ཉག་རོང་སྐོར་བྲོའི་བྲོ་ཚིག་འགའ།
པདྨ་འགྱུར་མེད་ནས། 2010-05-27
༡དེ་རིང་གནམ་ལ་སྐར་མ་ཡག།ཉི་མ་སེམས་ལ་ཤར་ནས་ཤར།།བླ་ལུ་བཟང་པོའི་འདུན་ལ་ཤར།། ཆོས་ཀྱི་བསྟན་པ་དར་ནས་དར།།དེ་རིང་གནམ་ལ་སྐར་མ་ཡག།ཟླ་བ་དཀར་པོ་ཤར་ནས་ཤར།།དཔོན་ལུ་བཟང་པོའི་འདུན་ལ་ཤར།།ཁྲིམས་ཀྱི་བསྟན་པ་དར་ནས་དར།།
༢ཕར་རི་བྲག་དཀར་རྩེ་གསུམ།།ངང་ལུ་བརྒྱ་ཡི་ཕ་ཡུལ།།ངང་ལུ་ངང་ཕྲུག་ཁྲིད་ནས།།བྲག་ལ་གཡས་སྐོར་རྒྱབ་སོང་།།བྲག་རྩེ་ཉི་མ་ཤར་དུས།།བདེ་སྐྱིད་ཕུན་དུམ་ཚོགས་སོང་།།