བདེ་ཐང་བྱ་སྤྱོད་ཐད་ཀྱི་མཁོ་བ་དྲུག་དང་མི་མཁོ་བ་དྲུག

སྒྲོལ་མ་སྐྱིད།        2013-07-03

ཉེ་བའི་ལོ་འགའི་རིང་ལ།  རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པའི་འཕྲོད་བསྟེན་བདེ་སྲུང་བྱ་བར་སྔར་ལས་དོ་སྣང་དང་མཐོང་ཆེན་བྱས་ཏེ།  རྒྱལ་ཡོངས་ཀྱི་ཞིང་བ་དུང་ཕྱུར་ཁ་ཤས་ཀྱི་བདེ་ཐང་ལ་ཡར་སྐུལ་གཏོང་བའི་བྱ་འགུལ་ཁྲོད།  མི་རང་ཉིད་ཀྱི་བདེ་ཐང་བྱ་སྤྱོད་ལ་དམིགས་ནས།  མཁོ་བ་དྲུག་དང་མི་མཁོ་བ་དྲུག་བཏོན་པ་དང་།  མང་ཚོགས་ཀྱི་བདེ་ཐང་བྱ་སྤྱོད་ལ་དམིགས་ནས།  བླང་བྱ་བཅུ་བཏོན་ཡོད།  མི་རང་ཉིད་ཀྱི་བདེ་ཐང་བྱ་སྤྱོད་ཐད་ཀྱི་མཁོ་བ་དྲུག་ནི།  རྒྱུན་དུ་ལུས་པོ་བཀྲུ་བ་དང་།  སེན་མོ་འབྲེག་པ།  སྐྲ་བཞར་བ་དང་མགོ་བཀྲུ་བ།  རྒྱུན་དུ་ཁ་ལག་བཀྲུ་བ་དང་མི་གཅིག་ལ་ལག་ཕྱིས་གཅིག་རེ་ཡོད་པ།  ཉིན་རེར་སོ་བཀྲུ་བ་དང་མི་རེར་སོ་འཁྲུད་ཆས་གཅིག་རེ་ཡོད་པ།  ཉལ་གདན་ཉི་མར་གཡེང་བ་དང་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་རླུང་རྒྱུ་བར་བྱེད་དགོས་བ་བཅས་ཡིན།  མི་མཁོ་བ་དྲུག་ནི་ཆང་མང་པོ་མི་འཐུང་བ་དང་དུ་བ་མི་འཐེན་པ།  ཆུ་འཁྱག་མི་འཐུང་བ། གང་སར་ཁ་ལུད་མི་འཕེན་པ།  གང་སར་གཅིག་སྐྱག་མི་གཏོང་བ།  གང་སར་གད་སྙིགས་མི་འཕེན་པ་བཅས་ཡིན། 

བདེ་ཐང་བྱ་སྤྱོད་ཐད་ཀྱི་མཁོ་བ་དྲུག་དང་མི་མཁོ་བ་དྲུག

མང་ཚོགས་ཀྱི་བདེ་ཐང་བྱ་སྤྱོད་ཐད་བཏོན་པའི་བླང་བྱ་བཅུ་ནི།  སྒོ་ཕྱུགས་ར་ནང་དུ་གསོ་བ་དང་།  ལྷས་ར་ནང་གི་འབུད་ཤིང་སོགས་དངོས་རྫས་གྲ་དག་བྱས་ནས་འཇོག་པ།  ཁང་བའི་ནང་རླུང་རྒྱུ་ཞིང་གྲ་དག་ཡིན་པ།  ཉལ་གོས་དང་ཉལ་ལྡན་གཙང་མ་ཡིན་པ།  ཆུ་གཙང་མ་བཀོལ་སྤྱོད་དང་ཆུ་གསོག་པའི་སྣོད་གཙང་མ་ཡིན་པ། ཐབ་ཚང་གི་སྣོད་ཅ་ལག་གཙང་མ་ཡིན་པ་དང་དུས་བཅད་ལྟར་དུག་སེལ་བྱེད་པ།  ཁྱིམ་དུ་སྦྲང་ནག་དང་བྱི་བ་འགོག་པའི་སྒྲིག་ཆས་ཡོད་པ།  རྫས་འགྱུར་ལུད་རྫས་དང་འབྲུ་རིགས་སོ་སོར་བཀར་ནས་འཇོག་པ། འཕྲོད་བསྟེན་སྤྱོད་ཁང་ཡོད་པ།  ཚོད་གྲི་དང་ཤ་སྟན་གཙང་མ་ཡིན་ཞིང་ཟས་རྗེན་པ་དང་བཙོས་མ་བཀར་ནས་འཇོག་པ།  རང་ཁྱིམ་དུ་ཉེར་མཁོའི་སྨན་རྫས་ཡོད་པར་བྱེད་པ་བཅས་ཡིན།   བདེ་ཐང་ནི་མིའི་རིགས་དུས་གཏན་གྱི་འཚོལ་སྙེགས་ཡིན་པས།  ནམ་རྒྱུན་གྱི་འཚོ་བའི་ཁྲོད་མི་སུ་ཡིན་རུང་གོང་གི་བདེ་ཐང་ལ་ཕན་པའི་བྱ་སྤྱོད་དག་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ།  སྔར་ལས་བཟང་བའི་བདེ་ཐང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ་འཚོ་བ་རོལ་ན་རང་གི་བདེ་ཐང་སྲུང་སྐྱོབ་བཟང་བོ་བྱེད་ཐུབ། 

  • ལེ་ཚན་སྔོན་མ།:ཁྱིམ་ཆས་ཉོ་སྐབས་མཉམ་འཇོག་དགོས་ས་འགའ།
  • ལེ་ཚན་རྗེས་མ།:ཆུ་ཡིས་སྨན་བཅོས་བྱེད་ཐབས་འགའ །
  • དོ་སྣང་ཆེ་བའི་རྩོམ།