ལོ་གསར་སྐབས་ཀྱི་འཛེམ་བྱ།

        2011-09-06

ལོ་གསར་ཚེས་པ་གཅིག་ཉིན་རྟེན་འབྲེལ་གྱི་བྱ་བ་བཟང་པོ་ཁོ་ན་སྤེལ་དགོས་པ་ལས།ཁ་བརྡ་ངན་པ་ལ་སོགས་བཀྲ་མི་ཤིས་པའི་བྱ་བའི་རིགས་མི་ལྷག་པ་བྱ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱེད་སྲོལ་ཡོད།ལོ་གསར་པ་འདིའི་ནང་བཀྲ་ཤིས་ལོ་ལེགས་ཡོང་བ་དང་།བསམ་དོན་ལྷུན་གྱིས་འགྲུབ་ཕྱིར།གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་ཉིན་གད་ཕྱིས་མི་རྒྱག་པ་དང་།ཁ་རྩོད་མི་རྒྱག་པ།ཁ་ནས་བཀྲ་མི་ཤིས་པའི་སྐད་ཆ་མི་ཤོད་པ།གཞན་པར་གཤེ་གཤེ་མི་གཏོང་བ།མི་ཚང་གཞན་ནས་དངོས་ཟོག་གཡར་སྐྱིན་མི་བྱེད་པ།དཀར་ཡོལ་སོགས་པའི་སྣོད་ཆས་ཀྱི་རིགས་བཅག་གཅོག་མི་ཡོང་བ་བཅས་བྱེད་ཀྱི་ཡོད།གལ་ཏེ་དེ་ལས་གང་རུང་ཞིག་བྱུང་ན།རྣམ་རྟོག་ལ་བརྩིས་ནས་དགའ་པོ་གནང་གི་མེད།ཡང་ལ་ལ་བས་དེ་བཟློག་ཐབས་བྱེད་སྲོལ་ཡང་ཡོད།གཞན་ཡང་དེ་དུས་ཚེས་གཉིས་ཚིགས་མདོ་བསྐུམ་ཞེས་ཚོང་གཉེར་ལ་སོགས་ལས་ཀའི་རིགས་རྣམས་ཚང་མ་མཚམས་བཞག་ནས་དགའ་སྐྱིད་རྟེན་འབྲེལ་ཁོ་ནར་རོལ་གྱི་ཡོད།
  • ལེ་ཚན་སྔོན་མ།:ནང་སྐོར་ལས་ཕྱི་སྐོར་ལ་འཛེམ་དགོས་དོན།
  • ལེ་ཚན་རྗེས་མ།:མི་ཤི་བྱུང་རྗེས་ཀྱི་འཛེམ་བྱ།