ལེའུ་དྲུག་པ། ས་སྐྱ་པའི་སྲིད་སྐྱོང་དུས་རབས།
ཐུབ་བསྟན་ཕུན་ཚོགས། 2010-09-08
ལེའུ་དྲུག་པ། ས་སྐྱ་པའི་སྲིད་སྐྱོང་དུས་རབས།
FT31265-1349ས་བཅད་དང་པོ། ས་སྐྱ་པས་བོད་ཡོངས་ལ་དབང་སྒྱུར་བྱས་པ། FT3Z
Hགཅིག ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་བའི་རྒྱུ་རྐྱེན། )བོད་ཁམས་སིལ་བུར་གྱུར་པའི་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་ལ་ཡུལ་གྲུ་སོ་སོའི་རང་རང་གི་ཡུལ་དཔོན་ཆུང་ངུ་ཙམ་རེ་ལས་མེད་ཅིང༌། རིམ་བཞིན་མི་རྣམས་ཀྱིས་ཡོན་ཏན་ཅན་ལ་བརྩི་བཀུར་དང༌།
ཆོས་ལུགས་ལ་དད་པ་ཆེན་པོར་བྱུང་བའི་སྟབས་ཀྱིས། དཔལ་འབྱོར་གྱི་འཁོས་ཀ་ཅུང་ཟད་ཡོད་པ་རྣམས་ཀྱིས་རང་གི་བུ་རྒྱུད་ལ་རིག་གནས་སློབ་པ་དང༌། ཆོས་སྒོར་འཇུག རབ་ན་རྒྱ་གར་དུ་མངགས་ནས་ཆོས་དང་ལོ་ཙཱ་སློབ་ཏུ་འཇུག་གི་ཡོད། དེ་དག་བསླབ་པ་མཐར་ཕྱིན་ནས་སླར་བོད་དུ་ལོག་སྟེ་དགོན་གནས་གསར་འདེབས་དང༌། ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་སློབ་མ་མང་པོ་གསོ་སྐྱོང་གནང་གི་ཡོད་སྟབས། དེ་དག་དང་འབྲེལ་ཡོད་ཀྱི་སྡེ་འབངས་ཚང་མས་བླ་མ་དང༌། དགོན་བདག་ལ་དད་ཞེན་བརྩི་བཀུར་ཞུ་བར་མ་ཟད།
ཡོན་འབུལ་དང་ཞལ་འདེབས་གང་ནུས་སྒྲུབ་ཀྱིན་ཡོད་པས་རིམ་བཞིན་ཆོས་ཀྱི་སློབ་དཔོན་དང༌། ཡུལ་གྱི་དཔོན་པོ་སྦྲག་མར་གྱུར་པ་ན་དེ་དག་ཡུལ་སོ་སོའི་བླ་མ་རྣམས་མ་བསྐོས་རང་བྱུང་དུ་གྲུབ། དུས་དེར་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་བཞེད་ཇི་བཞིན་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་བ་གྲོགས་སྟོང་དུ་འགྲོ་བའི་དབེན་ས་རི་ཁྲོད་ཁོ་ན་འགྲིམས་པའི་དམ་པའི་ཆོས་ཡང་དག་པར་ཉམས་སུ་ལེན་པའི་རྗེ་བཙུན་མི་ལ་ལྟ་བུའི་བྱ་བྲལ་ཁག་ཅིག་བྱུང་བ་དང༌། ཁག་གཅིག་ནི་སྡེ་དམངས་སྤྱི་ཡིས་གུས་བཀུར་དང་དད་པ་ཐོབ་པའི་རྐྱེན་གྱིས་འཇིག་རྟེན་ཆོས་བརྒྱད་ཀྱི་རླུང་གིས་ཡང་ཡང་བསྐྱོད་དེ། དཔལ་འབྱོར་ལོངས་སྤྱོད་དང་དཔུང་རོགས་རྒྱབ་རྟེན་གང་ཐོབ་བྱེད་ཅིང༌།
དགྲ་འདུལ་གཉེན་སྐྱོང་གི་ཐབས་ལ་བརྩོན་པའི་ཡུལ་གྱི་དཔོན་པོའི་ལམ་དུ་བསྐྱོད་པའི་དུས་མཚམས་དེར་སླེབས་པ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་བསྐྱོད་པའི་རྨང་གཞི་ཆགས། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་ཟིན་པའི་རྗེས་སུ་རང་རེ་བོད་ཀྱི་བླ་ཆེན་རྣམས་དཔོན་ཆེན་གྱི་རྣམ་པ་ལྟ་བུས་མཛད་འཕྲིན་སྐྱོང་ཚུལ་འདི་ནི་ཧོར་དང༌། ཏཱ་མིང༌། མན་ཇུ་གོང་མ་རྣམས་ཀྱིས་ཆེ་བསྟོད་དང་མངའ་གསོལ་ལ་བརྟེན་ནས་བྱུང་སྟེ། དཔེར་ན་བོད་སིལ་བུའི་སྐབས་སུ་བྱུང་བའི་ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མངའ་བདག་མར་པ་ལོ་ཙཱ་བ། མཁས་གྲུབ་ཁྱུང་པོ་རྣམ་འབྱོར། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། འཁོན་སྟོན་དཀོན་མཆོག་རྒྱལ་པོ། ་པ་ཆོས་ཀྱི་སེང་གེ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་མང་པོ་ཡོད་པ་དེ་དག་ཐམས་ཅད་གནས་ཡུལ་གཅིག་ཏུ་ངེས་པ་མེད་པ། ཆོས་དང་རིག་གནས་གང་དུ་དར་བའི་ཡུལ་དེར་ཕེབས་ནས་ཐོས་བསམ་གནང་བ་དང༌། གདུལ་བྱ་སྐྱོང་བ། བྱོན་པའི་ཚེ་ནའང་སྐུ་ཆས་ཡོ་བྱད་འགེལ་བའི་རྟ་དྲེལ་རེ་གཉིས་དང༌། འཁོར་དུ་སློབ་བུ་རེ་གཉིས་དང་འགྲོགས་ནས་འབྱོན་གྱིན་ཡོད་པར་མ་ཟད། སྐབས་འགར་རང་ཉིད་གཅིག་པུར་ཞབས་ཐང་དུ་ཁུར་པོ་བསྣམས་ནས་འབྱོན་གྱིན་ཡོད་པ་མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ཕེབས་ཚུལ་ཁོ་ན་ཙམ་ལ་བལྟས་ན་ཤེས། ཡོན་གོང་མ་སེ་ཆེན་ཧན་གྱིས་ས་པཎ་ཁུ་དབོན་ཧོར་ཡུལ་དུ་གདན་འདྲེན་ཞུས་ཤིང་དབུ་བླར་བཀུར། འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་ཆོལ་ཁ་གསུམ་གྱི་མངའ་བདག་ཏུ་བསྐོས་པ་ནས་བཟུང༌། དུས་རབས་རིམ་བྱུང་གི་བོད་ཀྱི་བླ་ཆེན་རྣམས་ལ་ཧོར་གོང་མ་དང༌།
ཏ་མིང་གོང་མ། མན་ཇུ་གོང་མ་རྣམས་ཀྱིས་སྔ་ཕྱིར་རིམ་བཞིན་བདག་རྐྱེན་དང་ཆོ་ལོ་གནང་བའི་དབང་གིས་བཞུགས་གནས་ལ་ཕོ་བྲང་དང༌། གསེར་ཁྲི། འབྱོན་ལམ་དུ་གདུགས་དང་ཕེབས་བྱམས་སོགས་རྟ་པ་བརྒྱ་ཚོ་མང་པོས་བསྐོར་ནས་ལྷ་ཆེན་གཡུལ་ལ་ཆས་པ་ལྟར་ཕེབས་བསུ་བྱེད་སྲོལ་བྱུང༌། དེ་ནི་སྔར་བོད་ཀྱི་བླ་མ་རྣམས་ཀྱི་བྱ་གཏོང་ཕྱོགས་མེད་དུ་འགྲིམས་པའི་རྒྱལ་ཁམས་པའི་འཚོ་བའི་སྤྱོད་ལམ་དེ། ཐོབ་དང་སྙན་གྲགས་ལྡན་པའི་ཁྲི་གདུགས་བར་གྱི་མི་ཆེན་གྱི་འཚོ་བའི་ལམ་དུ་བསྐྱོད་པའི་དུས་མཚམས་ཤིག་ཏུ་སླེབས། དེ་འདྲ་ཡིན་ཕྱིར་འགྲོ་མགོན་འཕགས་པ་ནས་བཟུང་བོད་ཀྱི་བླ་ཆེན་ཕལ་གྱི་སྙན་གྲགས་དང་མཛད་འཕྲིན་དེ་སྲིད་ཀྱི་དབང་ཤུགས་དང་ལྷན་དུ་དར་རྒྱས་ཡོང་གི་ཡོད་པ་གསལ་པོར་མཐོང་ཐུབ། གཞན་ཡང་གྲུབ་མཐའ་ཁག་སོ་སོའི་བླ་ཆེན་རྣམས་ཀྱིས་རང་རང་གི་དཔུང་རོགས་དང་རྒྱབ་རྟེན་བཙལ་ནས་བོད་ཀྱི་སྲིད་དབང་འཛིན་ཐུབ་པའི་ཐབས་ལ་བརྩོན་པ་བྱས་པའི་ཚུལ་ལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་》ལས། བོད་ཀྱི་རབ་བྱུང་གསུམ་པའི་ས་བྱ་སྟེ་སྤྱི་ལོ་1189ལོར། མོང་གོལ་མི་རིགས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་མོང་གོལ་ཚོ་པ་ཁག་གཅིག་འགྱུར་བྱས་རྗེས། རིམ་བཞིན་ཡ་གླིང་དཀྱིལ་མ་དང་ནུབ་མ། ཨོ་གླིང་ཤར་བརྒྱུད་བཅས་ལ་རྒྱང་བསྐྱོད་དམག་འཁྲུག་བྱས་ཏེ་ཐོག་མར་ཕྱི་ནས་ཡོང་བའི་བཙན་འཛུལ་སྟོབས་ཤུགས་ཟིལ་གྱིས་མནན་མཐར། གཞི་ནས་ཀྲུང་གོའི་རྒྱལ་ནང་དུ་གཅིག་འགྱུར་བྱེད་པའི་དམག་འཁྲུག་བརྒྱབ་པ་བརྒྱུད་ཤིས་ཞ་དང༌། སུང་ལྷོ་མ། ཅིན་རྒྱལ་རབས་གསུམ་ཕུད་པའི་རྒྱལ་ནང་གི་ས་ཁུལ་མང་ཆེ་བ་ལ་དབང་བསྒྱུར་བྱས་ཤིང༌། སྐབས་དེར་བོད་ནང་ཁུལ་དུ་ཆོས་ལུགས་ཚོགས་པ་ཁག་དང༌། ཆབ་སྲིད་སྟོབས་ཤུགས་ཕྱོགས་ཁག་རྣམས་གཅིག་གྱུར་མེད་པའི་གོ་སྐབས་དང་བསྟུན་ནས། བོད་ཀྱི་རབ་བྱུང་གསུམ་པའི་མེ་སྟག་སྟེ་སྤྱི་ལོ་1206ལོར་བོད་དབུས་གཙང་དུ་དམག་དཔུང་བཏང་བས་སྐབས་དེའི་བོད་དབུས་གཙང་མངའ་རིས་བཅས་ཀྱི་འགོ་པ་ཚང་མས་རྒོལ་ལན་སློག་མ་ནུས་པར་མགོ་བཏགས་ཞུས་ཐོག ས་སྐྱའི་བླ་མ་དང་ཐོག་མའི་འབྲེལ་བ་བྱུང༌། བོད་དབུས་གཙང་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུ་དང༌།
ཆོས་དཔེ་མང་པོ་སོག་ཡུལ་དུ་ཁྱེར་ཏེ་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བའི་འགོ་ཚུགས། བོད་ཀྱི་རབ་བྱུང་བཞི་པའི་མེ་ཕག་སྟེ་སྤྱི་ལོ་1227ལོར། ཇིང་གེར་ཧན་གྱིས་ཤིས་ཞ་རྒྱལ་རབས་མངའ་འོག་བསྡུས་རྗེས། ཤིས་ཞ་རྒྱལ་པོའི་བླ་མ་གཙང་པ་དུང་ཁུར་པ་དབང་ཕྱུག་བཀྲ་ཤིས་ལ་ཆོས་ཞུས་ཏེ་བོད་ས་གནས་ཀྱི་གྲྭ་པ་རྣམས་ཁྲལ་དང་དམག་ཁྲལ་རྒྱུགས་མི་དགོས་པའི་བཀའ་ཤོག་ཟེར་བ་ཡོངས་བསྒྲགས་བྱས་ནས་ཆོས་བྱེད་དགེ་འདུན་པ་རྣམས་ལ་དམིགས་བསལ་དབང་ཆ་ཆེན་པོ་སྤྲད། ཡིན་ནའང་སྐབས་དེར་བོད་དུ་ཡོད་པའི་ཆོས་ལུགས་ཚོགས་པ་ཁག་རྣམས་ལ་སོ་སོའི་སྟོབས་ཤུགས་ཁྱབ་ཁོངས་མི་འདྲ་བ་ཡོད་ཐོག རང་རང་སོ་སོས་སྒེར་བཟུང་བྱས་པའི་ས་ཞིང་དང༌། འབྲོག་ཐང༌། སེམས་ཅན། བྲན་གཡོག་བཅས་མང་ཙམ་ཡོད་རུང༌། ཚོགས་པ་ཁག་སོ་སོའི་རྒྱབ་རྟེན་བཅོལ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཁག་ནི་གཅིག་འོག་ལ་མི་འདུས་པའི་ཁ་ཐོར་དགུ་ཐོར་ཡིན་པར་བརྟེན། ཆོས་ལུགས་ཚོགས་པ་ཁག་གིས་སོ་སོའི་ཆོས་ལུགས་སྟོབས་ཤུགས་གོང་འཕེལ་དང་སྲ་བརྟན་གཏོང་དགོས་ན། ངེས་པར་དུ་རང་ཉིད་ཀྱི་རྒྱབ་རྟེན་བཅོལ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ཡང་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་གང་ཅིའི་ཐད་ནས་སྟོབས་ཤུགས་ཆེ་ཞིང་གཅིག་གྱུར་ཆེ་ཙམ་ཡིན་པ་ཞིག་ལ་བརྟེན་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་པར་མཐོང་ནས།
བོད་ཀྱི་རབ་བྱུང་བཞི་པའི་ས་ཕག་ ཡོན་རྒྱལ་རབས་ཀྱི་གོང་མ་གོ་དན་རྒྱལ་པོའི་ཁྲི་ལོ་དྲུག་པ་ སྤྱི་ལོ་1239ལོར། ས་སྐྱ་པ་དང༌། ཕག་མོ་གྲུ་པ། འབྲི་གུང་པ། ཚལ་པ། སྟག་ལུང་པ། གཡའ་བཟང་པ་བཅས་ཀྱིས་སོག་ཡུལ་དུ་མི་སྣ་མངགས་ཏེ་ས་སྐྱ་བས་ཨོ་གོ་ཏའི་རྒྱལ་པོ་ལ་མགོ་བཏགས་ཞུས་ཤིང༌། དེ་དང་འདྲ་བར་ཕག་མོ་གྲུ་པ་དང༌། གཡའ་བཟང་པ་གཉིས་ཀྱིས་རྒྱལ་སྲས་ཧུ་ལའི་ཧུ་ལ་མགོ་བཏགས་ཞུས་པ་དང༌། འབྲི་གུང་པ་དང༌། གཙང་མགུར་མོ་པས་རྒྱལ་སྲས་སེ་ཆེན་ཧན་ལ་མགོ་བཏགས་ཞུས། སྟག་ལུང་པས་རྒྱལ་སྲས་ཨ་རི་བོ་ག་ལ་མགོ་བཏགས་ཞུས་རྗེས་ཁོ་ཚོར་རྒྱལ་པོ་དང་རྒྱལ་སྲས་སོ་སོའི་མངའ་ཁོངས་བོད་ཀྱི་ས་གནས་ཁག་ནས་རྒྱ་ཁྱོན་ཧ་ལམ་འདྲ་བའི་མཆོད་གཞིས་སྤྲད་པ་རེད། ཕག་མོ་གྲུ་པ་ལ་ཧུ་ལའི་ཧུས་སྤྲད་པའི་མཆོད་གཞིས་མི་སེར་ཐེམ་གྲངས་ཉིས་སྟོང་བཞི་བརྒྱ་སུམ་ཅུ་སོ་བརྒྱད།
འབྲི་གུང་པ་ལ་མོང་གོལ་ཧན་གྱིས་སྤྲད་པའི་མཆོད་གཞིས་མི་སེར་ཐེམ་གྲངས་སུམ་སྟོང་དྲུག་བརྒྱ་སུམ་ཅུ། ཚལ་པ་ལ་སེ་ཆེན་ཧན་གྱིས་སྤྲད་པའི་མཆོད་གཞིས་མི་སེར་ཐེམ་གྲངས་སུམ་སྟོང་བདུན་བརྒྱ། གཡའ་བཟང་པ་ལ་ཧུ་ལའི་ཧུས་སྤྲད་པའི་མཆོད་གཞིས་མི་སེར་ཐེམ་གྲངས་སུམ་སྟོང༌། སྟག་ལུང་པ་ལ་ཨ་རི་བོ་གས་སྤྲད་པའི་མཆོད་གཞིས་མི་སེར་ཐེམ་གྲངས་ལྔ་བརྒྱ། ས་སྐྱ་པ་ལ་གོ་དན་རྒྱལ་པོས་མངའ་རིས་སྐོར་གསུམ་ཕུད་པའི་ལ་སྟོད་ལྷོ་བྱང་གཉིས་དང༌། གུར་མོ་ཆུ་མིག ཤངས། ཞྭ་ལུ། ཡར་འབྲོག་བཅས་ཁྲི་སྐོར་བདུན་གྱི་ས་ཆ་དང༌། མི་སེར་ཐེམ་གྲངས་ཆིག་ཁྲི་སྟོང་མེད་བརྒྱད་བརྒྱ་བརྒྱད་ཅུ་གྱ་ལྔ་སྤྲད་ཡོད་པ་རེད། ཅེས་འཁོད་པ་དང༌། དགོན་པ་སོ་སོའི་འགོ་པ་རྣམས་ཀྱིས་རང་རང་གི་རྒྱབ་རྟེན་བཙལ་ནས་རང་ལ་དབང་བའི་མངའ་འབངས་དང་ཡུལ་གྲུ་རྒྱ་སྐྱེད་བྱས་ཚུལ་གསལ་བར་བཀོད་ཡོད་པ་འདི་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་བའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་གསུངས། འོན་ཀྱང་གོང་དང་ཅུང་མི་འདྲ་བར་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་》ལས། ཇིང་གི་སི་ལ་སྲས། ཇོ་ཆི་དང༌། ཆ་ག་ཏའེ། ཨོ་གོ་ཏའེ། ཐོ་ལོ་ནོ་ལ་སོགས་དགུ་ཡོད། རྒྱལ་པོ་རང་ཡོད་དུས་སྲས་ཆེ་བ་གཉིས་པོས་རྒྱལ་ས་ལ་མི་རྩོད་པའི་ཡི་གེ་བཅུག་ནས། གཡས་རུ། གཡོན་རུའི་རྒན་པ་ལ་བསྐོས། ནུ་བོ་ཆེ་བ་ཨོ་གོ་ཏ་ཡིས་རྒྱལ་ས་ལོ་དྲུག་མཛད། ཇོ་ཆི་ལ་བུ་བརྒྱད་དང༌། ཆ་ག་ཏའེ་ལ་བུ་དགུ་ཡོད། ཨོ་གོ་ཏའི་སྲས་ཆེ་བ་གོ་ཡུག་རྒྱལ་པོས་རྒྱལ་ས་ཟླ་བ་དྲུག་མཛད། དེའི་ནུ་བོ་གོ་དན་ལ་སོགས་བདུན་ཡོད།
གོ་ཡུག་ལ་བུ་གསུམ་ཡོད། ཐོ་ལོ་ནོ་ཡོན་གྱིས། སྔར་ཡི་གེ་མ་ཤོར་བས། རྒྱལ་ས་ལ་རྩོད་པ་ཡོད་ཅིང༌། དེ་དང་བཙུན་མོ། ཟ་ཡིན་ཨེ་ཁ་ཟོ་རོག་ཏའི་བུ་ཆེ་བ། མོང་གོ་གན་འབྲི་གུང་པ་དང་ཡོན་དུ་འབྲེལ། གྱིས། རྒྱལ་ས་ལོ་དགུ་མཛད། སྲས་གཉིས་པ།
སེ་ཆེན་གོ་དནརྗེ་ས་པཎ་དང་འབྲེལ། ། གསུམ་པ་གུ་པེ་ལ་ཤི་སི་ཆེན་གན་
སྔོན་མ་གུང་ཐང་པ་དང་འབྲེལ། ཤིང་མོ་ཕག་ལོ་ལ་འཁྲུངས།
རྒྱལ་ས་ལོ་སུམ་ཅུ་སོ་ལྔ་མཛད། བཞི་པ་ཨ་རི་བྷོ་ག
ཀརྨ་པ་དང་འབྲེལ། ལྔ་པ་ཧུ་ལ་ཧུ། འབྲི་གུང་པ་དང་འབྲེལ།
འདི་ལྷག་པའི་རྒྱལ་པོ་ཡིན་ཟ་ནས། རྒྱལ་ཁམས་ཚོལ་བ་ལ།
སྟོད་དུ་བཏང་བས། དེ་ནས་སྟོད་ཧོར་དུ་གྲགས་པ་འདི་བྱུང་བ་ཡིན་ནོ།
ཞེས་བྲིས་འདུག་པ་འདི་དང་སོག་ཡིག་ནང་དུ་བྲིས་པའི་སོག་པོའི་རྒྱལ་རབས་དང་གཅིག་མཐུན་བྱུང་འདུག བོད་ཀྱི་བླ་མ་རྣམས་ཀྱིས་འབྲེལ་ཡོད་ཀྱི་སོག་རྒྱལ་འདི་དག་གི་གནས་ཚུལ་འོག་གི་པར་རིས་དང༌། རེ ་མིག་དག་ལས་ཤེས་པར་གྱིས་ཤིག ས་སྐྱའི་ཁྲི་རབས་དང་འབྲེལ་བའི་སོག་པོའི་རྒྱལ་རབས་ཀྱི་རེ ་མིག
BG(!BHDFG4FK40FG
ENGHIS ཇིང་གི་སི། ཧོར་ཇིང་གི་རྒྱལ་པོ།
1162-1227BHDG6K104JOCHI ཇོ་ཆི། 1179-1225CHACHATAL
ཆ་ག་ཐེ།
1183-1242OGODEI ཨོ་གོ་ཏའེ། 1186-1241ཇིང་གི་རྒྱལ་པོའི་ཁྲི་འཛིན།
TOLUI ཐོ་ལུ། 1193-1232
BHDG2WK5FK10WK10FK10K5W]
BHDWG10WK5FK13K72FK3FZB(BHDG10K72GUYUK གུ་ཡུག
1206-1248ཨོ་གོ་ཏའི་ཁྲི་འཛིན། འདི་ལ་སྲས་མེད། GO
DEN གོ་དན། རྒྱལ་བུ་འདིས་ས་པཎ་གདན་འདྲེན་ཞུ་མཁན་ཡིན། ZB)
BHDWG6,FK82WK19FK5WZB(BHDG6,FK82BATU བ་ཐུ། 1209-1256
སྲས་གཉིས་པ་ཡིན། BERKE བེར་ཁེ། སྲས་གསུམ་པ་ཡིན། ZB)
BHDWG2,WK35FK5W
BHDG10,FK104MONGKE མོང་ཁེ། 1208-1259 ཐོ་ལུའི་སྲས་དང་པོ་ཡིན།
གུ་ཡུག་ཁེ་གྲོངས་རྗེས་སོག་རྒྱལ་བཞི་པར་གྱུར། F
T5KUBLAL ཁུ་པེ་ལའེ།
1215-1294 ཐོ་ལུའི་སྲས་གཉིས་པ། སོག་རྒྱལ་ལྔ་པ་ཡིན།
FT5HUL
AGU ཧུ་ལ་གུ། 1219-1265 སྟོད་ཧོར་གྱི་རྒྱལ་པོ་ཡིན། PersiaARIG
H BOKE ཨ་རིག་བོ་ཁེ། ?-1266 སོག་པོའི་རྒྱལ་རབས་ཀྱི་དཔེ་རིས་འདི་ནི་དབྱིན་ཡིག་ཏུ་བྲིས་པའི་སོག་པོའི་རྒྱལ་རབས་ལས་བཤུས་པ་ཡིན།
འདི་ནི་སོག་རྒྱལ་ཇིང་གི་སི་ནས་སོག་རྒྱལ་ཁུ་པེ་ལེའི་བར་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་སོག་ཡུལ་གཙོས་པའི་ཨེ་ཤེའི་ཡའི་ཡུལ་གྲུ་རྣམས་ལ་དབང་སྒྱུར་བྱེད་མཁན་གྱི་སོག་པོའི་རྒྱལ་རབས་རྣམས་ཡིན་ཞིང༌། རྒྱལ་པོ་འདི་དག་ས་པཎ་ལ་སོགས་བོད་ཀྱི་བླ་དཔོན་ཁག་དང་འབྲེལ་ཡོད་ཀྱི་རྒྱལ་རིགས་རྣམས་ཡིན་འདུག་པས། དེ་དག་གི་འཁྲུངས་འདས་ལོ་ཚིགས་རྣམས་སྐབས་དེའི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པ་ལ་ཧ་ཅང་ཁ་གསལ་བས་ཕན་ཐོགས་ཆེ་བར་སྣང༌། འཁྲུངས་འདས་ལོ་ཚིགས་འདི་དག་ནི་སོག་ཡིག་ཏུ་བྲིས་པའི་སོག་པོའི་ལོ་རྒྱུས་ནང་འཁོད་པ་ལྟར་བཀོད་པ་ཡིན། བོད་ཡིག་ཏུ་གོ་དན་རྒྱལ་པོ་ཞེས་པ་ས་པཎ་དང་འབྲེལ་བ་བྱེད་མཁན་དེ་ནི་དོན་དུ་སོག་རྒྱལ་མིན་སྟབས་དཔེ་རིས་འདིའི་ནང་བཀོད་མི་འདུག
ཁོང་ནི་དེང་དུས་མཚོ་སྔོན་ས་ཁུལ་གྱི་སོག་པོའི་སྡེ་པ་འདི་དག་གི་སྡེ་དཔོན་ཞིག་ཡིན་འདུག སོག་རྒྱལ་ཇིང་གེ་སི་ལ་སོགས་སོག་རྒྱལ་རྣམས་ཀྱི་དཔེ་རིས་བསྡུས་འགྲེལ།
1. སོག་རྒྱལ་ཇིང་གི་སི། ཨེ་ཤེའི་ཡ་དང་ཡོ་རོབ་ཤར་མའི་བར་དབང་སྒྱུར་བྱས་ཡོད།
རླབས་ཆེན་གྱི་སོག་རྒྱལ་དང་པོ་ཡིན། དེའི་སྲས་ཨོ་གོ་ཏ་སོག་རྒྱལ་གཉིས་པ་ཡིན།
ཨོ་གོ་ཏའི་སྲས་གུ་ཡུག་སོག་རྒྱལ་གསུམ་པ་ཡིན། དེ་ལ་གདུང་རྒྱུད་མེད་པས། སོག་རྒྱལ་བཞི་པ་ནི་ཇིང་གི་སིའི་སྲས་བཞི་པ་ཐོ་ལུའི་ ཐོ་ལོ་ནོ་ཡིན་ སྲས་དང་པོ་ཡིན། སོག་རྒྱལ་ལྔ་པ་ཁུ་པེ་ལེ་་སྲས་གཉིས་པ་ཡིན། སྤྱི་ལོ་1294ལོའི་བར་སོག་རྒྱལ་བྱས། 2. ལྔ་པ་ཨ་རིག་བོ་ཁེ། ཐོ་ལུའི་སྲས་ལྔ་པ་ཡིན བོད་ཡིག་ནང་འདི་སྲས་བདུན་པ་ཡིན་ཞེས་འཁོད་འདུག འདི་དང་ཁུ་པེ་ལེ་གཉིས་རྒྱལ་སྲིད་ལ་རྩོད་ནས་དམག་འཁྲུག་བྱས་པར་རྒྱལ་སྲིད་ཁུ་པེ་ལེ་ལ་ཐོབ། ཨ་རིག་བོ་ཁེ་ཡིས་དེང་དུས་སོག་ཡུལ་གྱི་ནུབ་བྱང་ས་ཁུལ་འདི་དག་གི་ཡུལ་དཔོན་བྱས།
3. ཧུ་ལ་གུ། བོད་ཡིག་ཏུ་ཧུ་ལ་ཧུ་ཟེར། འདི་ཐོ་ལུའི་སྲས་དྲུག་པ་ཡིན། དེར་སོག་སྐད་དུ། ཨི་ལི་ཧན་ཐི་il hanttཞེས་པའི་རྒྱལ་ཁབ་ཀྱི་རྒྱལ་པོ་བྱས། འདི་ལ་ཕེ་ཞིའི་ཡ་ Persiaརྒྱལ་ཁབ་ཟེར། དེང་དུས་ཨ་རབ་ཀྱི་ཡུལ་འདི་དག་ཡིན། བོད་ཡིག་ཏུ་སྟོད་ཧོར་ཟེར།
4.བ་ཐུ། འདི་ཇིང་གི་སིའི་སྲས་དང་པོ་ཇོ་ཆིའི་སྲས་གཉིས་པ་ཡིན། སྤྱི་ལོ་1243ལོར་སོག་སྐད་དུ། ཨ་ལི་ཐེན་ཨོ་རི་ཏི་ཨུལ་སི་ Alten ordi ulosཞེས་པའི་རྒྱལ་ཁབ་བཙུགས་ནས་རྒྱལ་ཁབ་འདིའི་རྒྱལ་པོ་བྱས། དེང་སང་ཨུ་རུ་སུའི་ཁོངས་སུ་གཏོགས་པ་ཡིན།
5. ཆ་ག་ཏ། ཇིང་གི་སིའི་སྲས་གཉིས་པ་ཡིན། དེང་དུས་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སོག་སྡེ་འདི་དག་གི་རྒྱལ་པོ་ཡིན། དཔེ་རིས་ནང་དུ་ཡོད་པའི་ཇིང་གི་སིའི་རྒྱུད་པ་འདི་དག་ནི་རྒྱལ་པོའི་ཐོབ་ཐང་ཡོད་པ་རྣམས་ཡིན་འདུག་པ་ལས། འདིའི་སྲས་རྒྱུ་རྣམས་དང་དེའི་རྒྱུད་པ་ཧ་ཅང་མང་པོ་ཡོད་པ་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་》གི་ལུང་གོང་དུ་དྲངས་ལས་གསལ་བར་ལྟར་རོ། གཉིས། འཁོན་གྱི་གདུང་རྒྱུད་ཇི་ལྟར་བྱུང་བའི་སྐོར། དཔལ་ལྡན་ས་སྐྱའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྒྱས་པ་ནི་འཁོན་གྱི་གདུང་རྒྱུད་ཐོག་མར་བྱུང་ཚུལ་ནས་ད་ལྟའི་བར་གྱི་གདུང་རབས་སོ་སོའི་ལོ་རྒྱུས་ཚང་ལ་མ་ནོར་བར་བརྗོད་པ་《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》དང༌། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་》དང༌། 《ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ་》ཅེས་པ། མི་རིགས་དཔེ་སྐྲུན་ཁང་དང༌། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་སྔ་ཕྱིར་པར་དུ་བཏབ་པའི་དེབ་གསུམ་ཡོད་པ་དེར་བལྟ་བར་བྱ་ལ། གདུང་རབས་ཀྱི་སྤྱི་དོན་ཙམ་ཞིག་ཤེས་པར་བྱེད་པའི་ཆེད་དུ་འདིར་《དེབ་ཐེར་ཀུན་གསལ་མེ་ལོང་》དུ་འཁོད་པ་ལྟར་མདོར་བསྡུས་ཙམ་དགོད་དོ། ། དེ་ཡང་《དཔལ་ལྡན་ས་སྐྱའི་གདུང་རབས་འདོད་རྒུའི་རྒྱ་མཚོ་》ལས། རུས་ནི་བོད་ཀྱི་རུས་ཆེན་བཞི་དང༌། མི ་རུས་དྲུག་སོགས་ལས་ཆད་པ་ཡིན་ཞེས་གྲགས། གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ། སྔོན་གནམ་སྤྱི་རིང༌། གཡུ་རིང༌།
གཡུ་སེ་སྟེ་མཆེད་གསུམ་དུ་གྲགས་པ་མི་ཡུལ་དུ་བབས་པ་ལ་མིའི་རྗེ་ཞུས་པས། ཆུང་བས་མིའི་རྗེ་མཛད། ཅེས་འཁོད་ཡོད། ཆུང་བ་གཡུ་སེས་མིའི་རྗེ་མཛད་པས། དེ་ལ་བྱི་ལི་སོགས་སྲས་སྤུན་བཞི་འཁྲུངས། དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་བཏུལ་ཏེ་བྲན་ཏུ་བཀོལ།
གཡུ་རིང་གིས་རྨུའི་བུ་མོ་དམུ་ས་ལྡེའུམ་ཁབ་ཏུ་བཞེས་པར་སྲས་མ་སངས་སྤུན་བདུན་བྱུང༌།
སྲས་ཆེ་བ་དྲུག་དང་ཡབ་རྗེ་ལྷ་ཡུལ་དུ་གཤེགས། སྲས་བདུན་པ་ཐོག་ལྷ་འོད་ཅན་གྱི་བུ་མོ་ཐོག་ལྕམ་འུར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་སྟག་འཁྲུངས། སྲས་དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་རྟ་སོ་འོད་ཆེན་འཁྲུངས། དེ་ཡན་ཆད་བར་སྣང་དུ་བཞུགས་ཟེར་སྐད། ཀླུ་ཚ་རྟ་སོ་འོད་ཆེན་གྱིས་མོན་བཟའ་མཚོ་མོ་ཁབ་ཏུ་བཞེས་པ་ལ།
སྲས་ཤིག་གཡའ་དང་སྤང་གི་མཚམས་སུ་སྐྱེས། མཚན་ལ་གཡའ་སྤང་སྐྱེས་ཞེས་བཏགས། ཡུལ་དེར་གནས་པའི་རི་གཡས་རུ་ཤངས་ཀྱི་ནུབ་བྱང་ན་བྱང་རི་ཀུན་ལས་མཐོ་བ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེར་གཡའ་སྤང་ཞེས་གྲགས། དུས་དེར་སྲིན་པོ་སྐྱ་རེངས་ཁྲག་མེད་ཅེས་བྱ་བ་ལ་ཆུང་མ་གཡའ་གྲུམ་བསིལ་མ་ཞེས་པ་མཐོང་ཙམ་གྱིས་ཡིད་དབང་འཕྲོག་པ་ཞིག་ཡོད་པས། གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་དང་འཐབ་ནས་སྲིན་པོ་བསད། ཆུང་མ་གཡའ་གྲུམ་བསིལ་མ་ཁབ་ཏུ་བླངས་ནས་སྲས་ཤིག་འཁྲུངས་པ་ལ། འདི་ནི་ལྷ་སྲིན་འཁོན་པའི་བར་དུ་འཁྲུངས་སྟབས་མཚན་ལ་གཡའ་ཕྲུག་འཁོན་བར་སྐྱེས་སུ་བཏགས།