མདོ་གླིང་ཁམས་གསུམ་དུ་བྱེ་བའི་བར་གླིང་ཁམས་

འཇུ་དགོན་སྤྲུལ།    གླིང་གེ་སར་རིག་གནས་དྲ་བ།    2012-01-03

བར་གླིང་ཁམས་ཀྱི་ཡུལ་གྲུ་ནི། ཆེས་རྙིང་མའི་སྒྲུང་དཔེ་ཧོར་གླིང་གཡུལ་འགྱེད་ལས། རྨ་ཆུ་འདི་ལ་ཁུག་གསུམ་ཡོད། དང་པོ་གླིང་རུའི་ས་སྐལ་ལ།ཞེས་འཁོད་ཡོད་པ་བཞིན།ཤར་ཕྱོགས་སུ་རྨ་ཁུག་དང་པོ་མཛོད་དགེ་ཡར་བཅད་དང་། ལྷོ་ཕྱོགས་ཀྱི་གོ་འཇོ་ཚུར་བཅད། ནུབ་ཕྱོགས་ཀྱི་འབྲི་ཆུའི་ཆུ་དམར་རབ་བདུན་མན་ཆད། བྱང་ཕྱོགས་ཀྱི་ཨ་མྱེ་འཁོར་གྱི་རྫ་རྒྱུད་དམ་ཐོག་ལའི་ལ་རྒྱུད་ཚུར་བཅད་ལ་བར་གླིང་ཁམས་ཀྱི་ཡུལ་གྲུར་འབོད་ཅིང་། ཕྱིས་སུ་གླིང་རྗེ་གེ་སར་གྱི་སྐུ་དུས་སུ་ཕྱོགས་བཞིར་རྒྱ་བསྐྱེད་མཛད་ནས་ཕལ་ཆེར་བོད་ཡུལ་ཧྲིལ་བོར་ལུང་འབེབས་པ་བྱུང་བར་མཁས་དབང་དམུ་དགེ་བསམ་གཏན་གྱིས་གསུངས་པ་བཞིན་ཡིན་ལ། ཕྱིས་སུ་གདུང་རྒྱུད་ཕྱི་མ་དག་གི་དུས་སུ་མངའ་ཐང་རིམ་གྱི་བྲི་ནས་དུས་རབས་བཅོ་བརྒྱད་ཡས་མས་སུ་ད་ལྟའི་སྡེ་དགེའི་མངའ་ཁོངས་ཙམ་ལ་དབང་བསྒྱུར་བ་ཕྱིའི་རིམ་གྱིས་སྡེ་རྣམས་གཞན་ལ་ཤོར་ཞིང་དུས་རབས་ཉི་ཤུ་བའི་ནང་ལྡན་སྨད་ཀྱི་གྲོང་ཚོ་ཁ་ཤས་དང་བྱང་བ་ཁག་གསུམ་ཙམ་ལུས་ཡོད་པ་དེ་ཡང་ང་བརྒྱད་ལོའི་དུས་འགྱུར་སྐབས་རྒྱལ་པོ་ཡུམ་སྲས་རྒྱ་གར་དུ་བྲོས་བྱོལ་གྱིས་སོང་ཞིང་མི་རྒྱུད་ཙམ་ད་དུང་ཡང་ཡོད་པ་ཡིན་ནོ།
  • ལེ་ཚན་སྔོན་མ།:གླིང་སྒྲུང་ལས་སྤྲུལ་སྒྱུར་གྱི་སྐོར་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:གེ་སར་སྒྲུང་དང་སྔོན་དཔག་རིག་པ། ༡
  • དོ་སྣང་ཆེ་བའི་རྩོམ།