ལོ་རྒྱུས་ཐོག་བོད་དང་མེས་རྒྱལ་བར་མཛའ་མཐུན་གྱི་མཛད་སྒོའི་སྤེལ་ཚུལ་མདོར་བསྡུས་བརྗོད་པ།

འཕྲིན་དགའ་ནས།        2010-12-16

སྤྱི་ལོ༦༣༦ལོར་ཐང་གོང་མ་དང་བོད་ཀྱི་བཙན་པོའི་བར་མཛའ་བརྩེའི་འབྲེལ་ལམ་དངོས་སུ་བཙུགས་པར་མ་ཟད་ཐང་ཐའེ་ཙུང་དང་སྲོང་བཙན་སྒམ་པོ་གཉིས་ཕན་ཚུན་ཕོ་ཉ་མངགས་ཏེ་སྐྱོས་མ་བསྐུར་རེས་མཛད།སྤྱི་ལོ༦༤༡ལོར་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨ་ཡིས་རྒྱ་བོད་མི་རིགས་བར་གྱི་མཛའ་མཐུན་ལ་ཤུགས་སྣོན་དང་བོད་མི་རྣམས་ལ་ཕན་པ་རྒྱ་ཆེར་མཛད་པར་མ་ཟད།རྒྱ་ནག་ནས་བཟོ་རིག་ལག་རྩལ་པ་མང་པོ་བསྐོངས་ཏེ་ར་མོ་ཆེ་གཙུག་ལག་ཁང་བཞེངས།
སྤྱི་ལོ༦༤༨ལོར་ཐང་གི་ཕོ་ཉ་ཝང་ཤོན་ཚུལ་སོགས་རྒྱ་གར་དུ་འཚམས་འདྲིར་བསྐྱོད་སྐབས་རྒྱ་གར་བད་ངོ་ལོག་སྟེ་ཐང་གི་ཕོ་ཉ་མང་པོ་དམར་བསད་བཏང་།ཝང་ཤོན་ཚུལ་གྱིས་བོད་ལ་དམག་རོགས་བཅོལ་བས་རྒྱལ་པོ་སྲོང་བཙན་སྒམ་པོས་རྟ་དམག་ཁྲི་ཚོ་གཅིག་ལྷག་ཙམ་བཏང་སྟེ་རྒྱ་གར་བའི་ཟིང་ཆ་ལྷིང་འཇགས་སུ་བཏང་།སྤྱི་ལོ༦༤༩ལོར་གོང་མ་ཐང་ཐའེ་ཙུང་གི་བུ་ཐང་ཀའོ་ཙུང་རྒྱལ་སར་མངའ་གསོལ།དེས་རྒྱལ་པོ་སྲོང་བཙན་སྒམ་པོར་མག་པའི་ཆོ་ལོ་གནང་བར་མ་ཟད་བོད་མིའི་སྙིང་ཐག་པས་རེ་འདུན་ཞུ་བར་ལྟར་དར་འབུ་དང་།ཤེལ།ཨ་རག ཆུ་འཁོར་སོགས་བཟོ་བའི་མི་སྣ་ལག་རྩལ་ཅན་མང་པོ་བོད་དུ་བཏང་།སྤྱི་ལོ༧༡༠ལོར་གོང་མ་ཐང་ཀྲུང་ཙུང་གི་གསོས་ཕྲུག་གིམ་ཤིང་ཀོང་ཇོ་བོད་དུ་བཙུན་མོར་གདན་དྲངས་པར་མ་ཟད་རྒྱ་ཡིག་ནས་ནང་པའི་ཆོས་དང་ཐུན་མོང་གི་རིག་གནས་རྩིས་དང་སྨན་གྱི་གཞུང་སོགས་བོད་ཡིག་ཏུ་བསྒྱུར་བས་བོད་ཀྱི་རིག་གནས་འཕེལ་རྒྱས་ཡོང་བར་སྐུལ་བ་ཧ་ཅང་ཆེན་པོ་ཐེབས་པ་དང་།སོ་མ་རྭ་ཛྭ་འདེབས་ལས་སོགས་ཀྱི་ལག་རྩལ་བོད་དུ་དར་སྤེལ་བཏང་བ་རེད།སྤྱི་ལོ༨༢༡ལོར་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་ཕོ་ཉ་མངགས་པ་རྣམས་གོང་མའི་རྒྱལ་ས་ཁྲང་ཨན་དུ་འབྱོར་ནས་རྒྱ་བོད་མི་རིགས་བར་གྱི་མཛའ་བརྩེའི་མཐུན་ལམ་ཡུན་གནས་ཡོང་ཐབས་སྐོར་བཀའ་གྲོས་ལེགས་པར་མཛད་པར་མ་ཟད་ཁྲང་ཨན་གྱི་ནུབ་ངོས་སུ་རྒྱ་བོད་མནའ་མཐུན་གྱི་རྡོ་རིང་བཙུགས་ནས་མནའ་བོར།དེའི་ཕྱི་ལོར་ཐང་གི་ཕོ་ཉ་རྣམས་ལྷ་སར་འབྱོར་བར་བོད་ཀྱི་བཙནཔོས་བསུ་བ་དང་སྣེ་ལེན་གཟབ་རྒྱས་མཛད་པར་མ་ཟད་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་དབོན་ཞང་རྡོ་རིང་བཙུགས། སྤྱི་ལོ༡༢༤༤ལོར་ས་སྐྱ་པཎྡིཏ་ཀུན་དགའ་རྒྱལ་མཚན་གྱིས་དཀའ་ངལ་གང་ལའང་མ་འཛེམས་པར་བོད་མི་དམངས་ཀྱི་བསམ་འདུན་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ཆེད་དུ་དངོས་སུ་རྒྱལ་ས་ལེང་ཀྲོའུ་རུ་ཕེབས་ཏེ།ཧོར་གོ་དན་རྒྱལ་པོ་དང་བཀའ་གྲོས་ལེགས་པར་མཛད་ནས་བོད་འདི་མེས་རྒྱལ་གྱི་མངའ་ཁོངས་སུ་དངོས་སུ་བསྒྱུར་བར་མ་ཟད།ཧོར་གོ་དན་རྒྱལ་པོས་ས་སྐྱ་པཎ་ཆེན་བོད་ཡོངས་ཀྱི་སྲིད་ཀྱི་བདག་པོར་དངོས་སུ་བསྐོ་གཞག་སྩལ།
  • ལེ་ཚན་སྔོན་མ།:རྟ་ཕོའི་བཟང་དཔྱད་སུམ་ཅུ་བཤད་པ།
  • ལེ་ཚན་རྗེས་མ།:ཤ་བཙོ་བཞིན་དུ་ཆུ་གྲང་མོ་བླུག་རྒྱུ་མེད།
  • དོ་སྣང་ཆེ་བའི་རྩོམ།