སུམ་པ་མཛོ་རྫོང་།

        2010-08-25

  སྒྲུང་ཡིག་འདིའི་ཚིགས་ལྷུག་མ་བརྩིས་ན་ཚིགས་བཅད་༣༠༡༥ཡོད། ནང་དོན་ནི་སུམ་པ་རྒྱལ་ཁབ་ཀྱི་རྒྱལ་པོ་ལ་མཛེས་ཤིང་ཡིད་འཕྲོག་པའི་བུ་མོ་ཞིག་ཡོད་པ་དེ་ཁྲོ་ཐུང་གིས་རྫུ་འཕྲུལ་གྱིས་ཁྱེར་བར། སུམ་པའི་བློན་པོ་དང་དམག་གིས་བདས་ནས་ཁྲོ་ཐུང་བཟུང་། ལམ་དུ་གྲུ་གུ་བརྒྱུད་སྐབས་གླིང་བློན་ཆོས་འགྲུབ་ཀྱིས་འཕྲོག་པ་རེད། རྗེས་ནས་སུམ་པའི་དམག་གིས་གླིང་གི་མཐའ་མཚམས་སུ་འཁྲུག་པ་བརྒྱབ་སྟེ་ཚོང་རྣམས་བསད། དེའི་ཕྱིར་སུམ་གླིང་བར་ལ་འཐག་འཁྲུག་བྱུང་བས་སུམ་པ་ཕམ་པར་གྱུར། སུམ་པ་རྒྱལ་པོ་བྱ་གསོབ་ལ་བསྡད་ནས་ནམ་མཁར་འཕུར་ཏེ། སུམ་ཡུལ་གྱི་སྤང་སྣ་རྩེ་མོར་བབས་པས་ད་ཅི་དྲག་བསམ་ན། གེ་སར་སུམ་སུམ་ལྷར་སྤྲུལ་ནས་གླིང་ལ་འཐབ་ན་རྒྱལ་ཁ་ལོན་ཅེས་རྫུན་ལུང་བསྟན་པས་བདེན་དུ་བཟུང་སྟེ་བྱ་གསོབ་ཕུད་པ་དང་། གེ་སར་རྒྱལ་པོས་ཞགས་པ་འཕངས་ཏེ་བཟུང་། དེ་ནས་སུམ་པ་རྒྱལ་པོས་གླིང་ལ་མགོ་བཏགས། སུམ་པ་རྒྱལ་པོའི་རོགས་རམ་འོག་ཏུ་གེ་སར་རྒྱལ་པོས་མདའ་འཕངས་ནས་སུམ་པ་མཛོ་རྫོང་གི་བྲག་སྒོ་གཏོར་ཏེ་མཛོ་བྱེ་བ་མང་པོ་ལོན། དེ་ནས་བཟུང་སྟེ་བོད་ལ་མཛོ་ཞེས་བྱ་བའི་སྒོ་ཕྱུགས་འདི་ཡོད་པར་གྱུར།
  • ལེ་ཚན་སྔོན་མ།: མོན་གླིང་གཡུལ་འགྱེད།
  • ལེ་ཚན་རྗེས་མ།:གྲུ་གུའི་གོ་མཛོད།