སློབ་ཅིང་སྦྱོང་བའི་གོམས་གཤིས་ཆགས་སུ་འཇུག། སྟོབས་ཤུགས་འབྱུང་ཁུངས་སློབ་སྦྱོང་ཉིད་ལ་བྱེད།།

ཡེ་ཤེས་ཀྱིས་བསྒྱུར།        2020-05-06

      

སློབ་ཅིང་སྦྱོང་བའི་གོམས་གཤིས་ཆགས་སུ་འཇུག། སྟོབས་ཤུགས་འབྱུང་ཁུངས་སློབ་སྦྱོང་ཉིད་ལ་བྱེད།།

    ཕུགས་འདུན་དེ་སློབ་སྦྱོང་ནས་མགོ་བཙུགས་པ་དང་། བྱ་གཞག་ནི་ལག་ལེན་ནས་མགོ་བཙུགས་པ་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སློབ་སྦྱོང་གི་ལྟ་བ་ལག་ལེན་བསྟར་ཞིང་། རང་ཁུལ་གྱིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་དེ་མུ་མཐུད་ནས་གདིང་ཟབ་མོའི་ཕྱོགས་དང་རྒྱུན་ལྡན་དུ་འགྱུར་བར་བྱེད་ཅིང་། སྦྱངས་པ་གནད་ལ་སྨིན་ཞིང་དོན་ལ་གནས་པ་བྱས་ཏེ། སློབ་སྦྱོང་ལས་སྟེགས་དེ་ཏང་ཡོན་ལས་བྱེད་པར་འཚར་ལོངས་ཡོང་བའི་སྒུལ་ཤུགས་སུ་གྱུར་པ་དང་། ས་གནས་དེ་གའི་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་ཡས་ཀྱིས་སྟེགས་བུ་ཞིག་ཏུ་ཆགས་ཡོད།   དཀར་མཛེས་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་བྱང་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐོན་པ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་ཆེན་པོ་ཐེབས་ཡོད་པ་རེད།

     ཞའོ་ཀྲའོ། ཁྱོད་ཀྱི་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ཀྱི་སློབ་སྦྱོང་བསགས་སྐར་ག་ཚོད་རེད་ཐལ། ངའི་བསགས་སྐར12458རེད་ཐལ། ཨ་ཙི་ཙི། ངའི་བསགས་སྐར9915ལས་རེད་མ་ཐལ། ཟླ་བ་སྔ་མར་ངེད་གཉིས་ཀྱི་བསགས་སྐར་ཧ་ལམ་འདྲ་ཡང་། ད་ང་རང་རྗེས་སུ་ལུས་འདུག་ཅེས་པ་ནི་སྤྱི་ཟླ4པའི་ཚེས21ཡིན་གསར་འགོད་པས་རང་ཁུལ་གྱི་ལས་ཁུངས་ག་གེ་མོ་ཞིག་གི་ལས་གྲོགས་གཉིས་ཀྱིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་སློབ་སྦྱོང་བྱས་ཚུལ་སྐོར་གླེང་བའི་ཚེ་ཐོས་པའི་སྐད་ཆ་ཞིག་རེད།

ན་ནིང་ཟླ་བ་དང་པོ་ནས་བཟུང་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་དེ་ཁུལ་ཡོངས་སུ་བེད་སྤྱོད་བྱ་མགོ་ཚུགས་ཤིང་རང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་ལས་ཁུངས་ལས་མི་བཅས་ཀྱི་ནང་དུ་སློབ་སྦྱོང་ལ་དགའ་བ་དང་། སློབ་སྦྱོང་བྱེད་ཤེས་པ། སློབ་སྦྱོང་བྱེད་མཁས་པ། སློབ་སྦྱོང་བྱ་རྒྱུ་གོམས་སྲོལ་དུ་ཆགས་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་རེད།

    སྦྱངས་འབྲས་སྐར་མ་གོམ་པའི་འགྲོས་ལྟར་བསགས།། སྦྱོང་སྟེགས་དེ་རུ་མཁས་བརྒྱས་འགྲན་གླེང་བྱས།།

    ན་ནིང་ནས་བཟུང་། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། འཕྲོད་བསྟེན་བདེ་ཐང་ལས་དོན་ཨུ་ལྷན། སློབ་གསོའི་ལས་དོན་ཨུ་ལྷན། གཞུང་ཁོངས་རྒྱུ་ནོར་ལས་དོན་ཨུ་ལྷན། རྫོང་ཁག18ཀྱི་ཏང་རྩ་འཛུགས་བཅས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སྤྱད་པ་དང་། ལས་དོན་དེ་ཉིད་སྒྲུབ་ཚུལ་ཏང་འཛུགས་སྐྱོང་གི་དཔྱད་ཞིབ་ནང་བཅུག་ནས་སྡེ་ཚན་ཁག་གི་ཏང་ཨུ་དང་། ཏང་ཙུའུ། ཀྲི་པུའུ་བཅས་ཀྱིས་ལས་སྟེགས་བརྒྱུད་དེ་ཕྱོགས་ཡོངས་ནས་སློབ་སྦྱོང་ཟབ་སྤེལ་བཏང་བ་རེད། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་རིགས་པའི་གཞུང་ལུགས་ཁང་གི་འགན་འཁུར་བ་གཡང་སྐྱིད་ཀྱིས་སྤྱི་ཟླ4ཚེས20ཉིན་གྱི་ཆུ་ཚོད11དང་སྐར་མ34ཡི་བར་སྦྱོང་སྟེགས་རྒྱབ་སྟེགས་ཀྱི་གཞི་གྲངས་དུས་ཐོག་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་མི64956གིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་དྲྭ་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་བཤད།

     མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་ཀྱིས་སློབ་སྦྱོང་བྱེད་པ། གཞི་རིམ་ཏང་ཡོན་གྱིས་སློབ་སྦྱོང་གང་ཐུབ་ཐུབ་བྱེད་པ་བཅས་ནི་རང་ཁུལ་གྱི་སློབ་སྦྱོང་གི་ཁྱད་ཆོས་ཆེ་ཤོས་སུ་གྱུར། སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སྤྱད་དེ་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་རྣམ་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་གཡང་སྐྱིད་ཀྱིས་མུ་མཐུད་དེ་ལྟར་བཤད། དཔེར་ན་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་སྦྱངས་འབྲས་ཆེས་བཟང་བའི་སློབ་མ20དཔྱད་འདེམས་བྱས་པའི་ཁྲོད་དུ་ཁུལ་ཨུའི་རྒྱུན་ཨུ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞིང་ཝུན་ནི་ཨང་བརྒྱད་པ་ཡིན་ཞིང་སློབ་སྦྱོང་གི་བསགས་སྐར19125ལ་ཟིན་ཡོད་པར་བལྟས་ན། གཡང་སྐྱིད་ཀྱི་སྐད་ཆ་དེ་དོན་ལ་གནས་པ་ཡིན་པ་ཤེས་ཐུབ།

ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་ལ་ཏང་རྩ་འཛུགས73དང་ཏང་ཡོན4000ལྷག་ཙམ་ཡོད། ལི་ཞིང་ཝུན་ཁུལ་རིམ་པའི་མགོ་ཁྲིད་ཡིན་པའི་ངོས་ནས་ལས་དོན་བྲེལ་བ་ཆེ་ཡང་སློབ་སྦྱོང་གི་བསགས་སྐར་ཁུལ་ཡོངས་ཀྱི་ཨང་བརྒྱད་པར་བསླེབས་པས་ཁོང་གིས་ཚང་མར་སྣེ་ཁྲིད་ཡག་པོ་དང་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ལ་སྐུལ་འདེད་ཤུགས་ཆེན་དེ་འདྲ་ཕྱིན་ཐུབ་པ་དེ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་མཐོང་ཆེན་ཆེན་པོ་དང་རང་དཔེ་གཞན་སྟོན་གྱིས་སྐུལ་ཁྲིད་དང་སྐུལ་སྤེལ་བྱས་པ་ལས་བྱུང་བ་ཞིག་རེད། ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་ནང་དུ་སྦྱོང་སྟེགས་ལ་དོ་ཁུར་བྱེད་མཁན་ཇེ་མང་དང་ཇེ་ཡག་རེད་ཅེས་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་དབྱི་ཀང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།

    སློབ་སྦྱོང་གི་ལས་སྟེགས་དེ་ལས་ཁུངས་སུ་རིམ་བཞིན་འཁྲུག་ཆ་དོད་པ་དང་ཏང་ཡོན་ལས་བྱེད་པའི་ཁྲོད་གསོན་ཤུགས་འཕེལ་བཞིན་ཡོད། སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ཀྱིས་དོ་དམ་པ་ལ་ལས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་ལས་དོན་སྤེལ་རེས་ཚོགས་པ་ཆེད་དུ་བཙུགས་ནས་གཟའ་འཁོར་རེར་མི་སྒེར་གྱི་སློབ་སྦྱོང་གནས་ཚུལ་ཤེལ་ངོས་སུ་ཕབ་སྟེ་བརྡ་ཁྱབ་ཀྱང་བཏང་བས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉིན་རེའི་སློབ་སྦྱོང་ལས་འགན་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། སློབ་སྦྱོང་གི་བསགས་སྐར་དང་སློབ་སྦྱོང་གི་ཕན་འབྲས་འགན་ལེན་ཐུབ་པ་བྱུང་ཡོད།

    ང་ལ་སློབ་སྦྱོང་བྱ་དགོས་ཟེར་བ་དེ་ད་ལྟར་ངས་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་པའི་ཕྱོགས་སུ་སྒྱུར་བཞིན་ཡོད། སློབ་སྦྱོང་ལས་སྟེགས་ཐོག་སློབ་སྦྱོང་གི་ཐོན་ཁུངས་མང་པོ་ཡོད་པས་ཉིན་ལྟར་གསར་འགྱུར་དུས་ཐོག་ཏུ་གསར་བརྗེ་བྱེད་ཀྱི་ཡོད་པས་ཁྱིམ་ལས་བྱས་ནས་གསར་འགྱུར་བལྟ་རྒྱུ་མི་རག་པར་སེམས་ཁྲལ་བྱེད་མི་དགོས་པ་རེད། སྟེགས་བུ་དེའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་གསོན་ཉམས་དོད་པོ་ཡིན་ལ། རྒྱལ་ཁབ་ཀྱི་དོན་ཆེན་ཤེས་རྟོགས་བྱེད་པ་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཆེའོ།།

   ཉིན་བཞིན་ཡར་ཐོན་ཡོང་བར་སྐུལ་ཤུགས་བསླངས།། ནུས་པ་ཆེ་རུ་སྐྱེད་པར་གསར་བཅུད་བྲན།།

     སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་སློབ་སྦྱོང་གི་བསམ་བློ་གསར་པ་དང་ཞི་ཅིན་ཕིང་གི་རྩོམ་ཡིག་ཕྱོགས་བསྡུས། རིག་གནས་སློབ་སྦྱོང་། གོ་ལ་ཧྲིལ་པོའི་མཐོང་རྒྱ། དགའ་མོས་སློབ་ཚན་སོགས་རིགས17དང་དེའི་འོག་ལེ་ཚན180ལྷག་ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པོ་ཡོད་ལ་རིན་པ་མི་དགོས་པར་དཔེ་ཀློག་བྱ་ཆོག་པའི་གསར་འགྱུར་དང་། དུས་དེབ། དཔེ་རྙིང་། ཡོངས་བསྒྲགས་སློབ་ཚན། གླུ་གཞས། ཟློས་གར། གློག་བརྙན། དཔེ་དེབ་སོགས་ཀྱི་དཔྱད་གཞི་འབོར་ཆེན་གཅིག་སྡུད་བྱས་ཡོད།

    ནང་དོན་སྣ་མང་གིས་ཕྱུག་པ་དང་དབང་གྲགས་ལྡན་པའི་ཆེད་དོན་འགྲེལ་བཤད། གསོན་ཉམས་ལྡན་པ་དང་ཞིབ་ཅིང་ཕྲ་བའི་བརྙན་ལམ་གྱི་དཔྱད་ཡིག་སོགས་ཀྱིས་ལྟ་ཉན་བྱེད་མཁན་གྱི་མིག་དབང་ལ་ཁོམ་པ་མི་སྟེར། འབའ་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་ཏང་ཡོན་ལས་བྱེད་པ་སྒྲོལ་མ་ཡིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སུ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། སྐབས་དོན་ཆབ་སྲིད་གསར་འགྱུར། དཔལ་འབྱོར། རིག་གནས། ཚན་རྩལ། ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་ཚུད་ཡོད། དེ་ནི་འབྲེལ་དྲྭ་རྒྱས་པ་དང་ཏང་འཛུགས་སྐྱོང་ཟུང་འབྲེལ་གྱི་ཤེས་བྱ་ཀུན་བཏུས་ཤིག་རེད། ལས་སྟེགས་གཙོ་བོ་ཕུད་ད་དུང་ཡན་ལག་ལས་སྟེགས་མང་པོ་ཡང་ཡོད་པས་ཚོགས་སྤྱི་མི་འདྲ་བ་དང་ས་ཁོངས་མི་འདྲ་བར་ནང་དོན་མི་འདྲ་བ་མཁོ་འདོན་བྱེད་ཀྱི་ཡོད། དེ་ནི་ཏང་ཡོན་ལས་བྱེད་པར་མཁོ་ཆེ་བའི་སྟབས་བདེ་དང་། མགྱོགས་མྱུར། སྤྱོད་གོ་ཆོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལས་སྟེགས་ཤིག་རེད། སློབ་སྦྱོང་བྱས་པར་བརྒྱུད་ཆབ་སྲིད་དང་བསམ་བློའི་གོ་རྟོགས་ཆེ་རུ་ཕྱིན་པ་དང་། ལས་ཀའི་ངར་ཤུགས་ཆེ་རུ་ཕྱིན་ཐུབ་ཅེས་བཤད་པ་རེད།

རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འཇོན་ཐང་དང་། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་བྱ་དགོས་པར། སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ནི་འཛད་མེད་ཀྱི་ཆུ་མགོ་ལྟ་བུ་ཞིག་སྟེ་དེས་ཁྱེད་ལ་རྒྱུན་ཆད་མེད་པའི་འཚོ་བཅུད་བྱིན་པས་ཁྱེད་རང་འཇོན་ཐང་ལྡན་པ་ཞིག་འགྱུར་ངེས་རེད་ཅེས་ལི་ཐང་རྫོང་གི་ཏང་ཡོན་ལས་བྱེད་པ་ལི་རུའེ་ཡིས་དེ་ལྟར་བཤད།

    ཤེས་བྱའི་ནོར་བུའི་མཛོད་དུ་ནོར་བུ་མང་།། གྲུབ་འབྲས་འགྲེམས་སྟོན་ལས་སྟེགས་མཆོག་ཏུ་གྱུར།།

    སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ནི་ཤེས་བྱའི་ནོར་སྒམ་ཞིག་ཡིན་པ་དང་སྤྱོད་གོ་ཆོད་པའི་ཤེས་བྱ་ཧ་ཅང་མང་བས་ངས་སྒྲོག་འགྲེལ་ལས་དོན་སྤེལ་བར་ཕན་ཆེན་པོ་ཐོགས་བྱུང་། ཞེས་གཞི་རིམ་གྱི་སྒྲོག་འགྲེལ་པ་རོང་བྲག་རྫོང་རྒྱལ་མོ་དམུ་རྡོ་གྲོང་རྡལ་ཡོད་ཟ་གྲོང་སྡེའི་གྲོང་མི་ཡའོ་ཧོ་ཆིང་གིས་དེ་ལྟར་བཤད། ཁོང་གིས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ཀྱི་མཉེན་ཆས་ཕབ་ལེན་བྱས་རྗེས་ཁོམ་པ་ཡོད་ཚེ་དུས་ཐོག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད།

    རང་ཁུལ་གྱིས་གསར་འགྱུར་ཚན་པ་དང་རྫོང་ཁག་གི་དྲིལ་བསྒྲགས་པུའུ། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་ཀྱི་འཕྲིན་གཏོང་ས་ཚུགས་བརྒྱུད་དེ་དཀར་མཛེས་ཁུལ་གྱི་མཛེས་སྡུག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བྱས་ཡོད། གཡང་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་བར་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་དཀར་མཛེས་འཕྲིན་གཏོང་ས་ཚུགས་ཀྱིས་བསྐུར་བའི་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སི་ཁྲོན་སློབ་སྦྱོང་ལས་སྟེགས་ཀྱིས་རྩོམ་ཡིག300ལ་ཉེ་བ་སྤྱད་ཡོད། རང་ཁུལ་གྱི་གཙོ་གནད་ལས་འགན་དང་། ལས་དོན་གལ་ཆེན། གཙོ་དོན་གལ་ཆེན་བཅས་ལ་ལ་དམིགས་ནས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་སི་ཁྲོན་སློབ་སྦྱོང་ལས་སྟེགས་དང་དེ་བཞིན་རྒྱལ་ཡོངས་ཀྱི་ལས་སྟེགས་གཙོ་བོར་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་ཕུལ་བྱུང་བརྩམས་ཆོས་རབ་དང་རིམ་པ་འོས་སྦྱོར་བྱས་ནས་ཕྱི་ཕྱོགས་སུ་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། དཀར་མཛེས་ཁུལ་གྱི་གཏམ་བཟང་བརྒྱུད་བསྒྲགས་ཡག་པོ་བྱེད་པ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་འཆད་འགྲེལ་ཡག་པོ་བྱེད་པ། དཀར་མཛེས་ཁུལ་གྱི་གཟུགས་བརྙན་ཡག་པོ་སྟོན་པ་བཅས་བྱས་ཡོད།

    ང་ཚོས་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་བརྒྱུད་ཕྱི་རོལ་གྱི་འཛམ་གླིང་ཤེས་རྟོགས་བྱ་དགོས་ལ། ཕྱི་ཕྱོགས་ཀྱིས་དཀར་མཛེས་ཁུལ་ཤེས་རྟོགས་ཐུབ་པ་བྱ་དགོས། གཡང་སྐྱིད་ཀྱིས་ཕྱིན་ཆད་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་བརྒྱུད་དེ་གཡས་གཡོན་གོང་འོག་སྦྲེལ་མཐུད་བྱས་ནས་རང་ཁུལ་དེ་བས་རྒྱ་ཆེ་ཞིང་ལྟ་ན་སྡུག་པའི་འགྲེམས་སྟོན་ལས་སྟེགས་སུ་བསླེབ་ཐུབ་པ་བྱ་རྒྱུ་ཡིན། དཔེར་ན། ང་ཚོས་ལྗོངས་ཁུལ་གྱི་སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་བརྒྱུད་ནས་དྲྭ་གྲགས་ཡུལ་སྐོར་བྱེད་ས་བསྐྲུན་ཆོག་པ་དང་། ས་ཁུལ་གཞན་དང་ཐོན་ཁུངས་བརྗེ་རེས་བྱས་ནས་འགྲེམས་སྟོན་ལས་སྟེགས་རྒྱ་ཆེར་གཏོང་ཆོག་ལ། སློབ་བརྩོན་རྒྱལ་དར་སྦྱོང་སྟེགས་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གྲོང་སྡེའི་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱ་དགོས་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཕ་སྐད་གསར་རྩོམ་གྱི་རིག་པའི་དཔའ་བོ།
  • ལེ་ཚན་རྗེས་མ།:ཉི་མ་ནོར་བུ་དང་ཁོ་རང་གི་སྒྲུང་གཏམ་ལ་ཕུལ་བའི་གཏམ།