༧དཔལ་ཁྲི་བརྟན་ནོར་བུ་རྩེ་ནས་བསྐྲུན་པའི་དཔེ་དེབ་ཁག་ཅིག

        2010-08-26

༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གསར་དུ་བསྐྲུན་པའི་དཔེ་དེབ་ཁག་ཅིག

      དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅོ་ལྔ་པའི་རྒྱུན་ལས་རིང་གཡུང་དྲུང་བོན་གྱི་གསུང་རབ་དཀོན་པ་དང་དེབ་གཟུགས་སུ་ད་ལྟའི་བར་དཔེ་བསྐྲུན་མ་བྱུང་བའི་དེབ་བཞི་སྟེ།   ༡༽ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བའི་དོན་རྣམ་པར་ངེས་པ། ༼སྟོད་ཆ།༽  ༢༽ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བའི་དོན་རྣམ་པར་ངེས་པ། ༼སྨད་ཆ།༽  ༣༽བོད་ཡིག་གི་བྲིས་དཔེ་མེས་པོའི་ཕྱག་སྲོལ།  ༤༽གཤེན་གྱི་རྩིས་གསར་རྣམ་དག་ལས་རྩ་སྒྲུབ་ནོར་བུའི་ཁང་བཟང་དང་ཉེར་མཁོ་ཆ་ལག་རྒྱབ་སྐྱོར་རེའུ་མིག་བཅས་དཔེ་དེབ་ཁག་བཞི་བཤད་སྒྲུབ་སློབ་གཉེར་བ་དང་ཕྱི་ནང་གི་ཞིབ་འཇུག་པ་སོགས་དོན་གཉེར་ཅན་དག་ལ་ལེགས་སྐྱེས་གསར་པ་ཞིག་ཏུ་བསྐྲུན་ཡོད།

  • ལེ་ཚན་སྔོན་མ།:མདོ་དྲི་མེད་གཟི་བརྗིད་ངོ་སྤྲོད།
  • ལེ་ཚན་རྗེས་མ།:བཀའ་འགྱུར་པར་སྐྲུན་སྐོར།