ཁམས་པའི་སྦྲ་གུར་གྱི་གཙུག་ནོར།

        2010-08-31

ཁམས་པའི་སྦྲ་གུར་གྱི་གཙུག་ནོར།



 སྡེ་དགེའི་གླིང་གེ་སར་རྒྱལ་པོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཀྱི་དུས་ཆེན་སྐབས་དང་པོར་གླིང་གུར་ཀུན་སྨོན་ཆེན་མོས་ཀུན་གྱིས་མིག་དབང་འཕྲོགས་ཡོད་པ་དང་།གུར་དེ་ནི་སི་ཁྲོན་ཀརྨ་བོ་ཤྭ་གངས་ལྗོངས་རིག་གནས་འཕེལ་རྒྱས་ཚད་ཡོད་ཁུང་སིས་ཇུས་འགོད་བྱས་པ་དང་རིང་ཐུང་འདྲ་མིན་སྣ་ཚོགས་ཀྱི་ལྕགས་སྦུག༢༠༠ལྷག་ཙམ་བསྒྲིགས་ནས་གུར་གྱི་སྤྱི་ཁོག་གྲུབ་པས་ཧ་ཅང་བརྟན་ཞིང་བརླིང་བ།གུར་དེའི་སྒྲིག་གཞི་གཙོ་བོའི་མཐོ་ཚད་སྨི་༡༣དང་དཀྱུས་ལ་སྨི༣༠།ཞེང་ལ་སྨི༡༥ཡོད།ས་གཞི་སྨི་གྲུ་བཞི་མ་༤༥༠བཟུང་བས་མི་འབོར་༣༠༠ལྷག་ཙམ་གུར་ནང་བསྡད་ནས་ཟ་མ་ཟ་བ་དང་རྩེད་མོ་ལ་རོལ་ཆོག གུར་དེའི་གུར་རས་སེར་པོ་ཡིན་པ་དང་ཐོག་ལ་རི་མོ་སྣ་ཚོགས་ཀྱིས་མཛེས་པ།སྒྲིག་གཞི་གཙོ་བོར་ལ་རྩེ་གསུམ་ཡོད་པ་དང་ཕྱིའི་རྣམ་པ་ནི་མཆོད་རྟེན་དང་ཀུན་ནས་མཚུངས།གུར་དེ་ནི་གླིང་སྒྲུང་ཁྲོད་དུ་གེ་སར་རྒྱལ་པོས་དཔུང་འཇུག་བྱེད་སྐབས་གཡུལ་སར་ཕུབ་པའི་དམག་གུར་གཙོ་བའི་དཔེ་དབྱིབས་ལྟར་ཇུས་འགོད་བྱས་པར་བཤད།གུར་དེར་བཟོ་སྐྲུན་གྱི་འགྲོ་གྲོན་སྒོར་ཁྲི་༣༠ལྷག་ཙམ་བཏང་བ་དང་ཀུན་ནས་བཤད་ན་གུར་དེ་ནི་མིག་སྔར་བོད་གངས་ཅན་ལྗོངས་ཀྱི་གུར་གྱི་རྒྱ་མཚོ་ཁྲོད་ཀྱི་ངོ་མཚར་ཞིག་རེད།
 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བོད་ཀྱི་སྤོས་སྐྱོད་སྡོད་ཁང་སྦྲ་ནག་གླེང་བ།