“ ཀྲུང་གོའི་རྒྱ་ཤུག་ཤིང་རིགས་ཀྱི་རྒྱལ་པོ ”ཞེས་པའི་འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།

    མཚོ་སྔོན་པོ་དྲ་བ།    2012-11-16

“ ཀྲུང་གོའི་རྒྱ་ཤུག་ཤིང་རིགས་ཀྱི་རྒྱལ་པོ ”ཞེས་པའི་འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།
འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།

          བོད་ལྗོངས་ཀྱི་ཉིང་ཁྲི་རྫོང་དང་རྒྱང་ཐག་སྤྱི་ལེ13གྱི་སར་གནས་པའི་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་ནི།   རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3040དང་རྒྱ་ཁྱོན་ལ་ཀུང་ཆིང10ཙམ་ཡོད་ཅིང་རྒྱ་ཤུག་ཆེན་པོ་ཤ་སྟག་ཡིན་ལ།  ཆ་སྙོམས་མཐོ་ཚད་སྨི44ཡོད་པ་དང་ཞེང་ཚད་སྨི1.45ཡོད།    ཤུག་སྡོང་ཆེ་ཤོས་དེར་མཐོ་ཚད་སྨི57དང་ཞེང་ཚད་ལ་སྨི5.8ཡོད།  

“ ཀྲུང་གོའི་རྒྱ་ཤུག་ཤིང་རིགས་ཀྱི་རྒྱལ་པོ ”ཞེས་པའི་འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།
འཛམ་གླིང་གི་ཤུག་སྡོང་རྒྱལ་བོ།

          དེང་གི་ཚན་རིག་ལོ་རྒྱུས་སྨྲ་བ་དག་གིས་ད་བར་ལོ་ངོ2600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་ངོས་འཛིན་བྱེད་ཀི་ཡོད་ལ “ ཀྲུང་གོའི་རྒྱ་ཤུག་ཤིང་རིགས་ཀྱི་རྒྱལ་པོ ”ཞེས་བརྗོད།   འཛམ་གླིང་ཤུག་སྡོང་རྒྱལ་བོ་འདི་ནི་གཡུང་དྲུང་བོན་གྱི་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོ་ཆེའི་དབུ་སྐྲ་ས་ལ་གཏོར་བ་ལས་སྐྱེས་པའི་ཤུག་སྡོང་ཡིན། ཤུག་སྡོང་འདི་ཉིད་བོན་གྱི་ལོ་རྒྱུས་སུ་ལོ་ངོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ལྡན་པ་ངོས་འཛིན་གནང་གི་ཡོད་ཅིང་། དེ་ལྟར་ཤུག་སྡོང་རྒྱལ་བོ་འདི་ནི་བོད་ཀྱི་ཤུག་སྡོང་ཆེ་ཤོས་དང་ལོ་རྒྱུས་རིང་ཤོས་ཀྱི་སྡོང་ཆེན་ཞིག་ཏུ་ངེས།

  • ལེ་ཚན་སྔོན་མ།:དཔྱིད་ཀྱི་མེ་ཏོག
  • ལེ་ཚན་རྗེས་མ།:ཕ་ཡུལ་སྐྱིད་པོའི་རི་ལུང་སྨན་གྱིས་བཏུམས།༼༡༽