ནང་བསྟན་ལ་གསར་རྙིང་བྱུང་ཚུལ།

        2010-12-16

སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་ནས་ལོ་ཤས་བཞུགས་རིང་རྒྱལ་པོ་དང་བློན་པོ་སོགས་ཁག་གཅིག་ལ་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ནས་ཐོག་མར་དར་སྤེལ་བཏང་བ་དེས་གསང་སྔགས་རྙིང་མ་ཟེར།ཆོས་ལུགས་དེར་གསང་སྔགས་རྙིང་མ་ཟེར་དགོས་དོན་ནི་དུས་རབས་བཅུ་པའི་མཇུག་ཏུ་བོད་ལ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་སྐབས་མངའ་རིས་ལོ་ཙྰ་བ་རིན་ཆེན་བཟང་པོས་རྒྱ་གར་ནས་གསང་སྔགས་ཀྱི་ཆོས་གསར་པ་མང་པོ་བོད་སྐད་ལ་བསྒྱུར་ཏེ་དར་སྤེལ་བཏང་བ་དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་དེའི་གོང་གི་གསང་སྔགས་རྙིང་མ་ཟེར་བའི་མིང་བཏགས་པ་དང་གསར་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་གསར་མ་ཟེར་བ་ཡིན་ནོ།
  • ལེ་ཚན་སྔོན་མ།:དྲིལ་ལྡན་ཆུ་ཚོད་ཀྱི་ཐལ་རྡུལ་འཕྱིད་ཐབས།
  • ལེ་ཚན་རྗེས་མ།:ཕྲུ་གུ་དམར་འབྱར་ཁ་སྦུབ་བསློགས་ནས་བསྙལ་རྒྱུ་མེད།
  • དོ་སྣང་ཆེ་བའི་རྩོམ།