བོད་ཀྱི་དུར་ཁྲོད།

སྒ་བུས་བྲིས།    གཉན་པོ་གཡུ་རྩེ།    2011-05-31

མི་ལུས་ཤིག་བླངས་པ་ནས་མཐར་འཆི་བར་ཐུག་ཡོད་ལ། ཤི་བའི་ཚེ་ན་དུར་ཁྲོད་དུ་སྐྱེལ་དགོས་པའང་ཆོས་ཉིད་དོ། ། དེ་བས་བོད་མི་བྱུང་བ་ནས་འཆི་བ་བྱུང་ཡོད་ལ། འཆི་བ་བྱུང་བ་ནས་བོད་ཀྱི་དུར་ཁྲོད་ཀྱང་མགོ་བརྩམས་ཡོད། བོད་མི་བྱུང་ནས་དུས་རབས་མང་བོ་འདུས་ཤིང༌། དུས་རབས་ཀྱི་གོ་རིམ་ཁྲོད་དུ་བོད་མིའི་ཤེས་པའམ་གོ་རྟོགས་ལ་འཕེལ་རྒྱས་བྱུང་ཞིང༌། བོད་མིའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ནས། བོད་ཀྱི་དུར་ཁྲོད་ཀྱང་ཁ་ཇེ་ཚང་དང་འཐུས་ཇེ་ལེགས་སུ་གྱུར་ནས། དུར་ཁྲོད་ལ་དབྱེ་བའང་འགར་བྱུང་ཡོད།  ༡ བྱ་དུར།  ༢  ཆུ་དུར།  ༣  ས་དུར། ༤  མེ་དུར་རོ། །
གཅིག  བྱ་དུར།  བྱ་དུར་ལའང་གཉིས་ཡོད་དེ།
༡  དགོན་པའི་མཐའ་རུ་བེམ་པོ་གཙབས་ཏེ།  བྱ་རྒོད་ཀྱི་ཚོགས་ལ་སྟེར་བ།  ༢  ས་དབྱིབས་ལེགས་པའི་གནས་ཤིག་ཏུ་བེམ་པོ་བཞག་ནས་བྱར་ཟ་རུ་འཇུག་པ།
གཉིས་པ།  ཆུ་དུར།  ཆུ་དུར་ནི་བེམ་པོ་ཆུར་འཕངས་ནས་ཆུར་གནས་ཀྱི་ཤ་གཟན་སྲོག་ཆགས་ལ་ཟ་རུ་འཇུག་པ།
གསུམ་པ།ས་དུར།  ས་དུར་ནི་བེམ་པོ་ས་འོག་ཏུ་བཅུག་ནས་ས་འོག་གི་འབུ་སྲིན་ལ་ཟ་རུ་འཇུག་པ།
བཞི་བ།  མེ་དུར།  མེ་དུར་ནི་བེམ་པོ་མེར་བསྲེགས་ནས་དྲི་ཟ་དག་ལ་རོལ་དུ་བཅུག་པ།
བླ་མའི་སྐུ་གདུང་མ་གཏོགས་པ་ཕར་ཆེར་འདིར་མ་འདུས་པ་མེད་ལ།གོང་གི་དུར་ཁྲོད་འདི་དག་གི་རྣམ་པ་མི་གཅིག་པ་ཙམ་ལས་ངོ་བོ་སྦྱིན་པ་ཡིན་ནོ། ། སྤྱིར་བཏང་སྤྱིན་པ་ལ་རྣམ་པ་གསུམ་ཡོད་དེ། ༡ཟང་ཟིང་གི་སྤྱིན་པ།  ༢  ཆོས་ཀྱི་སྦྱིན་པ།  ༣  མི་འཇིགས་པའི་སྦྱིན་པ། ༤  བྱམས་པའི་སྦྱིན་པ་བཞིའོ།  ། དེ་དག་ལས་བོད་ཀྱི་དུར་ཁྲོད་ནི་ཟང་ཟིང་གི་
སྦྱིན་པའི་ཁོངས་སུ་འདུའོ།
  • ལེ་ཚན་སྔོན་མ།:གཤིན་པོའི་འདས་མཆོད།
  • ལེ་ཚན་རྗེས་མ།:བོད་ཀྱི་གཤིན་ཆོས་བྱེད་སྟངས་རོབ་ཙམ་གླེང་བ།