ནང་སྐོར་ལས་ཕྱི་སྐོར་ལ་འཛེམ་དགོས་དོན།

        2011-09-06

ནང་སྐོར་ལས་ཕྱི་སྐོར་ལ་འཛེམ་དགོས་དོན།

གཡོན་སྐོར་རམ་ཕྱི་སྐོར་རྒྱག་པར་བོད་པ་རྣམས་འཛེམ་དགོས་དོན་ནི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྟེ།གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པའི་དཔེ་བྱད།ལས་སྐོར་ཕྱོགས་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱི་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པའོ།།ཅེས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་པ་ཚོས་གཡས་གཡོན་དང་ཕྱི་ནང་གི་དབྱེ་མཚམས་གསལ་པོར་འབྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད་ཅིང་།གཡས་ནི་ཡག་པ་དང་ནང་གི་དོན་ལ་བརྩི་བ།གཡོན་ནི་ཞན་པ་དང་ཕྱི་ཡི་དོན་ལ་བརྩི་བ་ཡིན།གྲལ་ལའང་གཡས་གྲལ་དེ་གནས་མཐོ་བར་བརྩི་གི་ཡོད།དེར་བརྟེན་གཡས་སྐོར་རམ་ནང་སྐོར་རྒྱག་པ་ལས་གཡོན་སྐོར་རམ་ཕྱི་སྐོར་རྒྱག་པར་འཛེམ་དགོས་པའི་གོམས་སྲོལ་ཆགས་པ་མ་ཟད།ཕྱི་སྐོར་རྒྱག་ན་ཉེས་དམིགས་ལ་ངོས་འཛིན་གྱི་ཡོད།ཆོས་ལུགས་ཀྱི་ཐོག་ནས་ཀྱང་ཕྱི་པ་དང་ནང་པའི་དབྱེ་བ་འབྱེད་སྲོལ་ཡོད་པ།རྒྱུ་མཚན་དེ་ནས་བྱུང་བ་ཡིན་ངེས་ལགས།
  • ལེ་ཚན་སྔོན་མ།:བཟའ་བཏུང་ཐད་ཀྱི་འཛེམ་བྱ།
  • ལེ་ཚན་རྗེས་མ།: ལོ་གསར་སྐབས་ཀྱི་འཛེམ་བྱ།