གཏེར་སྒྲུང་ཇི་ལྟར་བྱུང་ཚུལ།

ཚེ་རིང་དབང་རྒྱལ་ནས།        2010-11-16

གཏེར་སྒྲུང་ཞེས་པ་ལ་དངོས་གཏེར་དང་དགོངས་གཏེར་ཏེ་རིགས་གཉིས་ཡོད་པ་ལས་དངོས་གཏེར་གྱི་རིགས་ནི།ལོའི་འཁོར་ལོ་བརྒྱ་ཕྲག་དུ་མ་འདས་པའི་སྔོན་རོལ་ན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་དང་སྒྲུང་ཐང་ལ་སོགས་འགངས་ཆེན་གྱི་རིགས་ཐམས་ཅད་བློ་གྲོས་ཅན་འགས་ཉམས་པ་དང་རྒྱུན་ཆད་པ་ལ་དོགས་ནས་བྲག་ཁུང་བཙན་པོའི་ནང་དུ་སྦས་ཏེ་མེ་ཆུ་གང་གིས་ཀྱང་བརླག་པར་མི་འགྱུར་བ་བྱས་པའི་དངོས་པོའི་གཏེར་རྣམས།ཕྱིས་སུ་དད་ལྡན་བསོད་ནམས་ཆེ་བའམ་ལས་འཕྲོ་ཅན་གྱིས་མིས་རྙེད་ཕྱིར་འདོན་ནས་བཤད་མཁན་གྱི་སྒྲུང་པའི་རིགས་ལ་ངོས་འཛིན་དགོས་པ་རེད། དེ་ལས་དགོངས་གཏེར་གྱི་རིགས་ནི་ཡུལ་དང་དུས་ལ་བསྟུན་ནས་པད་མའི་རྣམ་འཕྲུལ་མིའི་རྣམ་རོལ་དུ་བྱོན་པའི་སྐྱེས་ཆེན་དམ་པ་རེ་འགའ་ཙམ་མལ་དགོངས་པ་རང་ཤར་དུ་བྱུང་བའི་གཏེར་ཆོས་རྫོགས་པ་མེད་པར་ཕབ་རྒྱུ་ཡོད་པའི་གྲས་རྣམས་སྐབས་འགར་དག་སྣང་གི་ངོར་སྔོན་གནས་རྗེས་སུ་དྲན་ཏེ་གླིང་རྗེ་མཆོག་དང་དགོངས་ཀློང་རོ་གཅིག་ཏུ་གྱུར་ནས་སྐབས་དེ་དུས་བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་མཛད་ཚུལ་རྣམས་ཐོལ་བྱུང་དུ་བབས་ཏེ་ཕབ་པའི་སྒྲུང་དཔེ་ཁག་ལ་ཟེར་དགོས་པ་སྣང་བས་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
  • ལེ་ཚན་སྔོན་མ།:འབབ་སྒྲུང་ཇི་ལྟར་བྱུང་ཚུལ།
  • ལེ་ཚན་རྗེས་མ།:བརྒྱད་སྒྲུང་ཇི་ལྟར་བྱུང་ཚུལ།