ཞིང་ཁར་སྨན་གཏོར་མི་སྣས་འགོག་སྲུང་གི་ཐབས་ཤེས་གང་འདྲ་སྤྱད་དགོས།

        2018-05-14

      ཞིང་སྨན་ནི་དུག་ཡོད་པའི་དངོས་རྫས་ཤིག་ཡིན་པས། བེད་སྤྱོད་བྱེད་སྐབས་སྨན་གཏོར་མི་སྣས་ངེས་པར་དུ་འགོག་སྲུང་གི་ཐབས་ཤེས་སྤྱད་ནས་དུག་ཕོག་པའི་ལས་འཛོལ་མི་ཡོང་བར་ནན་འགོག་བྱ་དགོས། གཅིག སྨན་གཏོར་མི་སྣས་ཁ་རས་རྒྱག་ལ་ཕུ་རུང་རིང་པོའི་གོས་དང་དོར་མ་གྱོན་དགོས་པ་དང་། རླུང་འགོག་མིག་ཤེལ་གྱོན་དགོས། གཉིས། སྨན་གཏོར་མི་སྣས་སྨན་གཏོར་བའམ་བར་དུ་ངལ་གསོ་བྱེད་པའི་དུས་ཚོད་ནང་དུ་བ་འཐེན་མི་ཉན་ལ་ཟས་ཀྱང་བཟའ་མི་ཉན། ལས་སྒྲུབ་མི་སྣས་ཁ་མིག་སྣ་གསུམ་དང་ཁ་ངོ་བཅས་འཕྱིད་མི་རུང་། ལྷག་པར་དུ་སྨན་ཆུ་གཏོར་ཆས་སོགས་ཀྱིས་ཕན་ཚུལ་རྩེད་མོ་རྩེ་རྒྱུ་དེ་བས་བྱེད་མི་རུང་། གསུམ། སྨན་གཏོར་ཚར་རྗེས་ངེས་པར་དུ་དག་རྫས་སམ་བ་ཚྭ་ཅན་གྱི་སྤོས་ཆལ་གྱིས་ལག་པ་དང་ཁ་ངོ་འཁྲུ་བ་དང་། ཁ་བཤལ་དགོས། སྨན་གཏོར་སྐབས་ གྱོན་པའི་གོས་དེ་ཟས་བཟའ་སྐབས་བརྗེ་ དགོས། བཞི། ཨ་རག་འཐུང་ཡོད་པའི་མིས་སྨན་གཏོར་མི་རུང་། ལྔ། སྨན་གཏོར་མཁན་གྱིས་ཞིང་སྨན་གཏོར་སྐབས་རྒྱུན་མཐུད་དུ་ཆུ་ཚོད6 ལས་བརྒལ་མི་ཉན། དྲུག སྨན་གཏོར་མཁན་གྱི་མི་ལ་མགོ་ན་བའམ་མགོ་ཡུ་འཁོར་བ། ཞེན་ལོག་པ། སྐྱུག་བྲོ་བ་སོགས་ཀྱི་ནད་རྟགས་བྱུང་སྐབས། དུས་ཐོག་ཏུ་སྨན་གཏོར་མཚམས་བཞག་ནས་སྨན་གཏོར་ས་ནས་བྲལ་ཏེ། གོས་སོགས་བརྗེ་བ་དང་ངོ་དང་ལག་པ་བཀྲུས་ཏེ་མགྱོགས་མྱུར་དུ་སྨན་ཁང་དུ་སྨན་བཅོས་བྱེད་སར་འགྲོ་དགོས།།

  • ལེ་ཚན་སྔོན་མ།:གོམས་གཤིས་འདི་གསུམ་ལས་ཐ་མག་འཐེན་པས་ ཀྱང་འབྲས་སྐྲན་གྱི་ནད་འབྱུང་སླ་བ།
  • ལེ་ཚན་རྗེས་མ།:འགྲིམ་འགྲུལ་སྒྲིག་སྲོལ་གསར་བ་ལས་སྐར་མ་འཐེན་སྟངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10