ཟས་ཟ་བའི་སྐབས་ཀྱི་གོམས་གཤིས་ངན་པ་གསུམ།

        2017-03-27

གཅིག ཟས་ཞིབ་ལྡད་མ་བྱས་པར་ཧབ་ཟ་ཧུབ་འཐུང་བྱེད་པའི་གོམས་གཤིས།

ཟས་ཞིབ་ལྡད་མ་བྱས་པར་མིད་ན་ཕོ་བས་ཡག་པོ་འཇུ་མ་ཐུབ་པར་ཕོ་བའི་སྐྱི་ལྤགས་ལ་འབྱར་གྱི་ཡོད་པས་ཟས་ག་ཚོད་བཟས་ནའང་ལྟོགས་ལྷང་ལྷང་གི་སྣང་བ་ཤར་གྱི་ཡོད། གཞན་ཡང་ཟས་བཟའ་རྒྱུ་མགྱོགས་དྲགས་པའི་རྐྱེན་གྱིས་ཁྲག་ནང་གི་མངར་ཆ་འདུས་ཚད་མཐོ་རུ་འགྲོ་བ་དང་། ཀླད་ཆེན་གྱིས་ཟ་མཚམས་འཇོག་དགོས་པའི་བརྡ་གཏོང་སྐབས་ཟས་མང་པོ་ཞིག་ཟོས་ཟིན་པས་ཡུན་རིང་སོང་ན་ཤ་རྒྱག་པ་ཆགས་པ་དང་ནད་རྟགས་གཞན་དག་ཐོན་སྲིད།

གཉིས། ཟས་ཟ་བཞིན་ཇ་ཆུ་འཐུང་བའི་གོམས་གཤིས།

ཟས་ཟ་སྐབས་ཇ་བཏུངས་ན་མཆིལ་མ་དང་། ཕོ་བའི་གཤེར་ཁུ། རྒྱུ་མའི་གཤེར་ཁུ་སོགས་འཇུ་བྱེད་གཤེར་ཁུ་ཇ་ཆུས་དེད་ནས་ལུས་པོས་ཟསརིགས་ནང་གི་འཚོ་བཅུད་ལེན་རྒྱུར་གནོད་ཀྱི་ཡོད།

གསུམ། ཚ་ཐལ་ཆེ་བའི་ཟས་ཟ་བའི་གོམས་གཤིས།

མི་མང་པོ་ཞིག་གིས་དུས་རྒྱུན་ཚོས་མ་ཐག་པའི་ཟས་རླངས་པ་འཚབ་འཚུབ་བཟའ་རྒྱུར་དགའ་པོ་བྱེད་ཅིང་།  ཟས་ཚ་ཐོག་ལ་ཟ་བའི་གོམས་གཤིས་ཡོད། འོན་ཀྱང་ཡུན་རིང་ཚ་ཐལ་ཆེ་བའི་ཟས་ཟོས་པའམ་ཡང་ན་ཇ་སོགས་བཏུང་ན་མིད་པར་གནོད་ཅིང་།   ཐ་ན་མིད་པའི་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད།།


  • ལེ་ཚན་སྔོན་མ།:ཟས་ཟ་བའི་སྐབས་ཀྱི་གོམས་གཤིས་ངན་པ་གསུམ།
  • ལེ་ཚན་རྗེས་མ།:རྒྱུན་མཁོའི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10