མོན་གླིང་གཡུལ་འགྱེད།

        2010-08-25

འདི་ནི་གེ་སར་རྒྱལ་པོས་ཕྱོགས་བཞིའི་རྒྱལ་ཁམས་བཏུལ་བའི་ལོ་རྒྱུས་ནང་གི་གཅིག་རེད།  ཚིགས་ལྷུག་མ་བརྩིས་ན། ཚིགས་བཅད་༩༦༣༥ཡོད་པས་མ་ཚན་པ་ཅུང་ཟད་རིང་པོ་ཞིག་རེད།   གེ་སར་རྒྱལ་པོས་སྔོན་ཆད་གླིང་གི་དཔའ་བོ་བསད་པ་ལ་འཁོན་ལེན་པའི་ཆེད་དུ། ས་སྟེང་ལྷ་ཡིས་གེ་སར་གྱི་རྨི་ལམ་ལ་རྒྱུ་ནོར་དང་བུད་མེད་ལ་ཆགས་པ་ཆེ་བའི་ཨ་ཁུ་ཁྲོ་ཐུང་ནས་མོན་མ་ཆུང་མ་བསླངས་ཀྱང་མ་བྱིན་པ་ན། རྒྱལ་ཁམས་གཉིས་ཀྱི་བར་ལ་འཐབ་འཁྲུག་བྱུང་རྗེས་སུ། མོན་ཤིང་ཁྲི་རྒྱལ་པོ་འཇའ་འོད་ཀྱིས་སྐས་ལ་འཛེགས་ནས་བྲོས་པར་མ་ཟད། ལོ་གསུམ་གྱི་རྗེས་སུ་སླར་ཡང་འཁོན་ལན་སློག་རྒྱུ་ཡིན་ཞེས་ལབ་འུར་བརྒྱབ་པ་ན། གེ་སར་རྒྱལ་པོས་མདའ་འཕངས་ཏེ་འོད་ཀྱི་སྐས་གཏོར། ཤིང་ཁྲི་བར་སྣང་ནས་ས་ལ་གཡུག་པའི་ཚེ་གླིང་དམག་གིས་དེིའ་མེམ་པོ་མེ་ལ་བསྲེགས། སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་མགོ་བཏགས་པར་མ་ཟད་འབྲས་རྫོང་གི་སྒོ་ཕྱེ། གླིང་དམག་གིས་འབྲས་བླངས་ནས་རྒྱལ་ཁའི་ངང་ནས་ཕྱིར་རང་ཡུལ་ལ་ལོག་གོ།
  • ལེ་ཚན་སྔོན་མ།:ཟབ་གསང་གཏེར་གྱི་ཀློང་མཛོད་ལས་སྤྱན་དྲངས་བའི་གླིང་རྗེ་གེ་སར།
  • ལེ་ཚན་རྗེས་མ།:སུམ་པ་མཛོ་རྫོང་།