ཁ་སྤུ་བཞར་བ་ལས་འབལ་མི་རུང་།

        2010-04-28

ཕོ་གཞོན་མི་ཉུང་བ་ཞིག་གིས་ཁ་སྤུ་བཞར་ན་སྐྱེས་པ་དེ་བས་སྟུག་ཅིང་མྱུར་བས།ཁ་སྤུ་བལ་ན་སེམས་སྡུག་དེ་མེད་པར་སྙམ་ནས།ཁོ་ཚོས་ཁ་སྤུ་འབལ་བ་ལས་མི་བཞར་བ་རེད།
ཁ་སྤུའི་མང་ཉུང་དང་སྐྱེས་ཚད་དལ་མགྱོགས་དེ།ཕོ་རྩིརའབྲེལ་བ་ཡོད་པ་ལས་གཞན་ད་དུང་སྐྱེད་ལྡན་ཕུང་པོའི་བར་གྱི་ཁྱད་པར་དང་རིགས་རྒྱུན་ཀྱི་དམིགས་བསལ་རང་བཞིན་བཅས་ལ་འབྲེལ་བ་ངེས་ཅན་ཡོད།དུས་མཚུངས་སུ།ཁ་སྤུ་ལང་ཚོ་དར་དུས་སྐྱེས་ཚད་ཆེས་མྱུར་ཞིང་ལོ་ལོན་ཚེ་ཆེས་དལ་བ་དང་།དབྱར་ཁ་དགུན་ཁ་ལས་སྐྱེས་མྱུར་ཞིང་ཉིན་མོ་མཚན་མོ་ལས་སྐྱེས་མྱུར་བ།ཁ་སྤུ་སྐྱེས་ཀྱིན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་དག་ལ་མཚོན་ན་གཟུགས་གཞིའི་རྒྱུ་རྐྱེན་ཁོ་ན་ཡིན་པ་ལས་ཁ་སྤུ་བཞར་བ་ལ་ཐད་ཀར་གྱི་འབྲེལ་བ་མེད།
ཁ་སྤུ་འབལ་བ་དེ་ཁ་སྤུ་བཞར་བར་མི་འདྲ་སྟེ།ཁ་སྤུ་འབལ་ན་པགས་པའི་རྒྱུན་ལྡན་གྱི་ཆགས་ཚུལ་གཏོར་བརླག་བྱེད་པ་དང་།ཁ་སྤུའི་བུ་ག་དང་པགས་ཚིལ་གཤེར་རྨེན་ལ་གནོད་བསྐྱེད་པ་ཡང་ན་པགས་སྤུའི་བུ་གར་ཚ་རྒྱས་པ་དང་།པགས་ཚིལ་གཤེར་རྨེན་གྱི་གཉན་ཚད་རྒྱས་པ་སོགས་ཡིན་ཞིང་།ལྗིད་ན་ཉེན་ཁ་ཆེ་བའི་ནད་ཀྱང་འབྱུང་བས།ན་གཞོན་གྲོགས་པོ་ཚོས་ཁ་སྤུ་སྐྱེས་ན་འབལ་བ་ལས་བཞར་ན་ལེགས་སོ།
  • ལེ་ཚན་སྔོན་མ།:བུད་མེད་དང་ཕྲུ་གུའི་ལུས་ཁམས་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་རྒྱུའི་ཞིབ་ཕྲའི་དམིགས་ཚད་དྲུག
  • ལེ་ཚན་རྗེས་མ།: ཕོ་བ་ན་བའི་གསོ་ཐབས་སྟབས་བདེ་ཞིག
  • དོ་སྣང་ཆེ་བའི་རྩོམ།