མགོ་ལོག་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་འགའ་མཚམས་སྦྱོར།

སྟག་ལྷ་རྒྱལ་གྱིས་བསྡུ་སྒྲིག་བྱས།        2013-11-04

མགོ་ལོག་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་འགའ་མཚམས་སྦྱོར།
 

ཨ་མྱེས་རྨ་ཆེན་གྱི་ལྷ་སྒྲུང་།ཨ་མྱེས་རྨ་ཆེན་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཁོངས་སུ་གནས་ཤིང་།མཐོ་ཚད་མཚོ་ངོས་ལས་སྨི༦༢༨༢ཡོད།བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དང་རྗེའི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན།བོད་ཁ་བ་ཅན་གྱི་བླ་རི་དང་བན་བོན་གཉིས་ཀྱི་སྲུང་མ།ས་བཅུ་བ་ཐོབ་པའི་སངས་རྒྱས་ཞེས་སུ་འབོད་ལ།ད་ལྟ་རྒྱལ་ཁབ་ཀྱིAརིམ་པ་བཞི་བའི་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་ཡིན།ཨ་མྱེས་རྨ་ཆེན་ནི་རྩེ་མོ་མང་ལ་དུས་བཞིར་གངས་ཀྱིས་གཡོགས་པ།མིང་ལའང་རྨ་རྒྱལ་སྦོམ་ར་དང་།རྨ་རི་རམ་འབྱམས།རྨ་གཡང་རྡོ་རྗེ་བྲག་སོགས་སུ་འབོད་ཅིང་།སྔ་རབས་ཀྱི་སྐྱེས་ཆེན་མང་པོའི་གཟིགས་ངོར་དཔལ་འཁོར་ལོ་སྡོམ་པའི་གནས་སུ་མངོན་པ།དཔལ་རི་པདྨ་འོད་དང་གནས་མཆོག་ལྕང་ལོ་ཅན་དང་ཆ་འདྲ་བའི་གནས་ཁྱད་པར་བ་ཞིག་ཏུ་འཛིན།རྨ་ཆེན་ལ་རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་རྨ་འཁོར་སྟོང་དང་ལྔ་བརྒྱ་ཡོད་པར་གྲགས་པས།ཡབ་ཆེན་བསེ་རི་ངང་ཡག་དང་།མ་ཡུམ་རྡོ་རྗེ་དྲག་རྒྱལ།བཙུན་མོ་གོང་སྨན་ལྷ་རི།ནུ་བོ་དགྲ་འདུལ་དབང་ཕྱུག བློན་པོ་དགེ་ཐུང་བྲག་དཀར།གཉེར་བ་མགྲོན་དགྱེས་ཞལ་དཀར་སོགས་ཁྱིམ་རྒྱུད་ཆེན་པོ་ཞིག་ཡོད་ལ།སྒྲོལ་མ་འབུམ་རྫོང་།རྟ་མཆོག་གོང་ཁ།རྨ་གཡས་ཀྱི་མཆོད་རྟེན་དཀར་པོ།གོ་མཚོན་རྡོ་རྗེ་བྲག་སོགས་གནས་ཁྱད་པར་ཅན་མང་པོ་ཡོད་པས།རེ་རེ་ལའང་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་གཏམ་རྒྱུད་མང་པོ་ཡོད།ད་ལྟ་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་བཞག་གི་སྡེ་ཚན་ཁྲོད་བཞག་ཡོད།
 

  • ལེ་ཚན་སྔོན་མ།:མགོ་ལོག་ཁུལ་གྱི་རྒྱལ་ཁབ་རིམ་པའིགཟུགས་མེད་རིག་གནས་ཤུལ་བཞག་འགའ་མཚམས་སྦྱོར།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་འགའ་མཚམས་སྦྱོར།
  • དོ་སྣང་ཆེ་བའི་རྩོམ།