ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽

        2012-11-29

ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽
 མེ་ཏོག་ལུག་མིག
    སྡེ་ཁོངས།དྲང་སྲོང་མེ་ཏོག་གི་སྡེ།མེ་ཏོག་ལུག་མིག་གི་ཁོངས་གཏོགས།སྐྱེ་གནས།ལྗོངས་ཡོངས་ཀྱི་རི་ཀླུང་གང་སར་སྤང་དང་ན་གཤོངས་སོགས་བཞའ་ཚན་ཆེ་ཙམ་ཡོད་པའི་སར་སྐྱེ་བ་མང་།
    རོ།རོ་ཁ་བ།
    རྐྱང་པའི་ཕན་ཡོན།ཆམ་པ་རིམས་ཚད་ཀྱི་ནད་དང་།དུག་ཕོག་པ།དེ་མིན་ཕྱི་ནས་དུག་བྱས་ན་ཤུ་བ་དང་ཆུ་རྒྱུ་རྒྱུས་རེངས་འཁུམས་ནད་ལ་ཕན་ནོ།ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽

 ཨུག་ཆོས་དམར་པོ།
    སྡེ་ཁོངས། རྩི་ཝུལ་སྡེ། ཨུག་ཆོས་ཀྱི་ཁོངས་གཏོགས།
    སྐྱེ་གནས། བོད་ལྗོངས་ཡོངས་ཀྱི་ས་མཐོའི་སྨི2800དང4900ཙམ་ཡིན་པའི་སྤང་ལྗོངས་སོགས་སུ་སྐྱེས་པ་མང་།
    རོ།རོ་མངར་བ།
    རྐྱང་པའི་ཕན་ཡོན།འབྲུ་གུས་རྣ་བའི་ནད་དང་འོན་པ་སེལ་བ་དང་།རྩ་བ་དང་མེ་ཏོག་གཉིས་ཀྱིས་ཕོ་བ་སྦོས་པ་དང་རླུང་འཁྱིལ་བ་བསངས་ཤིང་དེ་མིན་བཤང་བ་འགག་པ་རྣམས་འཇམ་པོར་སྦྱོང་བར་བྱེད་དོ། ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽

 ཨ་བྱག་གཟེར་འཇོམས།
    སྡེ་ཁོངས།དྲང་སྲོང་མེ་ཏོག་གི་སྡེ།དྲང་སྲོང་མེ་ཏོག་གི་ཁོངས་གཏོགས།
    སྐྱེ་གནས།བོད་ལྗོངས་ཡོངས་ཀྱི་སྨི4000དང་5000བར་གྱི་རི་མཐོའི་སྤང་གཤོངས་དང་ཤིང་མ་ལྡུམ་གྱི་གསེབ་ཏུ་སྐྱེས་པ་མང་།
    རོ།རོ་ཅུང་ཁ་བ།
    རྐྱང་པའི་ཕན་ཡོན།རོ་སྟོད་གཟེར་བ་དང་རྩིབས་ལོགས་ཀྱི་གཟེར།མགོ་གཟེར་བ་སོགས་ཟུག་གཟེར་གྱི་ནད་རིགས་དང་།རུས་པ་གས་ཆག་ཤོར་བ།ཆུ་སེར་དང་རྨའི་གཉན་ཚད་སོགས་ལ་ཕན།ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽

ཟིན་ཏིག
    སྡེ་ཁོངས། མཆུ་དབྱིབས་ཀྱི་སྡེ།གཟའ་བདུད་ཀྱི་ཁོངས་གཏོགས།
    སྐྱེ་གནས། བོད་ལྗོངས་ཀྱི་སྨི2800དང4300ཡིན་པའི་ཡུལ་ཕལ་ཆེ་བའི་ས་ཁུལ་དང་།མཚོ་སྔོན་དང་ཁམས་ཕྱོགས་སོགས་ཀྱི་རི་ཀླུང་གང་དུའང་སྐྱེས་ཡོད།
    རོ། རོ་ཁ་བ།
    རྐྱང་པའི་ཕན་ཡོན།གཟའ་ནད་དང་གཉན་རིམས།ལྷོག་པའི་ནད་སོགས་ལ་ཕན།ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽


  གླ་སྒང་།
    སྡེ་ཁོངས། གླ་སྒང་གི་སྡེ། གླ་སྒང་གི་ཁོངས་གཏོགས།
    སྐྱེ་གནས།བོད་ལྗོངས་ཡོངས་ཀྱི་སྨི2900དང4200བར་གྱི་སྤང་དང་ས་འབོལ་སར་སྐྱེས་པ་མང་།
    རོ། རོ་ཚ་ལ་བསྐ་བ།
    རྐྱང་པའི་ཕན་ཡོན།གློ་ནད་དང་།སྐད་འགག་པ།བད་ཀན་གྱི་ནད།རྒྱུ་མའི་ནད་བཅས་ལ་ཕན།
  • ལེ་ཚན་སྔོན་མ།:“ ཀྲུང་གོའི་རྒྱ་ཤུག་ཤིང་རིགས་ཀྱི་རྒྱལ་པོ ”ཞེས་པའི་འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས། ༼༢༽