རྒྱལ་གྲོལ་ལམ་ཡིག་དང་མཐོང་མཆན་གྱི་སྐོར་གསལ་པོ་ཞིག་འདི་ནས་གཟིགས།

མི་དམངས་དྲ་བ།    མི་དམངས་དྲ་བ།    2017-08-22

རྒྱལ་གྲོལ་ལམ་ཡིག་དང་མཐོང་མཆན་གྱི་སྐོར་གསལ་པོ་ཞིག་འདི་ནས་གཟིགས།

 ཚན་རིག་ལག་རྩལ་དར་རྒྱས་ཆེན་པོར་ཕྱིན་པ་དང་བསྟུན་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་བར་གྱི་འགྲོ་འོང་ཡང་མང་ནས་མང་དུ་གྱུར་པ་རེད། གཤམ་གསལ་གྱི་རྒྱལ་གྲོལ་ལམ་ཡིག་(护照)དང་མཐོང་མཆན་(签证)སྐོར་གྱི་གནད་དོན་འདི་དག ཁྱེད་ཀྱིས་གསལ་པོ་ཞིག་ཤེས་སམ།

 གོ་མི་ཆོད་པའི་རྒྱལ་གྲོལ་ལམ་ཡིག་ནི་ཅི་ཞིག་ཡིན་པ་དང་། ནུས་པ་ཉམས་པའི་མཐོང་མཆན་དེ་རྒྱལ་གྲོལ་ལམ་ཡིག་གི་ཐོག་ནས་མེད་པར་བཏང་ཆོག་གམ། རྒྱལ་གྲོལ་ལམ་ཡིག་ཏུ་ཤོག་ལྷེ་སྟོང་བ་མེད་ན་ད་དུང་མཐོང་མཆན་མི་དགོས་པའི་རྒྱལ་ཁབ་ཏུ་སོང་ཆོག་གམ། རྒྱལ་གྲོལ་ལམ་ཡིག་གསར་པ་དང་རྙིང་བ་གཉིས་ཀ་ཇི་ལྟར་མཉམ་དུ་བཀོལ་སྤྱོད་བྱེད་དམ། གཤམ་དུ་རེ་རེ་བཞིན་གསལ་བར་བྱའོ།

 གཅིག གོ་མི་ཆོད་པའི་རྒྱལ་གྲོལ་ལམ་ཡིག་ནི་ཅི་འདྲ་ཞིག་ཡིན་ནམ།

  རྒྱལ་གྲོལ་ལམ་ཡིག་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། རྒྱུན་དུ་བཀོལ་བ་ལ་གནོད་པ་ཡོད་པ། རྒྱལ་གྲོལ་ལམ་ཡིག་དུས་ལས་ཡོལ་བ། རྒྱལ་གྲོལ་ལམ་ཡིག་བོར་བའམ་གཞན་གྱིས་བརྐུས་པ།

 གཉིས། གོ་མི་ཆོད་པའི་ལམ་ཡིག་ཇི་ལྟར་བྱའམ།

     རྒྱལ་གྲོལ་ལམ་ཡིག་ལ་གཏོར་སྐྱོན་བྱུང་ན། རྒྱལ་གྲོལ་ལམ་ཡིག་འཛིན་མཁན་གྱིས་རྒྱལ་གྲོལ་ལམ་ཡིག་གསབ་སྤྲོད་བྱ་རྒྱུའི་རེ་འདུན་ཞུ་དགོས་པ། རྒྱལ་གྲོལ་ལམ་ཡིག་དུས་ལས་ཡོལ་བ་ཡིན་ན། རྒྱལ་གྲོལ་ལམ་ཡིག་བརྗེ་སྤྲོད་ཀྱི་རེ་བ་ཞུ་དགོས་ལ། རྒྱལ་གྲོལ་ལམ་ཡིག་གསར་པ་འབྱོར་རྗེས་སྔོན་ཆད་ཀྱི་རྒྱལ་གྲོལ་ལམ་ཡིག་དེ་མེད་པར་བཟོས་དགོས་པ་མ་ཟད། རེ་ཞུ་མཁན་ལ་ཕྱིར་སྤྲོད་དགོས་པ། རྒྱལ་གྲོལ་ལམ་ཡིག་བོར་བའམ་གཞན་གྱིས་བརྐུས་པ་ཡིན་ན། འབྲེལ་ཡོད་སྡེ་ཁག་ནས་བོར་བའི་དཔང་ཡིག་ལེན་པ་དང་། རྒྱལ་གྲོལ་ལམ་ཡིག་འཛིན་མཁན་གྱིས་རྒྱལ་གྲོལ་ལམ་ཡིག་གསབ་སྤྲོད་ཀྱི་རེ་བ་ཞུས་རྗེས། རྒྱལ་གྲོལ་ལམ་ཡིག་སྔོན་མ་དེ་རང་འགུལ་གྱིས་གོ་མི་ཆོད་པར་འགྱུར་བ།

 གསུམ། རྒྱལ་གྲོལ་ལམ་ཡིག་དུས་ལས་ཡོལ་ཡང་མཐོང་མཆན་ད་དུང་གོ་ཆོད་པ་ཡིན་ན། རྒྱལ་གྲོལ་ལམ་ཡིག་གསར་རྙིང་གཉིས་ཀ་མཉམ་དུ་སྤྱོད་རུང་ངམ།

 སྤྱིར་བཏང་ཡིན་ན། ལས་བྱེད་མི་སྣ་ཡིས་རྒྱལ་གྲོལ་ལམ་ཡིག་རྙིང་བ་མེད་པར་གཏོང་དུས། ཁེ་གྲི་ཡིས་རྒྱལ་གྲོལ་ལམ་ཡིག་གི་ཟུར་ཞིག་གཅོད་པ་དང་། རྒྱུན་ལྡན་ཡིན་པ་ཚང་མར་གཅོད་པ་རེད།

  གལ་སྲིད་རྒྱལ་གྲོལ་ལམ་ཡིག་ཏུ་ད་དུང་དུས་ལས་ཡོལ་མེད་པའི་མཐོང་མཆན་ཡོད་ན། ལས་བྱེད་མི་སྣ་ལ་དུས་ཡོལ་བྱུང་མེད་པའི་མཐོང་མཆན་གྱི་ཤོག་ལྷེ་དེ་མི་བརླག་པ་དང་། གཞན་དག་མེད་པར་བཟོ་བར་གྱིས་ཞེས་བཤད་ཆོག་པ་རེད། རྒྱལ་གྲོལ་ལམ་ཡིག་གསར་རྙིང་གཉིས་ཀ་མཉམ་དུ་བཀོལ་སྤྱོད་བྱ་ཆོག་པ་རེད། ཕྱི་རྒྱལ་གྱི་སྤྱི་དམངས་ཀྱིས་རྒྱལ་གྲོལ་ལམ་ཡིག་གསར་རྙིང་གཉིས་ཀ་མཉམ་དུ་སྤྱོད་ཆོག་པའི་རྒྱལ་ཁབ། ཨ་རི་དང་། དབྱིན་ཇི། པར་ཙིར། ཕེ་རུ། SCHENGENཆོད་ཡིག་གི་གྲོས་མཐུན་རྒྱལ་ཁབ་(ཧྥིན་ལན་རྒྱལ་ཁབ་དེ་རུ་ཚུད་མེད་པ)སོགས། བྱེ་བྲག་གི་གནད་དོན་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་དོན་གཅོད་ཁང་དུ་འདྲི་དགོས་པ་རེད།

 བཞི། རྒྱལ་གྲོལ་ལམ་ཡིག་གི་གོ་ཆོད་དུས་ཡུན་ཟླ་དྲུག་མེད་ན་རྒྱལ་ཁོངས་ནས་ཐོན་པར་གནད་དོན་ཡོད་དམ།

  རྒྱལ་ཁབ་སོ་སོ་ཡིས་རྒྱལ་ཁོངས་སུ་ཡོང་བའི་ཞིབ་བཤེར་སྐབས་ཀྱི་རྒྱལ་གྲོལ་ལམ་ཡིག་གི་གོ་ཆོད་དུས་ཡུན་རིང་ཐུང་གི་བླང་བྱ་མི་འདྲ་བ། (རྒྱུན་ལྡན་དུ་ཟླ་བ་དྲུག་གི་ཡན་ཆད་རེད། ཟླ་བ་གསུམ་གྱི་ཡན་ཆད་ཡིན་པ་ཡང་ཡོད་པ།) གོ་ཆོད་དུས་ཡུན་གྱི་རྩིས་སྟངས་མི་འདྲ་བ། (འགྲོ་བའི་ཉིན་ནས་བརྩིས་པ་ཡོད་ལ། འབྱོར་བའི་ཉིན་ནས་བརྩིས་པ་ཡང་ཡོད་པ།) སྔོན་ལ་ཤེས་རྟོགས་གསལ་བོ་བྱེད་པ་སྟེ། འགྲོ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་ཡོང་བའི་གཏན་འབེབས་ཤེས་དགོས་པ་དང་། རྒྱལ་གྲོལ་ལམ་ཡིག་གི་གོ་ཆོད་དུས་ཡུན་བླང་བྱ་དང་མཐུན་པ་ཁག་ཐེག་བྱ་དགོས།

 ལྔ། འགྲོ་ཡུལ་རྒྱལ་ཁབ་མཐོང་མཆན་མི་དགོས་པ་ཡིན་ན། རྒྱལ་གྲོལ་ལམ་ཡིག་ཐོག་ཏུ་ཤོག་ལྷེ་སྟོང་བ་མེད་ན་ཅི་ལྟར་བྱ།

 འགྲོ་ཡུལ་རྒྱལ་ཁབ་ནི་མཐོང་མཆན་མི་དགོས་པའི་རྒྱལ་ཁབ་ཡིན་ན་ཡང་། རྒྱལ་ཁོངས་ནས་འགྲོ་འོང་ལ་སྔར་ལྟར་རྒྱལ་གྲོལ་ལམ་ཡིག་ཐོག་ཏུ་ཐེལ་ཙེ་རྒྱག་དགོས། དེ་བས། རྡོག་ཐོན་ས་ཆའི་མཐའ་མཚམས་ཞིབ་བཤེར་སྐབས་ཕལ་ཆེར་རྒྱལ་གྲོལ་ལམ་ཡིག་ཐོག་ཏུ་ཉུང་མཐར་ཡང་ཤོག་ལྷེ་སྟོང་བ་གཅིག་དགོས་ཉེན་འདུག བླང་བྱ་དང་མི་མཐུན་པའི་ཡུལ་སྐོར་བ་ཡོད་ན་ཕལ་ཆེར་རྒྱལ་ཁོངས་ནས་ཐོན་པར་བཀག་འགོག་བྱ་ཉེན་ཡོད་པ་རེད།

 དྲུག རྒྱལ་གྲོལ་ལམ་ཡིག་ཐོག་གི་མཆོང་མཆན་ནུས་པ་ཉམས་ཡོད་པ་དེ་མེད་པར་བཏང་ན་ཆོག་གམ།

  མཐའ་མཚམས་ཞིབ་བཤེར་མཁན་དང་ཡང་ན་གཞུང་ཚབ་དོན་གཅོད་ཁང་གི་མི་སྣ་ཡིས་ཕལ་ཆེར་རྒྱལ་གྲོལ་ལམ་ཡིག་འཛིན་མཁན་གྱིས་བསམ་བཞིན་དུ་རང་ཉིད་ཀྱི་ཐོབ་ཐང་དང་འགྲོ་འོང་ཟིན་ཐོ་སྦ་གསང་བྱས་ན་འདོད་སྙམ་པར་འགྱུར། འགྲོ་འོང་བཀག་འགོད་བྱེད་པའམ་ཡང་ན་རྒྱལ་གྲོལ་ལམ་ཡིག་དང་མཐོང་མཆན་སོགས་ཕྱིར་སྤྲོད་པ་སོགས་མེད་བརླག་བྱས་པ་དང་འདྲ་བ།

 བདུན། ཕྱིར་སྐྱོད་མཐོང་མཆན་གྱི"མིང་ཐོ་ནག་པོ"ཞེས་པ་ཅི་ཞིག་ཡིན་ནམ།

 ཕྱིར་སྐྱོད་མཐོང་མཆན་གྱི"མིང་ཐོ་ནག་པོ"ཞེས་པ་ནི་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་རྒྱལ་ཁབ་ག་གེ་མོ་དེ་ཡིས་དགའ་བསུ་མི་བྱེད་པ་མ་ཟད། རྒྱལ་ཁོངས་དེ་རུ་འོང་བར་ཚོད་འཛིན་བྱེད་པའི་རྒྱལ་ཁབ་གཞན་གྱི་མི་ཡི་མིང་ཐོ་ཡིན་པ་རེད། མིང་ཐོ་འདི་ནང་གི་མི་དེ་ཚོས་རྒྱལ་ཁབ་དེ་རུ་འགྲོ་བར་རེ་ཞུ་གནང་དུས། རྟག་ཏུ་མཐོང་མཆན་མི་སྤྲོད་པ་རེད། ཁ་ཤས་ལ་ནི་གཏན་ནས་མཐོང་མཆན་མི་སྤྲོད་པ་རེད།

 བརྒྱད། མཐོང་མཆན་མ་སྤྲད་པ་ཡིན་རྗེས་ཅི་ལྟར་བྱའམ།

  ཐེངས་གཅིག་ལ་མཐོང་མཆན་མ་སྤྲད་པ་དེ་ཡིས་གཏན་ནས་མི་སྤྲོད་པ་མཚོན་མེད་པ་རེད། རེ་ཞུ་མི་སྣས་གཞུང་ཚབ་དོན་གཅོད་ཁང་གི་བླང་བྱ་ལྟར་དུས་ཡུན་ངེས་ཅན་ཞིག་ཏུ་ཡང་བསྐྱར་མཐོང་མཆན་སྤྲོད་པའི་རེ་བ་ཞུ་ཆོག་པ་རེད། རེ་བ་ཞུ་དུས་འདོན་སྤྲོད་བྱ་དགོས་པ་སྟེ། ཡིད་ཆེས་རུང་བའི་རེ་ཞུ་རྒྱུ་ཆ་འཛོམས་པོ་ཞིག་དགོས་པ་དང་། ངོ་སྤྲོད་དང་ཟིན་ཐོ་ཡག་པོ་ཞིག་ཡོད་དགོས་པ།


  • ལེ་ཚན་སྔོན་མ།:ལོ་ན་གཞོན་པའི་དུས་སུ་ཆང་འཐུང་མི་ཉན་པའི་རྒྱུ་མཚན་ཅི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།