ཕྲུ་གུའི་བདེ་ཐང་ལ་གནོད་པའི་སྣང་ཚུལ་དགུ།

        2010-12-16

༡ཤ་རྒྱགས་དྲགས་པ།ཕྲུ་གུ་ཤ་རྒྱགས་དྲགས་པ་ཡིན་ན་འཚར་ལོངས་ཡོང་རྒྱུར་གནོད་པ་མ་ཟད།ཕྲུ་གུའི་རྐང་པ་གཞུ་དབྱིབས་ཅན་དང་རྐང་མཐིལ་ལེབ་སྟོབས་ཆགས་སླ་པོ་ཡོད།
༢ཟས་ལ་གདམ་ག་རྒྱག་པ།ཕྲུ་གུའི་ཕྱིན་འབྱུང་གི་རིག་སྟོབས་འཕེལ་ཚད་དེ་ལོ་གསུམ་གོང་གི་འཚོ་བཅུད་ལེགས་ཉེས་ཅི་བྱུང་ལ་རག་ལས་པས་གལ་ཏེ་ཟས་ལ་གདམ་ག་རྒྱག་པའི་གནས་ཚུལ་དེ་དུས་ཡུན་རིང་པོ་སོང་ན་ཕྲུ་གུར་འཚོ་བཅུད་ཞན་པའི་ནད་ཐོན་གྱི་ཡོད།
༣བཟའ་བཏུང་སྤྱད་དྲགས་པ།བཟའ་བཏུང་སྤྱད་དྲགས་ན་ཕོ་བ་དང་རྒྱུ་མའི་འཇུ་བྱེད་གཤེར་ཁུ་མི་ལྡིང་བར་ཟས་འཇུ་ནུས་ཞན་པའི་ནད་ཕོག་སླ་པོ་ཡོད།
༤ཟས་ཟ་སྐབས་ཕྲུ་གུ་གཤེ་གཤེ་གཏོང་བ།ཟས་ཟ་སྐབས་ཕྲུ་གུར་རྟག་ཏུ་གཤེ་ཤགེ་བཏང་ན་ཕྲུ་གུ་ཡིད་མུག་ཅིང་སྐྱོ་སྣང་ཆེན་པོ་བྱུང་ནས་ཟས་ལེགས་པོ་འཇུ་མི་ཐུབ་པས་མཐར་ཕྲུ་གུ་གདོང་མདོག་སེར་ཞིང་ཤ་རེད་པ་དང་།གྲུང་ཤ་མེད་པར་ཁམས་ཉོབ་པོ་ཆགས་ཀྱི་ཡོད།
༥མངར་ཟས་སྟེར་དྲགས་པ།མངར་མོའི་རིགས་རུལ་རྩི་དང་སྐྱུར་རྩིར་འགྱུར་སླ་ཤོས་ཡིན་པས་ཕྲུ་གུའི་སོ་རུལ་གྱི་ནད་སྔོན་འགོག་བྱེད་ཆེད་ཕྲུ་གུར་མངར་ཟས་སྟེར་ཚོད་བྱ་དགོས།ལྷག་དོན་དགོང་མོ་གཉིད་ཉལ་ཁར་མངར་ཆ་སྟེར་རྒྱུ་མེད།
༦བཟའ་བཅའི་ནང་ཚྭ་མང་དྲགས་པ།ཕྲུ་གུའི་བཟའ་བཅའི་ནང་ཚྭ་མང་དྲགས་ན་གནོད་པ་ལས་ཕན་ཐོགས་མེད།ཚྭ་མང་དྲགས་པའི་རྐྱེན་གྱིས་རྗེས་སུ་ཕྲུ་གུར་ཁྲག་ཤེད་མཐོ་བའི་ནད་ཕོག་གི་ཡོད།
༧ཕྲུ་གུའི་བཟའ་བཅའི་ནང་ཚོས་རྒྱུ་དང་རུལ་སུངས་འགོག་རྫས་རིགས་བླུགས་རྒྱུ་མེད་པ་དང་།ཁྱིམ་བདག་གིས་ཕྲུ་གུར་ཕོག་ཐུག་རང་བཞིན་དང་།འཇིགས་སྣང་རང་བཞིན་གྱི་ནང་དོན་ལྡན་པའི་སྒྲུང་ཤོད་རྒྱུ་ཡིན། ༨ལག་པས་མིག་འཕུར་བ།རྫས་འགྱུར་བརྟག་དཔྱད་བྱས་པར་གཞིགས་ན།ལག་པ་གཅིག་གི་སྟེང་དུ་འབུ་ཕྲ་ཁྲི་བཞི་བཅུ་ཙམ་ཡོད་པ་རེད།གལ་ཏེ་ཕྲུ་གུས་རྟག་ཏུ་ལག་པས་མིག་འཕུར་འཕུར་བྱས་ན་མིག་ལ་གནོད་ཀྱི་ཡོད།
༩མགོ་བོ་བཏུམས་ནས་གཉིད་ཉལ་བ།ཕྲུ་གུས་གཉིད་ཉལ་སྐབས་མགོ་བཏུམས་བརྒྱབ་ན་ལུས་པོ་འཚར་ལོངས་ཡོང་རྒྱུར་གནོད་ཀྱི་ཡོད།
  • ལེ་ཚན་སྔོན་མ།:ཕྲུ་གུ་དམར་འབྱར་ཉལ་སའི་གློག་མཚན་མོར་བསད་ན་འཚམས་པ།
  • ལེ་ཚན་རྗེས་མ།:བགད་ན་བཟང་ཆ་བཅུ་ཡོད།
  • དོ་སྣང་ཆེ་བའི་རྩོམ།