མདོ་དྲི་མེད་གཟི་བརྗིད་ངོ་སྤྲོད།(2)

        2010-08-26

ཞང་བོད་ཀྱི་ཡུལ་དུ་གཡུང་དྲུང་བོན་གྱི་སྒྲུབ་སྡེ་གནས་དགོན་གལ་ཆེ་བ་རྣམས་ཀྱི་དཀར་ཆག་དང་ལམ་ཡིག་སྟེ་གནས་སྡེ་མང་པོ་ཞིག་ཏུ་༧སྐྱབས་རྗེ་མཆོག་དངོས་སུ་ཕྱག་ཕེབས་མྱངས་བའི་ཉམས་མྱོང་དང་ལོ་རྒྱུས་ཡིག་ཆ་ཁག་གོ་བཏུག་གནང་སྟེ་མཛད་པ་༼བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིག་བུ༽བཅས་གསུང་ཁག་གསུམ་འཁོད་པའི་པོ་ཏིའི་མཚན་བྱང་དུ་༼བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར༽ཞེས་པ་དང་། 
     པོད་བཞི་བ། ༼རྣམ་ཐར་དང་དཀར་ཆག་གི་སྐོར། ༽ཞེས་པའི་ནང་དུ་ལྷ་ཁང་དང་མཆོད་རྟེན་སོགས་ཀྱི་དཀར་ཆག་འགའ་དང་སྟོན་པའི་སྐུ་ཡི་ཆ་ལུགས་ཀྱི་རྣམ་བཤད། སྟོན་པའི་འཁྲུངས་དུས་ལ་དཔྱད་པ། བོན་ཕྱི་ནང་གསང་གསུམ་གྱི་དབང་གི་བརྒྱུད་རིམ་བཅས། དཀར་ཆག་དང་། དཔྱད་རྩོམ། བསྟན་འབྱུང་། རྣམ་ཐར་སོགས་གསུང་རྩོམ་ཐུང་ངུགྲངས་སུམ་བཅུ་སོ་ལྔ་ཁོད་ཡོད། 
     པོད་ལྔ་པ། ༼བཟོ་རིག་པའི་སྐོར༽ཞེས་པའི་ནང་དུ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་དགོངས་པ་ལྟར་སྐུ་གདུང་སྐུ་གཟུགས་ལྷ་ཁང་འབྲི་བཞེངས་སོགས་དང་འབྲེལ་བའི་བཟོ་རིག་གསལ་བའི་རྒྱན་ཞེས་པ་དང་། གསང་སྔགས་རྒྱུད་སྡེ་བཞིའི་ཡི་དམ་ཕལ་ཆེར་གྱི་དཀྱིལ་འཁོར་འབྲི་བཞེངས་བྱེད་ཚུལ་གྱི་བཤད་པ་གསལ་རྒྱས་སུ་བཀོད་པ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མཚན་གྱི་བཀོད་པ་གསལ་བྱེད། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལས་བསྟན་པའི་སོག་མོའི་སྐོར། ཕྱྭ་གཤེན་ཐེག་པའི་རྣམ་བཤད། སྣང་གཤེན་ཐེག་པའི་རྣམ་བཤད་བཅས་གསུང་ཁག་ལྔ་འཁོད་ཡོད། 
      པོད་དྲུག་པ་དང་བདུན་པའི་ནང་དུ། གཡུང་དྲུང་བོན་གྱི་གསང་སྔགས་ཡི་དམ་གཙོ་འཁོར་གྱི་ཞལ་ཐང་གི་བཀོད་པ་རྣམས་རྒྱུད་སྡེ་སོ་སོར་ཁུངས་བཏུག་སྟེ། འགྲེལ་བཤད་དང་དཔེ་རིས་སྦྲག་སྟེ་གང་གསལ་བཀོད་པ། ༼རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་གི་བཀོད་པ་དྭངས་ཤེལ་མེ་ལོང་ཞེས་བྱ་བ༽པོད་སྟོད་སྨད་གཉིས་འཁོད་ཡོད། 
     པོད་བརྒྱད་པ། ༼བསྡུས་རྟགས་དང་ཕར་ཕྱིན་གྱི་སྐོར༽ཞེས་པའི་ནང་དུ། རིགས་ལམ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་བློ་གསར་འཇུག་སྒོ། རྟགས་ཀྱི་རིགས་པའི་རྣམ་བཤད་ཚད་མའི་གཞུང་ལ་འཇུག་པ། སྨོན་ལམ་ཡན་ལག་བརྒྱད་པ་ཐར་པའི་ཐེམ་སྐྲས་ཀྱི་རྣམ་བཤད་སྙིང་པོ་མངོན་པར་གསལ་བ། ཞི་གནས་ལག་ཏུ་ལེན་པའི་ཐབས་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད། འཇུག་སྒྲུབ་ལས་འཕྲོས་པའི་བསམ་གཟུགས་ཀྱི་སྐོར་བཅས་གསུང་ཁག་ལྔ་ཡོད། 
      པོད་དགུ་པ། ༼དབུ་མའི་རྣམ་བཤད་ཀྱི་སྐོར༽ཞེས་པའི་ནང་དུ། ཐེག་པ་ཆེན་པོ་ཡུམ་གྱི་མདོ་དོན་གསལ་བྱེད་སྣང་བ་གསར་པ། དཀའ་ཐུབ་ཀྱི་རྣམ་བཤད་རྒྱལ་བསྟན་གསལ་བྱེད། ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས། བསྙེན་སྙུང་གི་སྡོམ་པ་ལེན་ཐབས་རིན་ཆེན་ཐེས་སྐས་སོགས་དབུ་མ་དང་མཛོད་འདུལ་གྱི་སྐོར་གསུང་རྩོམ་ཁག་བཅུ་གཉིས་འཁོད་ཡོད། 
  • ལེ་ཚན་སྔོན་མ།:ཡོངས་འཛིན་བསྟན་འཛིན་རྣམ་དག་གི་གསུང་འབུམ།
  • ལེ་ཚན་རྗེས་མ།:༧དཔལ་ཁྲི་བརྟན་ནོར་བུ་རྩེ་ནས་བསྐྲུན་པའི་དཔེ་དེབ་ཁག་ཅིག