སྤུན་མཆེད་བར་གྱི་འཛེམ་བྱ།

        2011-09-06

སྤུན་མཆེད་བར་གྱི་འཛེམ་བྱ།
 

བོད་མིའི་ཡུལ་སྲོལ་གོམས་གཤིས་ལ་ཕ་དང་བུ་མོའི་བར་དང་།གཅེན་པོ་དང་གཅུང་མོའི་བར།གཅུང་པོ་དང་གཅེན་མོའི་བར།ཨ་ཞང་དང་ཚ་མོའི་བར།སྲུ་མོ་དང་ཚ་བོའི་བར།ཨ་ཁུ་དང་དབོན་མོའི་བར།ཨ་ནེ་དང་དབོན་པོའི་བར་ལ་སོགས་སྤུན་མཆེད་ཕོ་མོ་ཕན་ཚུན་བར་ངོ་ཚ་སྲུང་ནས་བཙོག་གཏམ་ཙམ་ལ་ཡང་འཛེམ་པ་བྱ་དགོས་པ་མ་ཟད།ངོ་ཚ་བའི་ལྟད་མོ་ཡང་མཉམ་དུ་ལྟ་སྲོལ་མེད།དཔེར་ན་གཉེན་སྒྲིག་སྐོར་གྱི་གྲོས་མོལ་བྱེད་དགོས་ཚེ་ངེས་པར་དུ་ཕ་དང་བུའི་བར་གྲོས་བསྡུར་བྱེད་པའམ་ཡང་ན་མ་དང་བུ་མོའི་དབར་གྲོས་བསྡུར་བྱེད་པ་ལས།མ་དང་བུའི་བར་རམ་ཡང་ན་ཕ་དང་བུ་མོའི་བར་གྲོས་བསྡུར་བྱེད་སྲོལ་མེད།དེ་ལྟར་འཛེམ་དགོས་པའི་རྒྱུ་མཚན་ནི་གཉེན་སྒྲིག་སོགས་འཇིག་རྟེན་ཆགས་སྲེག་གི་བྱ་བ་དག་ཉོན་མོངས་པའི་ཀུན་སྤྱོད་ལ་བརྩི་བ་མ་ཟད།ཐ་ན་དེའི་ཐད་ཀྱི་སྐད་ཆའང་མི་དགེ་བར་བརྩི་བའི་རིང་ལུགས་ལས་བྱུང་བ་ཡིན་སྐད་འདུག(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
གངས་དབང་གིས་པར་བླངས།
  • ལེ་ཚན་སྔོན་མ།:མི་ཤི་བྱུང་རྗེས་ཀྱི་འཛེམ་བྱ།
  • ལེ་ཚན་རྗེས་མ།:བོད་ཀྱི་སྲོལ་རྒྱུན་ཁག་གཉིས་ཀྱི་མཚམས་སྦྱོར་མདོར་བསྡུས།