མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

མཁས་གྲུབ་ནོར་བུས་པར་བླངས།        2018-11-02

མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

    བརྗིད་ཆགས་ཧི་མ་ལ་ཡའི་མུ་ཁྱུད་ལྷུན་པོའི་ཁྲོད་ན་ངོ་མཚར་དཔོག་དཀའ་བའི་གནས་ཤིག་ཏུ། མཛེས་སྡུག་ཡིད་དབང་འཕྲོག་པའི་ལྷ་མཚོ་ཞིག་ཡོད་པ་དེ་ནི་སྙན་གྲགས་ཀུན་ཏུ་ཁྱབ་པའི་ཡར་འབྲོག་གཡུ་མཚོ་ཞེས་པ་དེ་ཡིན།

མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

    དེ་ཡང་ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་ཤིང་། ལྷ་ས་གྲོང་ཁྱེར་དང་སྤྱི་ལེ100ཙམ་རྒྱང་ཞིང་། མཚོ་ངོས་ཀྱི་མཐོ་ཚད་སྨི4400ལྷག་ཡོད་པ་རེད།ཡར་འབྲོག་གཡུ་མཚོ་ནི་བོད་ཀྱི་མཚོ་ཆེན་བཞིའི་ཡ་གྱལ་ཏུ་གྲགས་ལ། རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་ཅིང་ཡིད་སེམས་དབང་མེད་དུ་འཕྲོག་པས། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་དུ་ཡོང་བཞིན་ཡོད། གཡུ་མཚོའི་བཟོ་དབྱིབས་ནི་འཇིགས་སུ་རུང་བའི་འབུ་སྲིན་སྡིག་པ་ར་ཙ་དང་འདྲ་ལ། ལྷོ་ཞེང་ཆེ་ལ་བྱང་ངོས་གུ་དོག་པ་དང་མཚོ་རྒྱུད་དུ་མཚོ་ལོག་སྡོམ་གྱི་ལུག་ལག་བརྐྱངས་པ་ལྟར་ཆགས། མཚོའི་དཀྱིལ་དུ་གླིང་ཕྲན21ཡོད་པའི་ནང་གླིང་ཕྲན་གསུམ་གྱི་སྟེང་དགོན་པ་ཡོད་པ་དང་། གླིང་ཕྲན་གཉིས་ཀྱི་སྟེང་ཁག་སོ་སོར་ཡུལ་མི་དུད་ཚང་བཅུ་གྲངས་རེ་གནས་ཤིང་། དེ་མིན་གྱི་གླིང་ཕྲན་ནི་མི་མེད་བྱ་ཡི་གླིང་ཕྲན་ཡིན་པ་དང་། གླིང་ཕྲན་དེ་ཚོའི་ཐོག་བྱ་རིགས་སྣ་ཁ་འཛོམས་ཤིང་། བྱ་གྲངས་ཧ་ལས་དགོས་པ་མང་པོ་ཡོད་སྟབས་དཔྱིད་ཀ་གླིང་ཕྲན་ཐོག་བསྐྱོད་ཚེ་བྱ་ཡིས་ནམ་མཁའ་བསྒྲིབས་པ་དང་། སྒོ་ངས་རྐང་པ་འཛུགས་ས་མེད་པས་དེར་བྱ་ཡི་འཇིག་རྟེན་དང་། སྒོ་ངའི་རྒྱ་མཚོ་ཞེས་ཟེར་བ་དང་། ད་དུང་གླིང་ཕྲན་དེ་དག་གི་ཐོག་རང་བྱུང་ཉི་གདུགས་ལྟ་བུའི་ཤུག་པ་སོགས་ཤིང་རིགས་དང་སྒྱུ་རྩལ་མཁས་པས་ཆེད་དུ་བཟོས་པ་ལྟ་བུའི་ཕ་བོང་ངོ་མཚར་ཅན་མང་པོ་ཡོད།

མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

    མཚོ་འདིའི་མིང་ལ་ཡར་འབྲོག་གཡུ་མཚོ་ཞེས་ཟེར་བའི་ཡར་འབྲོག་ནི་མཚོ་གནས་ཡུལ་ས་ཆའི་མིང་ཡིན་པ་དང་། གཡུ་མཚོ་ནི་མཚོ་མདངས་རིན་ཆེན་གཡུ་ལྟར་སྔོ་བས་སམ་ཡང་ན་མཚོ་འདི་རིན་ཆེན་གཡུ་ལྟར་རིན་ཐང་བྲལ་བའི་གནས་མཚོ་རྩ་ཆེན་ཞིག་ཡིན་པས་དེ་ལྟར་བརྗོད། མཚོ་འདིའི་ནང་ཉ་རིགས་ཧ་ཅང་མང་བས་གལ་ཏེ་མཚོ་ཆུ་གཙང་འཐེན་བྱས་ན་ཉ་ཡིས་མཚོ་མཐིལ་མཐུག་ཚད་སྤྱི་ཁྲེ2ཙམ་ཟིན་ཐུབ་ལ། མཚོ་ལག་ནང་དུ་སྦར་ཉུལ་བྱས་ནའང་ཉ་འཛིན་ཐུབ་པ་ནི་ཁྱེད་ཀྱིས་དངོས་སུ་གཟིགས་ན་གཞི་ནས་ཡིད་ཆེས་ཐུབ། ད་དུང་མཚོ་འདིའི་ནང་ལ་འགྲོན་བུའི་རིགས་དང་། སྦལ་པའི་རིགས། གཞན་ཡང་མིང་མི་ཤེས་པའི་སྲོག་ཆགས་ཆུང་འབྲིང་མང་པོ་ཡོད་པ་མ་ཟད་ཡ་མཚན་ཅན་གྱི་གཅན་གཟན་དང་། མཚོ་རྟ་མཚོ་གླང་སོགས་ཡོད་པའི་ཤོད་སྲོལ་ཀུན་ཏུ་ཁྱབ།

མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

    དེ་བཞིན་ཡར་འབྲོག་གཡུ་མཚོའི་ཉེ་འཁོར་དུ་ཅུང་ཆེ་བའི་མཚོའམ་མཚེའུ་ལྔ་ཡོད་པའི་ནང་ནས་ཆེ་ཤོས་ཕུ་མ་གཡུ་མཚོ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ284ཡོད་པ་དང་ཆུང་ཤོས་གྲེམས་མཚོ་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ38ལས་མེད་ཅིང་། ད་དུང་མཚོའི་གཡས་གཡོན་དུ་སྐར་མ་གླིང(དཀར་མོ)རྩྭ་ཐང་དང་། སྦ་ཆོད་རྩྭ་ཐང་། གནམ་རྒྱ་རྩྭ་ཐང་སོགས་མུའུ་ཁྲི་བརྒལ་བའི་གྲགས་ཅན་རྩྭ་ཐང་གཅིག་ལས་གཅིག་ཆེ་བ་དང་། གཅིག་ལས་གཅིག་མཛེས་པ་ཡོད་པ་དེ་དག་གི་ཐོག་ཕྱུགས་རིགས་ནམ་མཁའི་སྐར་ཚོགས་ལྟར་མང་ཞིང་། མེ་ཏོག་མིག་གི་བདུད་རྩི་ལྟར་མཛེས་པ། ད་དུང་རྩ་ཆེའི་སྲོག་ཆགས་རྐྱང་དང་། གཉན། གཟིག་སོགས་དང་། དེ་མིན་ཆུང་གྲས་གཡི་དང་། སྤྱང་ཀི། གླ་བ། དགོ་བ། ཕྱི་བ། ཁྲུང་ཁྲུང་། ངང་པ་སོགས་རང་བྱུང་སྲོག་ཆགས་ཀྱི་ར་བ་ཞིག་ལྷུན་གྱིས་གྲུབ་ཡོད།

མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།
མཛེས་སྡུག་ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོ།

    མདོར་ན་ཡར་འབྲོག་གཡུ་མཚོ་ནི་བོད་ཀྱི་གྲགས་ཅན་མཚོ་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ནི་ཆེས་ངོ་མཚར་ལྡན་ཞིང་། ཡ་མཚན་དཔོག་དཀའ་བ་ཞིག་སྟེ། དེར་རི་བོའི་ཁྲོད་དུ་མཚོ་དང་། མཚོའི་དཀྱིལ་དུ་གླིང་ཕྲན། གླིང་ཕྲན་ཐོག་ཏུ་དགོན་སྡེ། ཕྱོགས་མཚམས་ཀུན་ཏུ་རྩྭ་ཐང་དང་མེ་ཏོག  ཆུ་མིག་བྱ་རིགས། རི་དྭགས་སོགས་ཀྱིས་ཁེངས་ཡོད་པས་དེ་ནི་ས་མཐོའི་མཚེའུ་དང་། གངས་རི། གླིང་ཕྲན། འབྲོག་ར། ཆུ་ཚན། རི་སྐྱེས་སྲོག་ཆགས། དགོན་སྡེ་སོགས་ཡུལ་ལྗོངས་མང་པོ་གཅིག་ཏུ་འབྲེལ་བའི་རང་བྱུང་གི་མཛེས་ལྗོངས་ཁྱད་པར་ཅན་ཞིག་ཡིན།།


  • ལེ་ཚན་སྔོན་མ།:གསེར་མདངས་འཁྱིལ་བའི་འདབ་པའི་སྟོན་དུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།