ཤིང་རྩེག་བཅུ་གསུམ་ཞེས་པ་ནི་དགོན་པ་ཆེ་ཁག་གི་འདུ་ཁང་དང་། ཕོ་བྲང་གི་ཚོམས་ཆེན་ཀྱི་ཀ་རིང་། སྒོ་མཆོར་སོགས་ཀྱི་མཛེས་རྒྱན་ལྟ་བུ་ཡིན། དེ་ཡང་ཀ་བ་ནས་ལྕམ་གྱི་བར་དུ་རྩེག་མ་བཅུ་གསུམ་ཡོད་དེ། ༡ཀ་བ། ༢གཞུ་ཆུང་། སྦེ་ལོག ༣གཞུ་རིང་། ༤པད་མ། ༥ཆོས་རྩེག ༦གདུང་མ། ༧གདན། ༨བབས་ཐང་། ༩བབས་རིང་། ༡༠དྲེ་གདན། ༡༡དྲེ་ཐང་། ༡༢དྲེ་རིང་། ༡༣ལྕམ་བཅས་ལ་ཟེར་བ་རེད།