ཡོངས་འཛིན་བསྟན་འཛིན་རྣམ་དག་གི་གསུང་འབུམ།(3)

        2010-08-26


      པོད་བཅུ་པ། ༼གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད༽ཅེས་པ་འདི་ནི་འགྲེལ་གཞིའི་ཡིག་ཆ་ཐེག་འགྲེལ་མེ་ལོང་དགུ་སྐོར། ཆོ་ག་བཅུ་གཉིས། རྣམ་དག ཁྱབ་པ་སྣང་ལྡན་གྱི་ཐེག་པའི་རབ་དབྱེའི་ལུང་ཚིག ཡེ་ཁྲི་མཐའ་སེལ། མཁས་པ་མི་བཞིའི་ཕྱག་བཞེས། གབ་འགྲེལ། སྤྱི་སྤུངས་ལས་ཐིག་གསང་བའི་འགྲེལ་བ། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། ཁྲོད་བོའི་རྒྱུད་དྲུག ཕུར་བུའི་རྒྱུད་དགུ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། མ་རྒྱུད་སངས་རྒྱས་རྒྱུད་གསུམ་རྩ་འགྲེལ། མ་རྒྱུད་ཀྱི་དབང་ཁྲིད། རྩ་རྒྱུད་གསང་བ་བསེན་ཐུབ་དང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། འགྲེལ་ཉི་ཟེར་དྲ་བ། གསང་དོན་རྣམ་འབྱེད། གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ། གསང་སྔགས་ཀྱི་ཁྲིད་ཡིག་ལྷ་གཉེན་ཤེལ་སྒོང་། དྲང་དོན་མུན་སེལ་སྒྲོན་མ། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། སྐལ་བཟང་གི་ཁྲིད་རྒྱུད། དྲན་པའི་ཁྲིད་རྒྱུད། ཁོད་སྤུངས་སྙིང་ཐིག དྲན་པའི་ཐིག་ལེ་བདེ་བའི་ཡེ་ཤེས་བསྐྱེད་པའི་ཡིག་ཆུང་། གཟེར་བུའི་འགྲེལ། མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་ཀྱི་མཛད་པའི་གསང་སྔགས་ཀྱི་ཕྱག་བཞེས་དང་ལག་ཁྲིད་སོགས་གསང་སྔགས་གཞུང་ཆེན་རྣམས་ཀྱི་དགོངས་པ་གཞིར་བྱས་ཏེ་བཀོད་པའི་གསང་སྔགས་རྒྱུད་སྡེ་བཞིའི་ལམ་རིམ་སྒྲུབ་ཚུལ་རང་ལུགས་ཐུན་མོང་མ་ཡིན་པ་ཞིབ་རྒྱས་སུ་བཀྲལ་བའི་གཞུང་ཆེན་ཞིག་རེད།
      པོད་བཅུ་གཅིག་པ། ༼མ་རྒྱུད་ཀྱི་འགྲེལ་བའི་སྐོར༽ཞེས་པ་འདིའི་ནང་དུ། མ་རྒྱུད་ཡེ་ཤེས་མཆན་འགྲེལ། སྨིན་ལམ་རིན་པོ་ཆེའི་མཆན་འགྲེལ་ཁབ་ལེན་རྡོ་ཡི་མཚོན་ཆ། བར་དོའི་རྣམ་བཤད་གསལ་བཤད་སྒྲོན་མེ། གཤེན་གླུའི་འགྲེལ་བ་ཚངས་པའི་དབུ་རྒྱན། འཇིགས་པ་བརྒྱད་སྐྱོབ་ཀྱི་རྣམ་བཤད་བཅས་གསུང་ཁག་ལྔ་འཁོད་ཡོད།
      པོད་བཅུ་གཉིས་པ། ༼ཟིན་བྲིས་དང་ཆོག་ཁྲིགས་ཀྱི་སྐོར༽ཞེས་པའི་ནང་གསང་སྔགས་ཀྱི་ཕྱག་ལེན་དང་ཟིན་བྲིས། གསོལ་འདེབས་སོགས་གསུང་རྩོམ་ཆེ་ཆུང་སྣ་ཁ་དོན་བརྒྱད་ཙམ་འཁོད་ཡོད།
      པོད་བཅུ་གསུམ་པ། ༼རྫོགས་ཆེན་གྱི་སྐོར༽ཞེས་པའི་ནང་དུ། རྩོད་སྤོང་སྨྲ་བའི་སེང་གེའི་མཆན་འགྲེལ་ལུང་དོན་རབ་གསལ་སྒྲོན་མེ། ཀུན་བཟང་ཐུགས་སྤྲུལ་མའི་འགྲེལ་བ་ལུང་དོན་རབ་གསལ། བྱང་སེམས་གབ་པའི་སྤྱི་ཆིངས་རིགས་པའི་ལམ་བཟང་། དྭོགས་སེལ་འགའ་ཞིག་གླེང་བའི་ལེའི་རིན་ཆེན་གཙག་བུ། ལོ་པཎ་ཤ་རི་དབུ་ཆེན་གྱིས་མཚད་པའི་གལ་མདོ་དན་ཏྲ་ཉི་མའི་འཁོར་ལོའི་བསྡུས་འགྲེལ། གསོལ་འདེབས་དང་བརྟན་བཞུགས་སྨོན་ལམ་སོགས་བླ་མེད་རྪོགས་པ་ཆེན་པོའི་བོན་སྐོར་གསུམ་རྩོམ་ཁག་དྲུག་བཅས་སོ། །
  • ལེ་ཚན་སྔོན་མ།:རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱི་གསུང་འབུམ།
  • ལེ་ཚན་རྗེས་མ།:མདོ་དྲི་མེད་གཟི་བརྗིད་ངོ་སྤྲོད།