འཛམ་གླིང་སྟེང་དུ་བཏུང་ཆུའི་རིན་གོང་མཐོ་བའི་ས་ཆ་གང་ཡིན།

        2020-12-08

     ཡ་གླིང་གི་ཁུ་ཝེ་ཐུ་རྒྱལ་ཁབ་ནི་མི་གྲངས་ས་ཡ་གཉིས་ལྷག་གིས་བཟུང་ཞིས་འཛམ་གླིང་གི་མིང་གྲགས་ཅན་གྱི་རྡོ་སྣུམ་གཏེར་ཁ་ཆེས་མོད་པའི་ས་ཆ་ཞིག་ཡིན། ཡིན་ནའང་ཚྭ་མེད་བཏུང་ཆུ་ནི་ཆེས་དཀོན་པའི་ས་ཆ་ཞིག་རེད། དེའི་ཕྱིར་ས་དེ་གའི་རྒྱལ་ས་ཁུ་ཝེ་ཐུ་གྲོང་ཁྱེར་གྱི་མཚོ་འགྲམ་ན་ལྟོ་བ་ཟླུམ་པའི་མཆོད་རྟེན་ཆེན་མོ་གསུམ་བཟོ་སྐྲུན་བྱས་ཡོད། མཆོད་རྟེན་རེ་རེའི་ལྟོ་བར་ཆུ་ཏུན3000ལྷག་གསོག་འཇོག་བྱས་ཡོད་ཅིང་། དམིགས་ཡུལ་ནི་གྲོང་ཁྱེར་དེའི་མང་ཚོགས་ལ་བཏུང་ཆུའི་དཀའ་ངལ་བྱུང་ཚེ་བཀོལ་སྤྱོད་བྱེད་རྒྱུ་ཡིན་པར་བཤད། ད་དུང་རྒྱུན་པར་མཐོང་ཐུབ་པ་ཞིག་ལ་སྲིད་གཞུང་གིས་ཕྱི་གླིང་རྡོ་སྣུམ་གྱི་གཏེར་ཁ་འབོར་ཆེན་བསྐྱལ་ཏེ།ཚྭ་མེད་བཏུང་ཆུ་དང་བརྗེས་ནས་བཏུང་ཆུ་ནང་འདྲེན་བྱེད་བཞིན་འདུག། དེའི་ཕྱིར་བཏུང་ཆུ་དང་རྡོ་སྣུམ་གཉིས་རིན་ཚོད་མཉམ་འདུག་པས་ཁུ་ཝེ་ཐུ་རྒྱལ་ཁབ་ནི་འཛམ་གླིང་སྟེང་བཏུང་ཆུའི་རིན་གོང་ཆེས་མཐོ་བའི་རྒྱལ་ཁབ་ཁོ་ནར་གྱུར་ཡོད།


རྨེ་གྲྭ་ཚེ་རིང་བསམ་འགྲུབ།

རྩོམ་སྒྲིག་པ།  མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།