རྗེ་བཙུན་ཙོང་ཁ་བ་ཆེན་མོའི་ཞབས་རྗེས་དང་གནས་དེ་དག་ཏུ་མཛད་པའི་གསུང་རྩོམ་སྐོར།

ཀུན་དགའ་དབང་ཕྱུག        2015-04-23

 རྗེ་ཙོང་ཁ་བ་འཁྲུངས་པའི་གནས་ནི།མདོ་སྨད་ཀྱི་ཙོང་ཁའི་ཡུལ་ད་ལྟའི་སྐུ་འབུམ་བྱམས་པ་གླིང་གི་གསེར་སྡོང་ཆེན་མོའི་ལྷ་ཁང་གི་ཤུལ་དུ་རབ་བྱུང་དྲུག་པའི་མེ་བྱ་སྟེ།སྤྱི་ལོ་༡༣༥༧ལོའི་ཟླ་བཅུ་བའི་ཚེས་བཅུའི་ཉིན་བལྟམས་ཤིང་།དགུང་ལོ་གསུམ་པ་ས་ཕག་ལོ་སྟེ།སྤྱི་ལོ་༡༣༥༩ལོར་ཀ་རྨ་རོལ་བའི་རྡོ་རྗེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཕྱིར།ཡབ་ཡུམ་གྱིས་ཁྲིད་དེ་ཤ་བ་རི་རྫོང་དུ་ཕེབས།དགུང་ལོ་བདུན་བཞེས་པའི་དུས་དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་དགོན་དུ།ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་བསྐྱལ་ཏེ།དགེ་ཚུལ་གྱི་སྡོམ་པ་བཞེས།དེར་ཨ་ར་པ་ཙའི་སྒྲུབ་པ་བཞེས་པས།ཨ་ར་པ་ཙའི་སྒྲུབ་ཁང་གི་ཤུལ་ད་ལྟའང་བཞུགས།ཆོས་རྗེ་དོན་གྲུབ་རིན་ཆེན་འཁྲུངས་ཡུལ་རེབ་གོང་ཤ་སྦྲང་ནས་ཡིན་པའི་ངག་རྒྱུན་མཆིས་པ་ལྟར།མཚམས་ལ་རེ་བླ་མའི་ཕྱག་ཕྱིར་ཁྲིད་དེ་ཤ་སྦྲང་དགོན་དུ་ཕེབས་པའི་བཤད་རྒྱུན་ཀྱང་མཆིས།དགུང་ལོ་བཅུ་དྲུག་བཞེས་པའི་ཆུ་བྱི་ལོ་སྟེ།སྤྱི་ལོ་༡༣༧༢ལོར་བྲག་དཀར་སྤྲེལ་རྫོང་དང་མགོ་ལོགཆབ་མདོ་སོགས་བརྒྱུད་དེ་དབུས་སུ་ཞུགས།ཆུ་གླང་གི་ལོ་སྟེ།སྤྱི་ལོ་༡༣༧༣ལོར་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་ཕེབས།ཚལ་བ།ཆོས་གྲྭ་ཆེན་པོ་བདེ་བ་ཅན་འདི་ནི་ད་ལྟའི་ར་སྟོད་དགོན་པ།དབེན་གནས་དམ་པ་ཆོས་རྫོང་འདི་ར་སྟོད་དགོན་པའི་ལྷོ་ངོས་ཀྱི་རི་སྟེང་དུ་ཡོད།བདེ་བ་ཅན་དུ་ལོ་གཉིས་ཙམ་ལ་ཕར་ཕྱིན་གྱི་ཚིག་དོན་ལ་མཁས་པར་གྱུར།དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན།དེ་ནས་གཙང་དུ་འབྱོན་པར་བཞེད།རིན་སྤུངས་ཀྱི་རོང་ཆེ་བ་ལ་མཛད།རིན་སྤུངས་ཀྱི་རྒྱང་མཁར་ཕུའི་ལ་ལ་བྱོན།ཉང་སྟོད་མཁར་ཁ་ལ་མཛད་ནས་ཞ་ལུར་ཕེབས།སྣར་ཐང་་ལ་བྱོན།ས་སྐྱར་ཕེབས།ལ་སྟོད་བྱང་།འདར་བཟང་ལྡན།ངམ་རིང་འགའ་རོང་ཆོས་སྡེ།ཇོ་མོ་ནང་།བོ་དོང་།མར་རེས་སྤྱི་བོ་ལྷས།ཆོས་གྲྭ་ཆེན་པོ་ཨེར།སྣར་ཐང་།ཉང་སྟོད།གནས་རྙིང་།རྩེ་ཆེན།ཉང་སྟོད་བསམ་གླིང་།དབུས་སུ་ཕེབས།ཆོས་རྫོང་།དགུན་བདེ་བ་ཅན།སྐྱོར་མོ་ལུང་།སྟོད་ལུང་ཕུ།བདེ་བ་ཅན།དགུན་གཙང་ཕྱོགས་ལ་བྱོན།གནས་རྙིང་།དེར་ཐོག་མར་གཟིགས་པའི་རིམ་པ་བཞིན་གཞན་ལ་ཡང་འདོམས་པའི་སྒོ་ནས།མངོན་པ་ཀུན་བཏུས་ཚར་གཅིག་རྩལ་བཤད་མཛད།དཔྱིད་སྣར་ཐང་།ས་སྐྱ།ལ་སྟོད་བྱང་གི་སའི་ཆ་ངམ་རིང་།འཁྲུངས་ཡུལ་ནས་འཚོག་ཆས་ཅི་རིགས་པ་འབུལ་བ་བསྐུར་ཡོད་པ་འདྲ་ཟེར་ནས་དེ་བཞེས་པ་ལ་ངམ་རིང་ནས་ས་སྐྱ།དེ་ནས་དབུས་སུ་ཕེབས།མདོ་སྨད་ནས་ཡུམ་གྱིས་ཀྱང་ཞུ་བ་ནན་ཆེར་བྱུང་བས་རྐྱེན་བྱས་ནས།ལན་ཅིག་མདོ་སྨད་ལ་འབྱོན་པར་བཞེད་པ་འཁྲུངས་ཏེ།མལ་གྲོ་ལྷ་ལུང་དུ་བྱོན།འདི་ནས་ཕ་ཡུལ་དུ་མི་འབྱོན་པའི་ཐུགས་ཐག་བཅད།རྣམ་ཐར་ཆེན་མོར།མདོ་སྨད་ནས་ཡུམ་གྱིས་འབྱོན་དགོས་ཡང་ཡང་ཞུས་པའི་མཐའ་མ་ལ།དབུ་སྐྱེས་ཀྱི་ལན་བུ་དུང་ལྟར་དཀར་བར་གྱུར་བ་བསྐུར་ནས་ངེད་ན་ཚོད་འདི་ལྟར་དུ་གྱུར་པ་བསམས་ནས་འབྱོན་དགོས་ཞུས་པ་ལ།ཕ་ཡུལ་དུ་བྱོན་པ་ལ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བས་འབྱོན་དུ་མི་བཏུབ་པའི་གནས་ཚུལ་དང་ཆབས་ཅིག་རྗེ་ཉིད་ཀྱི་སྐུ་བརྙན་རི་མོར་བྲིས་པའི་ཐང་ག་ཞིག་ཀྱང་བསྐུར་བར་མཛད་པ་ཡུལ་དུ་འབྱོར་ནས།ཡུམ་གྱིས་ཞལ་ཕྱེ་མ་ཐག་སྐུ་བརྙན་དེས་ཨ་མ་ཞེས་གསུངས་པས་ཡུམ་གྱི་ཐུགས་རྒྱུད་ལ་རྗེ་བདག་ཉིད་ཆེན་པོ་དངོས་སུ་མཇལ་བ་དང་མཚུངས་པའི་མོས་གུས་དང་སྤྲོ་དགའ་ཚད་མེད་པ་འཁྲུངས་ཏེ་ཐུགས་ཁྲལ་སངས་པ་ཡིན་གསུངས།བདེ་བ་ཅན་དུ་བཞུགས།སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དུ།བདེ་བ་ཅན་ནས་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་ལྟར།དབུ་ཞྭ་པཎ་ཞྭ་གསེར་གྱི་མདོག་ཅན་དུ་བསྒྱུར་བར་མཛད་ཅེས་གསུངས། 
གཙང་ལ་བྱོན་ཏེ་སྣར་ཐང་དུ་ཕེབས།ཨེར།ས་སྐྱ།དེ་ནས་རྩེད་ཐང་།ཡར་ལུང་རྣམ་རྒྱལ།གདན་ས་ཐེལ།འོན་གྱི་ལྷ་ཁང་ཀེ་རུ།རྣམ་ཐར་ཆེན་མོར།ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས།དེ་ནས་སྐྱིད་ཤོད་དུ་བྱོན།ཚལ།འདི་ནས་བཀའ་དང་བསྟན་བཅོས་བོད་ཡུལ་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་ཞིབ་པར་མཛད།མངོན་རྟོགས་རྒྱན་གྱི་འགྲེལ་བ་རྣམ་བཤད་ཆེན་མོ་རྩོམ་པ་མཛད།རྣམ་ཐར་ཆེན་མོར།དགུང་ལོ་སོ་གཉིས་པ་ལ་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བ་བཀའ་རྩོམ་མཛད་ཅེས་གསུངས།དེ་ནས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས།ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད།ཚལ་ནས་བདེ་བ་ཅན།བྱ་ཡུལ།སླར་ཡང་ཚལ་དུ་བྱོན།ཕར་ཕྱིན་གྱི་རྣམ་བཤད་ཀྱི་འཕྲོ་མཛད་ཅིང་མཇུག་བདེ་བ་ཅན་དུ་རྫོགས་པར་མཛད།སྐྱོར་མོ་ལུང་།བདེ་བ་ཅན།དགུན་སྟོད་མཚོ་སྨད་དང་ངང་དཀར།སྲིན་པོ་རི་ནས་གོང་དཀར་རིགས་ལྔ་ལྷ་ཁང་།ཡར་ལུང་སྨོན་མཁར།དགུན་སྨོན་མཁར་བཀྲ་ཤིས་གདོང་དུ་བཞུགས།འདི་དུས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་བ་ཅི་རིགས་པ་གསུངས།དེའི་དབྱར་ཁ་ཡར་ལུང་ཨོ་ཀར་བྲག་ཏུ་བཞུགས་ནས་སྐུ་མཚམས་དམ་པོ་མཛད།ནེ་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཐུགས་ཉམས་སུ་བསྟར་ནས་ལེགས་པར་སྦྱངས།ཞག་རེ་ལ་གཏུམ་མོའི་རླུང་སྦྱོར་ཡང་བརྒྱད་བརྒྱ་རེ་ཙམ་མཛད་དོ།།ཞེས་གསུང་ཞིང་།གཏུམ་མོ་ལ་སོགས་པའི་ཐུགས་དམ་གྱི་ཉམས་བཟང་བོ་མང་དུ་འཁྲུངས་སོ།།སྟོན་སྐྱིད་ཤོད།པོ་ཏ་ལར་བྱོན་ནས་རྗེ་རེད་མདའ་བ་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་མཛད།དགུན་སྐྱོར་མོ་ལུང་གི་བྲག་ཏུ་བཞུགས།རོང་གི་སྣུབས་ཆོས་ལུང་།སྟག་ཚང་རྫོང་ཁར།འབའ་འུ་འབའ་གཉེར།རོང་ཆོས་ལུང་།རོང་གི་རིང་ལུང་ཕུགསྟོན་མཇུག་ཉང་སྟོད་ཀྱི་གོང་གསུམ་བདེ་ཆེན།ཉང་སྟོད་སྨད་ཀྱི་མཚམས་འཁྲིས་རྩྭ་ཁང་།སྡེ་ཆེན།ཞ་ལུ།བ་ནམ་གྱི་ཕག་པ་རི།སྤྲེལ་ལོའི་སྟོན་དགའ་བ་གདོང་།ལྷ་སར་བླ་མ་དབུ་མ་བ་སྐྱེལ་མ་ལ་བྱོན།སྐྱོར་མོ་ལུང་།སྤྱི་ལོ་༡༣༩༢ལོ་སྟེ།དགུང་ལོ་སོ་དྲུག་པ་ལ་སྐྱོར་མོ་ལུང་ནས་ཕྱག་བཏེག་སྟེ།འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁར་ཕེབས།རྣམ་ཐར་ཆེན་མོར་དེ་དུས་དགུང་ལོ་སོ་བརྒྱད་བཞེས་པར་(སྤྱི་ལོ་༡༣༩༤ལོ)་གསུངས།དགུན་འོལ་ཁར་ཆོས་ལུང་དུ་བཞུགས།དེའི་དབྱར་རྫིང་ཕྱིའི་ཇོ་བོ་བྱམས་པ་མཇལ།དེའི་དགུན་དྭགས་པོ་སྨན་ལུང་རྒྱ་སོག་ཕུ།འདི་ནས་བཟུང་སྟེ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་ནམ་ཡང་མ་ཆག་པར་མཛད།དཔྱིད་འོལ་ཁར་བྱོན།རྫིང་ཕྱིའི་བྱམས་པ་རྡུལ་ཁྲོད་དུ་འོ་བརྒྱལ་བ་ལ་ཞིག་གསོས་མཛད།རྣམ་སྲས་ལ་མར་གྱི་འཛིན་གཏོར་བཅས་ནས་འཕྲིན་ལས་བཅོལ།ལྷ་བཟོ་བ་རྣམས་ལའང་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་ལ་བཀོད་ནས་འབྲིར་འཇུགརྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་བཀོད་འབྲི་བའི་སྐྱ་རིས་བཏབ།འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས་ཏེ།རྗེ་ཉིད་ཀྱིས་རབ་གནས་མཛད།སློབ་མ་སྐལ་ལྡན་བཅུ་ལྷག་པ་ཞིག་ལ་གསང་ལྡན་གྱི་དབང་ཡང་གནང་།རྣམ་ཐར་ཆེན་མོར།རྗེ་བཙུན་འཇམ་དཔལ་གྱིས་བྱམས་མགོན་ལ་བསྟོད་པ་ཞིག་གྱིས་ཞེས་བསྐུལ་བ་ལྟར།བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་དང་།བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད།རང་ཉིད་མ་འོངས་པ་ན་གང་དུ་སྤྲུལ་བའི་སྐུར་འཚང་རྒྱ་བའི་མཛད་པ་སྟོན་པའི་ཞིང་ཡོངས་སུ་བཟུང་བའི་སྨོན་ལམ་ཞེས་པ་རྩོམ་པར་མཛད་ཅེས་གསུངས།ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་གདན་འདྲེན་ཞུས་པ་བཞིན་ལྷོ་བྲག་བྲ་བོ་དགོན་དུ་ཕེབས།རྣམ་ཐར་ཆེན་མོར།དགུང་ལོ་སོ་དགུ་བ་ཤིང་ཕག་ལོ་སྟེ།སྤྱི་ལོ་༡༣༩༥ལོར་གཉལ་བརྒྱུད་དེ་ལྷོ་བྲག་བྲའོ་དགོན་པར་བྱོན་ཞེས་གསུངས།རྣམ་ཐར་ཆེན་མོར།ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་བུ་མོ་དཀར་མོ་ཞིག་གིས།བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དང་གཉིས་སུ་མེད་པ།ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པའི་སྐྱེས་བུ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་།སྐྱེ་བ་འདིར་ཡང་ཕན་ཚུན་དཔོན་སློབ་ཏུ་འབྲེལ་བའི་རྟེན་འབྲེལ་ཡོད་པས་གདན་དྲངས་ནས་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན།ཕར་ལ་ཡང་ཆོས་ཞུས་ཞེས་ལུང་བསྟན་པ་ལ་བརྟེན་ནས་རྗེ་ཉིད་ཞུས་པར་གསུངས་ཡོད།མཆོད་རྫས་དུ་མ་ཞལ་གསེར་དང་བཅས་པ་དང་།བསྟོད་པ་ཚངས་པའི་ཅོད་པན་ཞེས་བྱ་བ་མཛད་དེ་རྫིང་ཕྱིའི་བྱམས་མགོན་ལ་བསྐུར།གཉལ།གཉལ་ལོ་རོ་སྟོད་ལྟག་ཏུ་ཟླ་བ་ལྔ་ཙམ་བཞུགས།དེ་ནས་དགུང་ལོ་བཞི་བཅུ་བ་མེ་བྱི་ལོ་སྟེ།སྤྱི་ལོ་༡༣༩༦ལོར་གཉལ་སྨད་གསལ་རྗེ་གངས་ཀྱི་ཡར་འདྲེན་དགོན་པར་དབྱར་ཐོག་གཅིག་བཞུགས།ཙ་རི་མ་ཆེན།དེ་ནས་ཙ་རི་གནས་བསྐོར་དུ་ཕེབས།དེ་དུས་མཁའ་འགྲོ་མ་རྣམས་ཀྱིས།གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ།།བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ།།མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་ཐོབས།།ཞེས་གསུངས་པ་ལ།རྗེའི་ཞལ་ནས།ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས།།རྐྱེན་ངན་བར་ཆད་ཞི་བར་མཛད་པ་དང་།།མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།།ཞེས་གསོལ་བ་ཐོབས་ཞེས་པ་གསོལ་བ་འདེབས་ཞེས་པའི་ཚིག་ཏུ་བསྒྱུར་ནས་ཚིག་རྐང་དྲུག་པོ་དེང་སང་ཙ་རིའི་གནས་སྐོར་བ་རྣམས་ཀྱིས་འུར་འདོན་དུ་བྱེད་པ་ཡང་དེ་དུས་ནས་བྱུང་བ་ཡིན་པར་གླེང་།དེ་སྐབས་ཞབས་བསྙུངས་ནས་ཕུག་པ་ཞིག་ཏུ་བཞུགས་པ་ལ་དེང་སང་ཙོང་ཁ་ཕུག་ཏུ་གྲགས།དེ་ནས་གཉལ་ལ་བྱོན།གཉལ་སྨད་སེང་གེ་རྫོང་དུ་བཞུགས།གསེར་ཕྱེ་འབུམ་པ་ལ་མཆོད་པ་ཆེན་པོ་ཕུལ།དཔྱིད་གཉལ་གྱི་སྒང་ཆུང་དུ་བཞུགས།གཉལ་སྟོད་ར་གྲོང་དུ་བྱོན།དབྱར་བཞུགས་མཛད།ལ་ལར་གཉལ་གསེར་ཕྱེ་འབུམ་པར་མཆོད་འབུལ་སོགས་གཉལ་གྱི་ལུང་ར་ཆེ་མོ་ཞེས་བཤད།རྒྱལ་ཚབ་དར་མ་རིན་ཆེན་གྱིས་དཀའ་བཅུའི་གྲྭ་སྐོར་མཛད་ཚར་ནས་དེར་མཇལ་བ་ལ་ཕེབས།འོལ་ཁར་ཕེབས།དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་ལོ་གཅིག་བཞུགས་ཆོས་མང་དུ་གསུངས།དེར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་བུ唓པལིཏ་ལ་གཟིགས་པས་ཀྱང་མཚམས་སྦྱར་ཏེ།མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་གནད་མཐར་ཐུག་པ་དང་དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས།བསྟོད་པ་ལེགས་བཤད་སྙིང་བོ་ཞེས་བྱ་བའང་མཛད།སྟོན་འོལ་ཁར་བྱོན།དགུན་མགར་ཕུག་ཏུ་བཞུགས།དེ་ནས་དབྱེའི་སྟེའུ་རར་བྱོན།དབྱར་བཞུགས་མཛད།འོལ་ཁའི་བྲག་གདང་དུ་བྱོན།རྫིང་ཕྱིར་ཇོ་བོ་བྱམས་པའི་དྲུང་དུ་ཕེབས།ཉང་པོ་མདངས་མདོའི་དགོན་པར་བྱོན།དབྱར་བཞུགས་མཛད།དཔོན་ནམ་མཁའ་བཟང་བོ་དང་།རྔོག་ལོ་ཆེན་པོའི་གདན་ས་བ་སློབ་དཔོན་ཆེན་པོ་དཀོན་མཆོག་ཚུལ་ཁྲིམས་པ་ངོ་ཆེན་སྦྲན་ཏེ་རྟིང་སྐུལ་གསོལ་འདེབས་གནང་བ་ལྟར།སྟོན་སྐྱིད་ཤོད་དུ་ཕེབས།པོ་ཏ་ལར་བཞུགས།གསང་བདེ་གུང་གསུམ།དགའ་སྐྱོར་ཟུལ་གསུམ།དགའ་གདོང་།འདི་དུས་བླ་མ་རེད་མདའ་བ་མངའ་རིས་ནས་ཕེབས་ཏེ་དགའ་གདོང་དུ་བཞུགས།དཔོན་སློབ་གཉིས་ཀས་ཆོས་གསུངས།རྗེ་རེད་མདའ་བ་དང་རྗེ་ཙོང་ཁ་བ་དཔོན་སློབ་རྣམ་པ་གཉིས་ཀས་རྭ་སྒྲེང་གི་གནས་ཀྱི་བསྔགས་པ་སྙན་དུ་གསོན་པས་ཐུགས་གཡོས་ཏེ་རྭ་སྒྲེང་དུ་བྱོན་ཏེ་དགུན་བཞུགས་མཛད།དེ་ནས་འབྲི་གུང་དུ་བྱོན།དེ་ནས་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་དང་།རྗེ་རེད་མདའ་བ་དང་།རྗེ་ཙོང་ཁ་བ་རྣམ་པ་གསུམ་ག་གནམ་རྩེ་ལྡེང་(ད་ལྟ་ཡངས་པ་ཅན་དགོན་པའི་ཤར་ངོས་རྩེ་སྡིང་འབུམ་པ་ཡོད་ས་དེ་ཡིན།)དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་མངོན་པར་འཛོམས་ཏེ་དབྱར་གནས་པར་ཞལ་བཞེས།དགག་དབྱེ་ཐོན་ནས་རྗེ་རེད་མདའ་བ་གཙང་ལ་བཏེག་ཅིང་།ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་དང་རྗེ་ཙོང་ཁ་བ་རྣམ་པ་གཉིས་རྭ་སྒྲེང་དུ་བྱོན།བྲག་སེང་གེའི་ཞོལ་དུ་དབེན་གནས་སམ་ཡང་དགོན་བཏབ།ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་གིས་ནན་ཆེར་གསོལ་བ་བཏབ་པའི་ངོར།ལམ་རིམ་ཆེན་མོའི་རྩོམ་པ་མཛད།རྣམ་ཐར་ཆེན་མོར་དགུང་ལོ་ཞེ་དྲུག་པ་ཆུ་རྟ་ལོ་སྟེ།སྤྱི་ལོ་༡༤༠༢ལོར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆེན་མོ་རྩོམ་པའི་དབུ་འཛུགས་པར་མཛད་ཅེས་གསལ་ལ།ད་དུང་དེར་བྱང་སའི་ཚུལ་ཁྲིམས་ལེའུའི་རྒྱ་ཆེར་འགྲེལ་བ་དང་།རྩ་ལྟུང་དང་བླ་མ་ལྔ་བཅུ་བའི་རྣམ་བཤད་ཀྱང་མཛད།སྐྱབས་མཆོག་དཔལ་བཟང་བོས་གླེགས་བམ་ཕྱག་ཏུ་བཞེས་ཤིང་།གཙང་ལ་བཏེགགནམ་རྩེ་་ལྡེང་དང་ལམ་པ་དགོན་པ།ལྷས་ཕུ་དགོན་གསར།འོན་བདེ་ཆེན་སྟེང་།དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་བྱམས་པ་གླིང་དུ་ཕྱག་ཕེབས།དེར་སློབ་དཔོན་ཀླུ་བྱང་གིས་མཛད་པའི་རྣམ་བཞག་རིམ་པའི་ཊིཀ་མཛད།དེར་དམ་པ་མང་བོས་གསོལ་བ་བཏབ་པ་ལྟར།རྒྱུད་སྡེ་བཞིའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་སྟོན་པའི་བསྟན་བཅོས་ཆེན་པོ་གསང་ཆེན་ལམ་རིམ་མཛད།དེར་བར་ཆད་ལྟ་བུའི་འཚུབ་ཆེན་པོ་བྱུང་བ་ལ་བརྟེན་ནས།བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་སྦྱིན་སྲེག་གི་ཆོ་ག་རྒྱས་པའི་རྩོམ་པ་ཡང་མཛད།དེ་དུས་སྒོ་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་།ཆེད་དུ་གཏད་ནས་ཐུགས་བཅུག་ན་མ་གཏོགས།ཐུགས་ཀྱིས་དེ་རྣམས་ཅི་ཡང་མི་ངེས་པ་ཞིག་ཡོད།འདི་དུས་ཇི་ཙམ་ནས་ལགས་ཞུས་པས།དགེ་སྦྱོར་གྱི་དུས་སུ་དེ་ལྟར་འོང་བ་བྱམས་པ་གླིང་ནས་ཡིན་གསུང་།དེར་ལོ་གཉིས་བཞུགས།བྱང་ཆུབ་ལུང་དུ་དགུན་བཞུགས་མཛད།སོ་ག་སྐྱིད་ཤོད་དུ་ཕེབས།དབྱར་གནས་སེ་ར་ཆོས་སྡིངས་སུ་བཞུགས།དེར་རྩ་ཤེའི་རྣམ་བཤད་ཆེན་མོ་མཛད།སེ་ར་ཆོས་སྡིངས་སུ་བཞུགས་པའི་དུས་སུ།ཏ་མིང་རྒྱལ་བོས་ཏ་ཞིང་བཞིས་མགོ་བྱས་གདན་འདྲེན་པ་མངགས་པ་སླེབས།སྐྱིད་སྨད་གྲུམ་བུ་ལུང་།ལྷ་སར་ཕེབས།དགེ་འདུན་སྟོང་ཕྲག་བརྒྱད་ལྷག་ཙམ་བྱུང་བ་ལ།དཔོན་སློབ་རྣམས་རང་གིས་སྦྱིན་བདག་མཛད་ནས།མི་རེ་ལ་མར་ལྷ་སའི་སྲང་གི་ཉག་བཞི་མ་ཙམ་རེ་དང་།ཇ་དཀར་ཞོ་དྲུག་ཅུ་རྩ་བགྲངས་པའི་མང་ཇ་དང་བཅས་པའི་ཚུགས་སྟོན་དྲངས།སྤྱི་ལོ་༡༤༠༩ལོར་གླང་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད།སེ་ར་ཆོས་སྡིངས་སུ་ཕེབས།ཟངས་རིའི་ཕུ་མཆིན་དུ་བྱོན།འོལ་ཁ་བསམ་གཏན་གླིང་།རྗེ་དགུང་ལོ་ང་བཞི་བ་ལྕགས་སྟག་ལོ་སྟེ།སྤྱི་ལོ་༡༤༡༠ལོའི་ཟླ་བ་གཉིས་པའི་ཚེས་ལྔ་ལ་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས།དེར་དཔལ་གསང་བ་འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་དང་།ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་གཉིས་ཀྱི་རྣམ་བཤད་རྒྱས་པ།དེའི་ཕྱི་ལོ་དེར་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་དང་།རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག་དང་བཅས་པ་མཛད།འོན་གྱི་བཀྲ་ཤིས་དོ་ཁ།དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱག་ཕེབས།དཔལ་འཁོར་ལོ་བདེ་མཆོག་ལུ་ཨི་བའི་ཊིཀ་ཆེན་མོ་དང་།རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་ཡིག་ཆེ་ཆུང་།སྒྲུབ་ཐབས།དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་འགྲེལ་བ་སྒྲོན་གསལ་བཅས་མཛད།རྗེ་དགུང་ལོ་ང་དགུ་བ་ཤིང་ལུག་ལོ་སྟེ།སྤྱི་ལོ་༡༤༡༥ལོར་ལམ་རིམ་ཆུང་ངུ་བཀའ་རྩོམ་མཛད་ཅེས་པའི་དམ་པའི་གསུང་རྒྱུན་ལྟར་རྣམ་ཐར་ཆེན་མོར་གསུངས།ས་ཁྱི་ལོ་སྟེ།སྤྱི་ལོ་༡༤༡༨ལོར་དགེ་ལྡན་དུ་དབུ་མ་ལ་འཇུག་པའི་རྣམ་དཔྱད་ཆེན་མོ་མཛད་པའང་ལེགས་པར་རྫོགས་པར་མཛད།ལོ་དེའི་གཞུག་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་བ་སྒྲོན་གསལ་དང་བཅས་པ་པར་དུ་བརྐོ་བའི་སྦྱོར་བ་ཉེ་བར་བརྩམས་ཏེ།འབད་རྩོལ་མེད་པར་ས་ཕག་ལོ་སྟེ།སྤྱི་ལོ་༡༤༡༩ལོའི་ནང་དུ་ལེགས་པར་མཐར་ཕྱིན་པར་མཛད།འགྲེལ་བ་བཞི་སྦྲགས་ཀྱང་པར་དུ་བརྐོས།ས་ཕག་ལོ་ལ་བདེ་མཆོག་རྩ་རྒྱུད་ཀྱི་ཊིཀ་རྨད་དུ་བྱུང་བ་རྩོམ།རི་བོ་དགེ་ལྡན།ལྷ་ས།ཕག་ལོའི་སྟོན་སྟོད་ལུང་གི་ཆུ་ཚན་ལ་བྱོན།སླར་འབྲས་སྤུངས་སུ་བྱོན།ལྷ་སའི་ཇོ་བོ་རིན་པོ་ཆེའི་དྲུང་དུ་བྱོན།དེ་ནས་ཆོས་རྗེ་ཤཱཀྱ་ཡེ་ཤེས་པས་སྤྱན་དྲངས་ཏེ་སེ་ར་ཆོས་སྡིངས་སུ་བྱོན།བ་ལམ་བདེ་ཆེན་རྩེ།བྲག་དཀར།གྲུ་བཞི།འདི་དུས་གཎྜི་བརྡུངས་པའི་སྒྲ་ཆེན་པོ་གྲགས་པས།ཐམས་ཅད་ཐེ་ཚོམ་དུ་གྱུར།དགེ་ལྡན་དུ་ཕེབས།ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་བྱོན།སྦྱིན་བདག་སོགས་ཀྱི་ཆེད་དུ་ཞུ་བ་སུའང་མེད་པར།བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་ཞིག་མཛད།རབ་བྱུང་བདུན་པའི་ས་ཕག་ལོ་སྟེ།སྤྱི་ལོ་༡༤༡༩ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་དགའ་ལྡན་དུ་ཞི་བར་གཤེགས།
 
 
  • ལེ་ཚན་སྔོན་མ།:བོད་ཡུལ་གྱི་གནའ་ཤུལ་གྲགས་ཅན་བཅུ་གཉིས།
  • ལེ་ཚན་རྗེས་མ།:བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་ལེབ་ཁོག་གི་བཀའ་གཙིགས་བྲག་བརྐོས་མ།
  • དོ་སྣང་ཆེ་བའི་རྩོམ།