ནགས་ཚལ་དང་མིའི་རིགས།

དགྲ་འདུལ་གྱིས་བསྒྱུར།        2010-04-27

ནགས་ཚལ་དང་མིའི་རིགས།

གཡུ་མདོག་ཅན་གྱི་ནགས་ཚལ་ནི་སྐྱེ་སྟོབས་ཀྱི་གསོན་ཉམས་ཀྱིས་ཁེངས་ཡོད་ཅིང་། ནགས་ཚལ་གྱི་ཁེབས་གཡོགས་དེས་རླུང་ཁམས་ཆེན་པོ་དང་ཆུའི་ཁོར་ཡུག་གཙང་མ་བཟོ་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་རེད། ནགས་ཚལ་གྱིས་རླན་གཤེར་ཡང་བསྐྱར་འཁོར་སྐྱོད་བྱེད་པར་སྐུལ་འདེད་དང་ས་རྒྱུ་བྱེ་མར་འགྱུར་བ་སྔོན་འགོག  ལུད་ནུས་ཇེ་ཆེར་གཏོང་བ། དབྱང་རླུང་མཁོ་སྤྲོད་བཅས་བྱེད་ཐུབ་ཅིང་། སྐྱེ་ལྡན་ཕུང་པོ་ཡོངས་ཀྱི་ཚེ་སྲོག་འགུལ་སྐྱོད་བྱེད་པར་ཤུགས་རྐྱེན་བཟང་པོ་ཐོན་གྱི་ཡོད་པ་རེད།
  གལ་སྲིད་འཛམ་གླིང་ཐོག་ནགས་ཚལ་མེད་ན། དེའི་ངན་འབྲས་ནི་སྐམ་སའི་ཐོག་སྐྱེ་དངོས་ཀྱི་གྲངས་ཀའི་བརྒྱ་ཆ་དགུ་བཅུ་རྩ་མེད་དུ་འགྲོ་སྲིད་པ་དང་། སྐྱེ་དངོས་ཁྲི་བཞི་བརྒྱ་ལྔ་བཅུ་རྩ་མེད་དུ་འགྲོ་སྲིད་པ། འཛམ་གླིང་ཡོངས་ཀྱི་བརྒྱ་བདུན་ཅུའི་ཚྭ་མེད་ཆུ་ཕན་ཐོགས་མེད་པར་རྒྱ་མཚོ་ཆེན་པོར་འབབ་སྲིད་པ། མིའི་རིགས་ལ་ཆུའི་ཉེན་ཁ་འབྱུང་ཞིང་སྐོེམ་སའི་ཐོག་གི་བརྒྱ་ཆ་དགུ་བཅུའི་སྲོག་ཆགས་དང་སྐྱེ་དངོས་ཆུ་གསོག་ཉར་བྱེད་ཡས་ནགས་ཚལ་མེད་སྟབས་ཐན་པའི་ཉེན་ཁ་ཡོང་ཉེན་ཡོད་པ། ས་གཞི་ཆེན་པོ་བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་འབྱུང་བ། ས་ཁུལ་མང་པོར་རླུང་ཤུགས་བརྒྱ་ཆ་དྲུག་ཅུ་བར་ཇེ་ཆེར་ཕྱིན་ནས་མི་གྲངས་དུང་ཕྱུར་མང་པོ་རླུང་སྐྱོན་ཀྱིས་རྩ་མེད་གཏོང་སྲིད་པ། ས་ཁུལ་མང་པོར་ཆུའི་གནོད་འཚེ་འབྱུང་ཞིང་ས་ཞིང་དང་གྲོང་ཁྱེར་མང་པོ་ཆུས་སྣུབ་པ། མིའི་རིགས་ཀྱིས་ཤིང་ཆ་དང་ཞིང་ཞོར་ཐོན་རྫས་བཅས་རག་ཐབས་མེད་པས། དཔལ་འབྱོར་འཚོ་བའི་ཐད་དཀའ་ངལ་ཆེན་པོ་ཐུག་སྲིད་པ་རེད། དེའི་ཐོག་མཁའ་རླུང་སྦགས་བཙོག་ཏུ་གྱུར་པ་དང་སྒྲ་འཛེར་གྱི་ཅ་ཅོ་ཁེངས་པ། ཉི་འོད་འཕྲོ་ཤུགས་ཇེ་ཆེར་འགྲོ་བ་བཅས་བྱུང་ནས་མིའི་རིགས་འཚོ་ཐབས་བྲལ་སྲིད་རྒྱུ་རེད། 
   ནགས་ཚལ་སྲུང་སྐྱོང་བྱེད་རྒྱུ་ནི་སྤྱི་དམངས་ཚང་མས་སྒྲུབ་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་ཡིན་པ་དང་། ནགས་ཚལ་སྲུང་སྐྱོང་བྱེད་པ་དེ་མིའི་རིགས་རང་ཉིད་སྲུང་སྐྱོང་བྱེད་པ་ནང་བཞིན་ཡིན་པ་རེད།
 
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:མཚོ་བོད་མཐོ་སྒང་གི་སྔོ་སྨན་རྐོ་འཐུ་མཛད་མཁན་ཚོར་ཞུ་བ།