རང་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཞིབ་འཇུག་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2022-07-27

སྤྱི་ཟླ7ཚེས22ཉིན་ལ་ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིན་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གི་ད་སྔའི་རིམས་ནད་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བླང་བྱར་སློབ་སྦྱོང་དང་གོ་བ་བླངས་ནས་རང་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཞིན་ཅང་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡིན་པས་ང་ཚོས་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་ཉེན་མེད་ལ་སྤྱི་འདོམས་བྱེད་པ་སོགས་ཀྱི་ཐད་ལ་གཞི་འཛིན་ས་མཁོ་འདོན་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས“མི་རིགས་མཐུན་སྒྲིལ་ཆེན་པོ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་”ཞེས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་བོར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་རིམ་པ་བཞིན་བར་ཁོངས་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་མཉམ་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། “ཡུན་རིང་བརྟན་བརླིང་ཡོང་ཐུབ་པའི་འགག་རྩ་ནི་མི་སེམས་ལས་ཐུག་ཡོད”ཅེས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བརྟན་པོ་ཡོང་རྒྱུ་ཨང་དང་པོར་བཞག་ནས་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་པ་དང་། བསམ་བློ་གཏོང་སྟངས་དང་བསམ་གཞིག་བྱེད་ཐབས། ལས་ཀ་བྱེད་སྟངས་བཅས་ལ་སྣང་ཆེན་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་འདེད་གཏང་དགོས། “ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ནས་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏང་དགོས་པའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཤིང་དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་བྱ་དགོས། “འཕེལ་རྒྱས་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་པ་དང་མི་སེམས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏང་དགོས་པའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་འབྱོར་ཕྱོགས་སུ་མཉམ་དུ་བསྐྱོད་རྒྱུའི་འགན་ལེན་བྱ་དགོས། 

ཚོགས་འདུའི་ཐོག་བསྟན་དོན། ད་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་ཚུལ་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་རིམས་ནད་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་དང་ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམས་ནད་འགོག་ཟོན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུའི་ཐོག་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“རིམས་ནད་ཕྱི་ནས་འགོ་བར་འགོག་པ་དང་ནང་ནས་བསྐྱར་དུ་མི་ཐོན་པར་བྱེད་པའི”སྤྱིའི་ཐབས་ཇུས་དང“འགུལ་ཚུལ་དང་བསྟུན་ནས་རིམས་ནད་ན་མཁན་མེད་པའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་ནས་རིམས་ནད་འགོག་ཟོན་གྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་ཏན་ཏིག་བསྐྲུན་དགོས། “སི་ཁྲོན་དུ་ཡོང་ཚད་ཞིབ་བཤེར་བྱེད་པའི”བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་ཁུལ་ནང་དུ་ཡོང་སའི་འགག་སྒོ་ནན་པོ་སྲུང་བ་དང་རིགས་བགོས་ནས་དོ་དམ་ཚོད་འཛིན་བྱས་ཏེ་གྲངས་གཞི་ཆེན་པོ་ཐོག་ཁྱབ་གདལ་གཏོང་བ་དང་། སྤྱི་ཁུལ་དུ་ཚགས་བཤེར་བྱེད་པ། དྲྭ་ཐོག་དང་དྲྭ་ཕྱི་ནས་རང་འགུལ་ངང་སྙན་སེང་ཐོ་འགོད་བྱེད་པ་སོགས་ཀྱི་ལས་དོན་མུ་མཐུད་དེ་ཡག་པོ་བསྒྲུབས་ནས་འབྱུང་རྩ་ནས་དོགས་ཟོན་བྱ་རྒྱུར་ཤུགས་བརྒྱག་དགོས། གཙོ་གནད་ཁུལ་རྒྱུན་རྣམ་ཅན་གྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱས་ནས་ཁ་རས་རྒྱག་པ་དང་དྲོད་ཚད་འཇལ་བ། བདེ་ཐང་ཨང་རྟགས་གསལ་སྟོན། ཨང་རྟགས་བཤེར་བ་སོགས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་ཡུལ་སྐོར་ལྗོངས་ཁུལ་དང་། རོལ་རྩེད་བྱ་ཡུལ། གསོལ་མགྲོན་ཁང་སོགས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ནས་ཉིང་སྐྱུར་དཔེ་བཤེར་ཚད་ལེན་དང་། སྨན་བཅོས་སྐྱོབ་བཅོས། ནད་རམས་རིག་པའི་བརྟག་དཔྱད་དང་ནད་ཁུངས་རྩད་སྙེག་སོགས་ཀྱི་ནུས་པ་འཛུགས་སྐྱོང་མགྱོགས་སུ་བཏང་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་མུ་མཐུད་དེ་ཡག་པོ་བསྒྲུབས་ཏེ་རིམས་ནད་འགོག་ཟོན་གྱི་ནུས་པ་ཆེ་རུ་གཏང་དགོས། དྲིལ་བསྒྲགས་ཁྲིད་སྟོན་དང་མང་ཚོགས་ཀྱི་གླེང་ཕྱོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆ་འཕྲིན་དུས་ཐོག་ཏུ་གནད་འཁེལ་ངང་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་ཧུར་ཐག་གདབ་དགོས། རིམས་ནད་བྱུང་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་དང་། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བའི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱེད་ཅིང་། དཔལ་འབྱོར་བརྟན་དུ་གཏོང་བར་བརྩོན་དགོས།“དཔལ་འབྱོར་ཧུར་ཐག་སྤེལ་ཞིང་འཛུགས་སྐྲུན་ལས་གཞི་སྤེལ་བའི”ལོ་འཁོར་གྱི་རྒྱུགས་འབྲས་ཡག་པོ་ཞིག་འབུལ་དགོས།

ཚོགས་འདུའི་ཐོག《སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་མངག་སྡོད་ལས་ཁུངས་ཀྱི་ལས་ཀའི་སྒྲིག་སྲོལ》གྱི་སྙིང་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་བླང་བྱ་དང་། ལས་ཀའི་འགན་འཁྲི། གོ་རིམ་གཏན་འབེབས་སོགས་སྟངས་འཛིན་ཡང་དག་བྱེད་པ་དང་། མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོའི་མངག་སྡོད་ལྟ་སྐུལ་གྱི་སྒྲིག་སྲོལ་ནང་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གྱི་ཁྱོན་ཡོངས་ལ་སྔར་བས་ཞབས་འདེགས་ཞུ་བ་བཅས་བྱ་དགོས། མངག་སྡོད་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་མངག་སྡོད་ལྟ་སྐུལ་གྱི“མེ་ལོང”གི་ནུས་པ་འདོན་སྤེལ་བྱས་ནས“མངག་པའི”དབང་གྲགས་དང“སྡོད་པའི”ལེགས་ཆ་ཆེ་རུ་ཏན་ཏིག་བཏང་སྟེ་སྡེ་ཚན་གྱི་ཏང་ཨུ(ཏང་ཚན་ཁག)རུ་བསྡད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏང་དགོས། མངག་སྡོད་དཔུང་ཁག་འཛུགས་ཤུགས་ཆེ་རུ་གཏོང་བ་དང་མངག་སྡོད་སྒྲིག་གཞིའི་མི་སྣར་དོ་དམ་དང་གསོ་སྐྱོང་། བེད་སྤྱོད་བཅས་བྱ་རྒྱུར་ཤུགས་བསྣན་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་མངག་སྡོད་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་པ་དང་རྒྱུན་གཏན་གྱི་ལྟ་སྐུལ་ཏན་ཏིག་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་ལྟ་སྐུལ་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏང་དགོས།

ཚོགས་འདུའི་ཐོག་ཁུལ་ཨུའི་རེས་སྐོར་དང་པོའི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་།《ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་སྐོར་ཞིབ་ལས་དོན་འཆར་འགོད》སོགས་ལ་ཞིབ་བཤེར་གཏན་འབེབས་གནང་བར་མ་ཟད། ད་དུང་དཀར་མཛེས་ཁུལ་གྱི་འབྲོག་ཁུལ་ལས་དོན་ཚོགས་འདུའི་ཇུས་གཞི་དང་ཡིག་ཆ་སོགས་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།


  • ལེ་ཚན་སྔོན་མ།:“སང་ཉིན་གྱི་འཚོ་བ་དེ་བས་ཡག་པོ་ཡོང་ངེས་ཀྱི་ཡིད་ཆེས་ཡོད་དགོས།”
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་དཔལ་ཡུལ་རྫོང་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།