རྩོམ་པ་པོ་བྲག་འགོ་ཉི་མ།

བཀྲ་ཤིས་ཀྱིས།        2010-12-23

བྲག་འགོ་ཉི་མ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་གི་མི་ཡིན།སྤྱི་ལོ༡༩༧༠ལོར་ལས་དོན་ལ་ཞུགས།སྔ་རྗེས་སུ་བྲག་འགོ་རྫོང་གི་ཚོང་དོན་ཅུས་དང་སྤྱི་བདེ་ཅུས་སུ་ལས་དོན་བསྒྲུབས་མྱོང་།སྤྱི་ལོ༡༩༧༦ལོར་དམག་དཔུང་དུ་ཞུགས།སྤྱི་ལོ༡༩༨༣ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ལས་མཐར་ཕྱིན།དེ་ནས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཅས་ཀྱི་འགན་བཞེས།སྤྱི་ལོ༡༩༨༣ལོ་ནས་རྩོམ་ཡིག་སྤེལ་འགོ་བརྩམས།སྤྱི་ལོ༡༩༩༤ལོར་ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས་སུ་ཞུགས།ཁོང་གིས་ལྷུག་རྩོམ་གཅེས་བསྡུས༼འདུར་རྒྱུགས་ཀྱི་མཛའ་གླུ༽དང༼མེ་ཏོག་སེར་ཆེན༽སྙན་ཞུའི་རྩོམ་རིག༼བཀྲ་ཤིས་པའི་ཁམས་པ༽དང༼དར་མདོའི་མཛའ་གླུ་སྦྲུམ་པའི་ས་ཆ༽སོགས་གང་མང་སྤེལ་བས་བརྩམས་ཆོས་མི་ཉུང་བ་ཞིག་ལ་སི་ཁྲོན་ཞིང་ཆེན་སྐབས་གཉིས་པའི་རྩོམ་རིག་བྱ་དགའ་དང་སི་ཁྲོན་ཞིང་ཆེན་སྐབས་དང་པོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ།རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ།སྐབས་དང་པོའི་གངས་ཅན་རྟགས་ཅན་གྱི་བོད་ཡིག་རྩོམ་རིག་བྱ་དགའ་སོགས་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་།ཁོང་གིས་དུས་ཡུན་རིང་པོའི་ནང་ལ་བློ་གྲོས་རིག་རྩལ་གྱིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཐད་ལ་བྱས་རྗེས་ཡིད་སྨོན་ཤོར་འོས་པ་བཞག་ཡོད
 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:དཀོན་མཆོག་རྡོ་རྗེ།