“སང་ཉིན་གྱི་འཚོ་བ་དེ་བས་ཡག་པོ་ཡོང་ངེས་ཀྱི་ཡིད་ཆེས་ཡོད་དགོས།”

བདེ་ཆེན་གྱིས་བསྒྱུར།        2022-07-26

“སང་ཉིན་གྱི་འཚོ་བ་དེ་བས་ཡག་པོ་ཡོང་ངེས་ཀྱི་ཡིད་ཆེས་ཡོད་དགོས།”

  “སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་དགའ་བསུ་ཞུ།” ཆ་སྙོམས་མཚོ་འཕགས་སྨི3300ཡོད་པའི་དཀོན་ལོ་ཚང་གོང་མའི་གྲོང་སྡེའི་འབྲོག་པ་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་མི་རྒན་དར་གཞོན་གསུམ་སྒོ་ཁར་ལངས་ནས་ཐག་རིང་ནས་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ལ་མཇལ་དར་ཕུལ་བ་རེད།

    དེ་ནི2021ལོའི་ཟླ་བ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས། འབྲོག་པ་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་དུ་ཕེབས་ཤིང་། གྱོ་རྩིག་གི་ཁང་པ་ཐོག་གཅིག་མའི་ནང་བོད་ཀྱི་ས་གདན་བཏིང་ཡོད་ལ། སྒོ་རའི་ནང་ཉི་འོད་ཀྱིས་ཁེངས། ཉལ་ཁང་དང་མགྲོན་ཚོམས་བཅས་སུ་ཕེབས་དུས་ཁང་པའི་ནང་གནམ་གཅལ་དང་གྱང་ཤོག་བཅས་སྦྱར་ཡོད་པ་དང་། གོས་སྒམ་དང་བརྙན་འཕྲིན་སོགས་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་འཛོམས་ཡོད་པ་མཐོང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་དགྱེས་པའི་ངང་ནས“ཁྱིམ་དུ་བཀོད་སྒྲོག་ཡག་པོ་བྱས་འདུག”ཅེས་གསུངས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསོད་ནམས་ཚེ་རིང་ཚང་གི་ཁྱིམ་མི་དང་མཉམ་དུ་མགྲོན་ཚོམས་སུ་བཞུགས་ནས་ཁྱིམ་གྱི་འཚོ་བའི་སྐོར་ཞལ་བརྡ་གནང་བ་རེད།བསོད་ནམས་ཚེ་རིང་གིས་པར་རྙིང་པ་ཞིག་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ལ་བསྟན་ཏེ་འདི་ནི་སྤྱི་ལེ17ཙམ་རྒྱང་བའི་སར་ཡོད་པའི་དམའ་ལ་དོག་པའི་སོ་ཕག་གི་ཁང་མིག་གཉིས་དེ་རེད་ཅེས་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པར་དེར་གཟིགས་ནས“སྔོན་ཆད་ཀྱི་ཆ་རྐྱེན་ནི་དངོས་གནས་ཅུང་དཀའ་ཚེགས་ཆེ་བ་རེད། ད་ལྟ་ཧ་ཅང་ཡག་པོ་རེད་འདུག”ཅེས་གསུངས་པ་རེད།

    2014ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་རོགས་རམ་འོག། འབྲོག་པ་ཚོས་ཐག་རིང་གི་རྩྭ་ར་ནས་གནས་སྤོ་བྱས་ཏེ་དཀོན་ལོ་ཚང་གོང་མ་གྲོང་སྡེའི་ནང་བཀོད་སྒྲིག་བྱས་པ་རེད། བསོད་ནམས་ཚེ་རིང་ཚང་གི་ཁྱིམ་མི་ཚོས་ཀྱང་སྤྱི་ལེ17ཙམ་རྒྱང་བའི་རྩྭ་རའི་ནང་གི་དམའ་ལ་དོག་པའི་སོ་ཕག་གི་ཁང་མིག་གཉིས་དང་རྩྭ་ཆུ་དེད་དགོས་འབྲོག་པའི་འཚོ་བ་དང་ཁ་བྲལ་བ་རེད།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིན་ཕིང་གིས་འཚོ་བའི་སྐོར་གྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས“རང་འབབ་ཆུ་སྤྱོད་རྒྱུ་ཨེ་ཡོད། བཙོག་ཆུ་ཐག་གཅོད་བྱེད་སྟངས་ཅི་འདྲ་ཡིན།”“འདིར་གནས་སྤོ་རྗེས་ལས་ཀ་ཅི་བྱེད་བཞིན་ཡོད།”“ཕྱིན་ཆད་ཁྱེད་ཚོའི་འཚོ་བའི་ཐད་ད་དུང་རེ་སྒུག་དང་འཆར་གཞི་ཅི་འདྲ་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།

 “འབྲོག་པའི་འཚོ་བ་ཡག་པོ་ཡོང་རྒྱུ་ནི་ཏང་གི་སྲིད་ཇུས་བཟང་པོ་ལ་རག་ལས་པ་རེད། ལྷག་བསམ་རྣམ་དག་གིས་ཏང་ལ་བཀའ་དྲིན་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཆེ”ཞེས་བསོད་ནམས་ཚེ་རིང་གིས་ཟོལ་མེད་ཀྱི་སྐད་ཆ་འདི་ཞུས་པ་རེད།

 སྤྱི་ཁྱབ་ཧྲུའུ་ཅིས་མྱོང་ཚོར་ཟབ་མོའི་སྒོ་ནས་མི་སེར་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བའི་རྒྱུ་མཚན་ཅི་རེད་ཟེར་ན།འདི་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་རིགས་ཁག་ལ་བདེ་སྐྱིད་བསྐྲུན་ཡོད་པ་རེད་ཅེས་གསུངས།

 “བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་དང་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་འཛུགས་སྐྱོང་བྱེད་ཐུབ་ངེས་རེད། ” “སང་ཉིན་གྱི་འཚོ་བ་དེ་བས་ཡག་པོ་ཡོང་ངེས་ཀྱི་ཡིད་ཆེས་ཡོད་དགོས།”ཞེས་དཀོན་ལོ་ཚང་གོང་མ་གྲོང་སྡེ་ནས་ཞལ་གྱེས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར་སྐུལ་ལྕག་དེ་ལྟར་གནང་བ་རེད།།



  • ལེ་ཚན་སྔོན་མ།:ཁ་སང་སི་ཁྲོན་གྱི་མི18ལ་ཏོག་གསར་གློ་ཚད་ཕོག་འདུག།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་འཇུག་བྱས།
  • དོ་སྣང་ཆེ་བའི་རྩོམ།