གཉའ་ཁྲིའི་གོང་དུ་བོད་ཡུལ་ལ་ཤིང་བཟོ་དང་རྡོ་བཟོ་བྱེད་པོ་ཡོད་དམ།

        2026-06-15

གཉའ་ཁྲིའི་གོང་དུ་བོད་ཡུལ་ལ་ཤིང་བཟོ་དང་རྡོ་བཟོ་བྱེད་པོ་ཡོད་དམ།


    རྒྱལ་ཕྲན་སིལ་མ་བཞི་བཅུའི་སྐབས་སུ་ལྕགས་གཏེར་རྙེད་ནས་ལྕགས་རིགས་ཀྱི་ལག་ཆ་བེད་སྤྱོད་ཐུབ་པའི་དུས་སྐབས་བྱུང་ནས། ལྕགས་རིགས་ཀྱི་ཤིང་བཟོ་དང་རྡོ་བཟོ་སོགས་ཀྱི་ལག་ཆ་མཛེས་ཆ་ལྡན་ཞིང་སྤུས་ཚད་དག་པོ་བྱེད་ཤེས་པ་བྱུང་ནས་རིམ་བཞིན་ཤིང་བཟོ་དང་རྡོ་བཟོའི་བྱ་བ་བྱེད་སྲོལ་ཅི་རིགས་བྱུང་ཡོད་པ་རེད། དེ་ནས་ས་ཞིང་འདེབས་པའི་ཡོ་བྱད་ཐོང་གཤོལ་དང་། འཇོར། གཉའ་ཤིང་སོགས་བྱེད་ནས་མཛོ་དང་རྟ་དང་གཡག་གླང་གི་གཉའ་ལྟག་ལ་གཉའ་ཤིང་བཅིངས་ནས་ཞིང་རྨོ་བ་དང་ཁང་པ་ལས་བྱེད་ཀྱི་ཤིང་རིགས་བཅད་པ་དང་། ཕྱུགས་རིགས་དཀར་ནག་མང་པོའི་སྤུ་བྲེག་ནས་ཐགས་ལས་བྱེད་པ་སོགས་དར་བ་ཡིན་ཏེ། བོན་འབྱུང་ལས། དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ། ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས། སྤུ་བྲེག་ཐག་ཚེམས་ཞིང་འདེབས་སོགས་ཤེས་དུས། འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང་། ཞེས་སོ།།


《གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་ཡ་ཐོག་གི་ལོ་རྒྱུས་དྲིས་ལན་སྒོ་བརྒྱ་པ》ལས་དྲངས། 



རྩོམ་པ་པོ། རིག་འཛིན་ཉི་མ།

རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:གཉའ་ཁྲིའི་གོང་དུ་བོད་ཀྱི་མི་རྒྱུད་ཐོག་མ་སྤྲེའུ་ཡིན་ནམ།༼༢༥༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།