ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།

ཐུབ་བསྟན་དང་མཁས་གྲུབ། ཨོ་རྒྱན། བདེ་ཆེན།        2017-09-27

   ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།

   མི་ཞིག་ལོ་ན་མི་འདྲ་བ་དང་འཚོ་བའི་དུས་རིམ་མི་འདྲ་བའི་ཁྲོད་དུ་སྤྱི་ཚོགས་འཚོ་བའི་མི་སྣ་རིགས་གཅིག་ནས་གཞན་ཞིག་དུ་བརྒྱུད་པར་སྤྱིའི་ཆ་ནས་དབྱེ་ན་མི་བཙའ་བ་དང་འཚར་ལོངས་བྱུང་བ། གཉེན་སྒྲིག་པ། ཕྲུ་གུ་སྐྱེ་བ། གཤིན་པོ་དུར་འཇུག་སོགས་ཀྱི་ལུགས་སྲོལ་འདུས་ཡོད། ནང་བསྟན་ཆོས་ལུགས་ཀྱི་ཐད་ནས་བཤད་ན་མི་ཚེའི་གུས་སྲོལ་མཛད་སྒོ་ཡང་མི་ཞིག་སྐྱེས་པ་ནས་འཆི་བ་དང་། ཤི་བ་ནས་སྐྱེ་བའི་བར་འཁོར་ནས་སྐྱེ་བའི་བརྒྱུད་རིམ་ལས་མངོན་ཐུབ། དཀར་མཛེས་བོད་ཁུལ་དུ་ཆོས་ལུགས་ཀྱི་འདུ་ཤེས་དང་རིགས་དྲུག་འཁོར་བའི་འདུ་ཤེས་ཐམས་ཅད་ཀྱིས་ས་ཆ་འདིར་འཚོ་བ་བྱེད་བཞིན་ཡོད་པའི་མི་རྣམས་ཀྱི་མི་ཚེའི་འགྲུལ་ལམ་ཧྲིལ་པོར་མཚོན་ནུས་ཤིང་། ཁོ་ཚོས་མི་བཙའ་བ་དང་འཚར་ལོངས་བྱུང་བ། གཉེན་སྒྲིག་པ། ཕྲུ་གུ་སྐྱེ་བ། འཚོ་བ་བྱེད་པ། ནད་ཕོག་པ། འཆི་བ་བཅས་ཀྱི་བསམ་པའི་འཁྱེར་སོ་ལ་དེ་དག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

   ནར་སོན་པའི་གུས་ལུགས་མཛད་སྒོ།

    རྒྱལ་རོང་རོང་བྲག་རྫོང་གི་སོག་པོ་ཡུལ་ཤོག་ཏུ་བུ་མོ་ནར་སོན་ནས་ལོ་བཅོ་ལྔ་ནས་བཅུ་དྲུག་ལ་སླེབས་སྐབས་ཁྱིམ་རྒྱུད་དེས་མཉམ་འཛོམས་ཀྱིས་བཀྲ་ཤིས་མཆོད་ཅེས་པའི་ནར་སོན་པའི་གུས་ལུགས་མཛད་སྒོ་ཞིག་སྤེལ་རྒྱུ་ཡོད་པ་རེད། འབྲོག་ཕྱོགས་སུ་བུ་མོ་དག་ནར་སོན་རྗེས་མགོ་སྐྲའི་སླ་ལུགས་ལ་དབྱེ་བ་འབྱེད་རྒྱུ་ཡོད་པ་སོགས་ཀྱི་ཐུན་མིན་གྱི་གུས་ལུགས་མཛད་སྒོའི་ཡུལ་སྲོལ་ཧ་ཅང་མང་ངོ་།།

ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།
ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།

   མགྲོན་པོར་སྣེ་ལེན་བྱེད་སྲོལ།

     མགྲོན་པོ་སྣེ་ལེན་ལ་ཁ་བཏགས་ཀྱིས་སྣེ་ལེན་བྱེད་སྲིད་ལ། དེ་ནི་གུས་ཞབས་སམ་གུས་ལུགས་ཤིག་མཚོན་གྱིན་ཡོད་ལ། ལྷ་བླ་མ་དང་འགོ་དཔོན་པོ་སོགས་སུ་ཞིག་མཇལ་བའི་སྐབས་དང་། གཉེན་སྟོན་སོགས་ཀྱི་བྱེད་སྒོ་གང་ཡོད་ལ་ཁ་བཏགས་འབུལ་བ་ནས་ལས་ཀའི་མགོ་བརྩམས་སྲིད་ལ། ཁ་བཏགས་འབུལ་བ་ནི་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་མི་དང་མིའི་བར་གྱིས་བརྩེ་བའམ་གུས་ལུགས་ཤིག་མཚོན་གྱིན་ཡོད་པ་རེད།

 ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།         

   གཉེན་སྒྲིག་ལུགས་སྲོལ།

     དཀར་མཛེས་བོད་ཁུལ་གྱི་གཉེན་སྒྲིལ་ལུགས་སྲོལ་ནི་རྙོག་དྲ་དང་སྣ་མང་རང་བཞིན་ཞིག་ཡིན་ལ། ཁྲག་རྒྱུན་གྱི་ཉེ་འབྲེལ་ཡོད་པ་ཞིག་ཡིན་ན་གཉེན་སྒྲིག་མི་བྱ་ལ། དེ་མིན་དགའ་རོགས་བསྒྲིགས་པ་དང་གཉེན་རྟགས་བརྒྱབ་པ། གཉེན་སྟོན་གྱི་མཛད་སྒོའི་ལུགས་སྲོལ་སོགས་གཅིག་གྱུར་དུ་སྣང་།

 ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།
ལུགས་སྲོལ་འདི་དག་སེམས་ལ་ཨེ་ཡོད།

    བུའི་ཕྱོགས་ཀྱི་ཨ་ཞང་དང་གཉེན་ཉེ་ནང་མི་འདང་ཆེན་བཅས་མི་འགའ་རེས་ཆང་དང་ཁ་བཏགས་བཟུང་ཞིང་བུ་མོའི་ཕྱོགས་ལ་གཉེན་སློང་དུ་འགྲོ་སྲིད་ལ། ཕ་རོལ་པོར་འདོད་མཐུན་བྱུང་སྟེ་བུ་མོ་བག་མར་སྟེར་རྗེས་ཕྱོགས་གཉིས་ཀས་བླ་སྤྲུལ་སོགས་ཀྱི་སྐུ་མདུན་ནས་མོ་ལུང་རྩིས་གསུམ་བྱས་རྗེས་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོར་གཉེན་སྟོན་གྱི་བྱེད་སྒོ་སྤེལ་རྒྱུར་ཐག་བཅད་པ་རེད།


  • ལེ་ཚན་སྔོན་མ།:བོད་ཀྱི་མཆུ་སྦྱོར་གུས་ལུགས་ཀྱི་གོམས་སྲོལ་གླེང་བ།
  • ལེ་ཚན་རྗེས་མ།:བོད་མིའི་མནའ་བསྐྱལ་བའི་སྲོལ།