལྡོག་འཕྲོའི་ངོས་གཤོང་དུ་སོང་བའི་ཤེལ་ལོ།།
凹透镜གཤོང་རྟོལ་ཤེལ།concave lensམཐའ་མཐུག་ཅིང་དབུས་སྲབ་པའི་ཤེལ་ཞིག་སྟེ།འོད་ཀྱིས་ཤེལ་དེ་བརྟོལ་ནས་ཕྱིན་པ་ན་འོད་རྣམས་ཕྱོགས་བཞིར་འཕྲོ་བར་བྱེད་པའོ།།
八宝饭བརྒྱད་ཆན།འབྲས་སིལ།eight sweets rice puddingའབྱར་འབྲས་དང་རྒུན་འབྲུམ་སོགས་བསྲེས་པའི་མངར་ཟས་ཤིག་གོ།
八宝粥བརྒྱད་ཐུགeight-treasure congeeའབྱར་འབྲས་གཙོས་པའི་བ་དམ་དང་པད་འབྲས་སོགས་འབྲུ་སྣ་བརྒྱད་ཀྱིས་བཟོས་པའི་ཐུག་པ་ཞིག་གོ།
八度རིམ་བརྒྱད་དབྱངས།octaveདབྱངས་ཡིག་གང་རུང་ཞིག་གི་སྟེང་ནས་ཡས་མས་སུ་དབྱངས་ཨང་བདུན་པོ་ཚར་རེ་མཐར་ཆགས་སུ་འཁོར་ནས་སླར་ཡང་རང་སྟེང་ལ་སླེབས་ཚེ་སྔར་ལས་ལྡབ་བརྒྱད་ཀྱིས་མཐོ་བའམ་དམའ་བས་ན་རིམ་པ་བརྒྱད་པའི་དབྱངས་ཞེས་བརྗོད་དོ།།
八方桌ཟུར་བརྒྱད་ཅོག་ཙེ།octagonal tableཅོག་ངོས་ལ་ཟུར་བརྒྱད་ཡོད་པའི་ཅོག་ཙེ་ཞིག་གོ།
八仙花དྲང་སྲོང་མེ་ཏོགlarge leafhydrangeaཤིང་ཕྲན་གྱི་རིགས་ཏེ།ལོ་མ་སྒོང་དབྱིབས།མེ་ཏོག་དམར་སྐུའམ་དམར་པོ་སྤུངས་ཏེ་སྐྱེས་པའི་ཕོན་པོ་ཟླུམ་གོང་དུ་མངོན་པ་ཞིག་གོ།
吧台བཅད་སྟེགས།bar counterཆང་ཁང་སོགས་ཀྱི་ནང་དུ་བཏུང་བ་སོགས་མཁོ་སྤྲོད་བྱེད་སའི་སྒྲོམ་སྟེགས་སོ།།
芭蕉ཆུ་ཤིང་།plantain;bananaསྔོ་ལྡུམ་གྱི་རིགས་ཤིག་སྟེ།སྡོང་བུ་སར་ཉལ་ལོ་མ་འཇོང་རིང་།རྩེ་མོ་ཟླུམ་གོར་གཞུ་འདོམ་དུ་ལོངས་པ།མེ་ཏོག་སྙེ་དབྱིབས་འཕྱངས་པ།འབྲས་བུ་སེར་པོ་ནང་དུ་ས་བོན་གྱིས་གཏམས་པ་འདོགས་པ་ཞིག་གོ།
芭蕾舞བྷ་ལེད་ཞབས་བྲོ།balletཨི་ཐ་ལི་ནས་དར་བའི་ཞབས་བྲོའི་རིགས་ཤིག་སྟེ།རོལ་མོ་དང་བྲོ་དང་ལག་བརྡ་ལ་བརྟེན་ནས་འཁྲབ་པ་སྟེ་ཧྥ་རན་སིའི་སྐད་དུ(ballet)བྷ་ལེད་ཅེས་པ་ཟུར་ཆག་པའོ།།
拔河ཐག་འཐེན།tug-of-warགྲངས་མཉམ་པའི་མིས་ཐག་པའི་ཕྱོགས་གཉིས་སུ་འཇུས་ཏེ་འཐེན་ཤེད་འགྲན་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་གོ།
拔尖儿རྩེ་གྲས།top-notch;tiptopགཞན་རྣམས་ལས་བརྒལ་པའམ་ཁྱད་དུ་འཕགས་པའོ།།
拔牙钳སོ་སྐམ།toop extraction forcepsསོ་འབལ་བྱེད་ཀྱི་སྐམ་པའོ།།
把关འགག་འཛིན།guard the pass;guard against mistakes;check onའགག་འཛིན་པ་སྟེ་འགག་སྒོ་སྲུང་བ་དང་།བྱ་བ་གང་རུང་ལ་གཏན་ཁེལ་གྱི་ཚད་གཞི་ལྟར་བརྟག་བཤེར་ནན་པོ་བྱས་ནས་སྐྱོན་འབྱུང་དུ་མི་འཇུག་པའོ།།
把手འཛིན་ཡུ།handle;grip;holderདངོས་པོ་རྣམས་ཀྱི་སྟེང་དུ་ཡོད་པའི་ལག་པས་འཇུ་བར་བྱ་བའི་ལུང་ངམ་འཆང་གཟུང་ངོ་།།
罢工ལས་བསྐྱུར།be on strike བཟོ་པའམ་ལས་མི་སྣམས་ཀྱིས་ངོ་རྒོལ་གྱི་ཆེད་དུའམ་རེ་འདོད་གང་རུང་འགྲུབ་པའི་ཕྱིར་དུ་ཐམས་ཅད་ཀྱིས་ལས་ཀ་མཚམས་འཇོག་པའོ།།
罢官དཔོན་འབྱུང་།dismiss sb.from officeདཔོན་གྱི་རིགས་གོ་གནས་ལས་ཕབ་པའོ།།
罢课སློབ་བསྐྱུར།be on strikeསློབ་མ་རྣམས་ཀྱིས་རེ་འདོད་གང་རུང་འགྲུབ་པའི་ཆེད་དུ་ཐམས་ཅད་ཀྱིས་སློབ་སྦྱོང་བྱེད་པ་བསྐྱུར་ཏེ་ངོ་རྒོལ་བྱེད་པའོ།
罢市ཚོང་བསྐྱུར།be on strikeཚོང་པ་རྣམས་ཀྱིས་དམིགས་ཡུལ་གང་རུང་འགྲུབ་ཆེད་དུ་ཚོང་ལས་བྱེད་པ་བསྐྱུར་ཏེ་ངོ་རྒོལ་བྱེད་པའོ།།
罢诉གཏུགས་བཤོལ།withdraw a charge སྔར་གྱོད་དོན་ཁྲིམས་གཏུག་བྱས་པ་ལས་བཤོལ་བའམ་ཁྲིམས་གཏུག་མི་བྱེད་པའོ།།
罢演འཁྲབ་བསྐྱུར།be on strikeའཁྲབ་མཁན་རྣམས་ཀྱིས་རང་གི་རེ་འདོད་འགའ་ཞིག་མངོན་དུ་འགྱུར་བའི་ཆེད་དུ་ངོ་རྒོལ་གྱི་རྣམ་པས་འཁྲབ་སྟོན་མཚམས་འཇོག་པའོ།།
霸权བཙན་དབང་།ཧམ་ཤེད།hegemony;supremacy;dominationརྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་དམག་དཔུང་དང་སྟོབས་འབྱོར་ལ་བརྟེན་ནས་རྒྱལ་ཁབ་གཞན་ལ་ཐེ་གཏོགས་དང་ཚོད་འཛིན་བྱེད་པའོ།
霸主བཙན་བདག overlord;suzerain;dominatorཁྱབ་ཁོངས་གང་རུང་ཞིག་གི་ནང་དུ་དབང་ཤུགས་དང་ནུས་སྟོབས་ཆེན་པོ་ཡོད་པའི་མིའམ་ཚོགས་པའོ།།
白菜ཚལ་དཀར།Chinese cabbageལོ་མའི་ཕོན་པོ་ཆེ་ཞིང་མེ་ཏོག་སེར་སྐྱ་ཅན་གྱི་རྒྱུན་མཐོང་ཚལ་རིགས་ཤིག་སྟེ།ཚལ་དཀར་ཆེ་བ་དང་ཆུང་བ་སོགས་རིགས་མང་ངོ་།།
白宫ཕོ་བྲང་དཀར་པོ།the White House ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིང་ཐོན་དུ་ཡོད་པའི་ཨ་རིའི་སྲིད་གཞུང་གི་སྲིད་འཛིན་གྱི་གཞུང་ལས་ཁང་ངམ་ཕོ་བྲང་ངོ་།།
白色污染དཀར་པོའི་ཡོང་འབབ།legit-imate incomeའགྱིག་ཆས་དང་འགྱིག་ཤོག་སོགས་ཀྱིས་ཁོར་ཡུག་ལ་བསྐྱེད་པའི་འབགས་བཙོག་གོ།།
百分率བརྒྱ་ཆའི་ཚད།percentage;percentགྲངས་གཉིས་བསྡུར་བའི་ཚེ་གྲངས་གཅིག་གིས་གྲངས་ཅིག་ཟོས་ཀྱི་བརྒྱ་ཆའི་གྲངས་ཅི་ཙམ་ཟིན་པའི་ཚད་དེ།
百分制བརྒྱ་ཆའི་ལུགས།hundred-mark systemསློབ་གྲྭ་རྣམས་ཀྱིས་སློབ་མའི་སྦྱངས་འབྲས་ལ་བརྟགས་ནས་གཏན་འཁེལ་གྱི་སྐར་གྲངས་འགོད་ལུགས་ཤིག་སྟེ།སྐར་གྲངས༡༠༠ལ་ཆེས་མཐོ་བའི་ཚད་དང་སྐར་གྲངས༦༠ལ་ཚད་དུ་ལོངས་པར་རྩིའོ།།
百事可乐ལྦུ་སིབ་ཁུ་ནག whooping cough;pertussisདགུན་དཔྱིད་དུ་ལོ་ལྔ་མན་གྱི་བྱིས་པ་ལ་འབྱུང་ཤས་ཆེ་བའི་དབུགས་ལམ་གྱི་འགོ་ནད་ཅིག་སྟེ།ན་ཡུན་ཕལ་ཆེར་ཟླ་ངོ་གསུམ་ལྷག་ཙམ་ཡིན་པས་དེ་ལྟར་མིང་དུ་གྲགས་སོ།།
班级གྲྭ་རིམ།འཛིན་རིམ།classes and grades at schoolསློབ་གྲྭའི་ནང་གི་ལོ་རིམ་དང་འཛིན་གྲྭའི་སྤྱི་མིང་ངོ་།།
班长འཛིན་གཙོ།རྒན་བདག(class)monitorསློབ་ཕྲུག་གི་ནང་ནས་བསྐོས་པའི་འཛིན་གྲྭའི་འགན་འཁུར་པ་སྟེ།དབུས་སྐད་དུ་རྒན་བདག་ཀྱང་ཟེར་རོ།།
搬运公司དབོར་འདྲེན་སྤྱི་གཉེར།trans-port company;moving companyདངོས་རྫས་དབོར་འདྲེན་བྱེད་མཁན་གྱི་སྤྱི་གཉེར་ཁང་ངོ་།།
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ཐ་སྙད་འགའི་འགྲེལ་བཤད།
  • དོ་སྣང་ཆེ་བའི་རྩོམ།