ཁ་སང་སི་ཁྲོན་གྱི་མི18ལ་ཏོག་གསར་གློ་ཚད་ཕོག་འདུག།

ཐུབ་ཀྱིས་བསྒྱུར།        2022-07-26

  སྤྱི་ཟླ7པའི་ཚེས23ཉིན་གྱི་ཆུ་ཚོད0ནས24བར། སི་ཁྲོན་ལ་ས་གནས་དེ་གའི་ཏོག་གསར་གློ་ཚད་ཕོག་མཁན་མི18གསར་དུ་བྱུང་ཡོད། དེའི་ནང་དུ་ཁྲེང་ཏུའུ་གྲོང་ཁྱེར་ལ16དང་མེན་ཧྲན་ལ2ཡོད། ནད་དུག་ཕོག་ཀྱང་ནད་རྟགས་ཐོན་མེད་པའི་ནད་པ33ཡོད་ཅིང་། དེའི་ནང་དུ་ཁྲེང་ཏུའུ་ལ28དང་མེན་ཧྲན་ལ5ཡོད། ཕྱི་རྒྱལ་ནས་ཡོང་བའི་ནད་པ2དང་ནད་རྟགས་མེད་པའི་ནད་པ9ཡོད་ཅིང་ཚང་མ་ཁྲེང་ཏུའུ་ལ་ཡོད། ནད་དྲག་ནས་སྨན་ཁང་ནས་བུད་མཁན་མེད་ལ། དོགས་ཡོད་ནད་པ་གསར་དུ་བྱུང་མེད་ཅིང་། ནད་པ་ཤི་མཁན་ཡང་བྱུང་མེད་པ་རེད།

   སྤྱི་ཟླ7པའི་ཚེས23ཉིན་གྱི་ཆུ་ཚོད24བར་ལ། ཞིང་ཆེན་ཡོངས་སུ་ཉེན་ཁ་ཆེ་བའི་ས་ཁུལ46ཡོད་ཅིང་། ཉེན་ཁ་འབྲིང་བའི་ས་ཁུལ58ཡོད་ལ། ཉེན་ཁ་ཆུང་བའི་ས་ཁུལ12ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྲིད་གཙང་སྤྱོད་གཙང་སྐོར་གྱི་སློབ་གསོ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།