མི་ཉག་ས་ཁུལ་གྱི་བྲོ་ཚིག་འགའ།(2)

མིག་དམར་དང་ཀུན་དགའ།        2012-04-05


 
བྲག་དཀར་རྩེ་ལ་ཐང་དཀར་འཁོར་བའི་བཀྲ་ཤིས་ཤོག།
ཐང་དཀར་འདི་ལ་གཤོག་སྒྲོ་རྒྱས་པའི་བཀྲ་ཤིས་ཤོག།
གཤོག་སྒྲོ་འདི་ཚོ་མཐའ་ནས་རྒྱས་པའི་བཀྲ་ཤིས་ཤོག།
 
རྒྱ་གྲོང་གཏིང་ལ་མིང་སྲིང་འཁོར་བའི་བཀྲ་ཤིས་ཤོག།
མིང་སྲིང་འདི་ཚོར་ཉམས་དགའ་རྒྱས་པའི་བཀྲ་ཤིས་ཤོག།
ཉམས་དགའ་འདི་ཚོ་མཐའ་ནས་རྒྱས་པའི་བཀྲ་ཤིས་ཤོག།
གཙང་བཀྲ་ཤིས་ལ་ཡི་ལ་འགོ་ལ།།
འགོ་བླ་མ་བརྒྱ་ཡིས་གཡང་བསྒྲུབས་བྱས།།
གྲྭ་བན་དེ་བརྒྱ་ཡིས་གཡང་འབོད་བྱས།།
གཡང་འཁོར་ཡོད་འཁོར་ཡོད་ལན་གསུམ་འབོད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་ཤོག།
 
གཙང་བཀྲ་ཤིས་ལ་ཡི་ལ་སྐེད་ལ།།
འགོ་དཔོན་བློན་བརྒྱ་ཡིས་གཡང་བསྒྲུབས་བྱས།།
འགོ་དཔོན་ཆུང་བརྒྱ་ཡིས་གཡང་འབོད་བྱས།།
གཡང་འཁོར་ཡོད་འཁོར་ཡོད་ལན་གསུམ་འབོད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་ཤོག།
 
གཙང་བཀྲ་ཤིས་ལ་ཡི་ལ་འདབས་ལ།།
དྲིན་ཕ་མ་བརྒྱ་ཡིས་གཡང་བསྒྲུབས་བྱས།།
རང་མིང་སྲིང་བརྒྱ་ཡིས་གཡང་འབོད་བྱས།།
གཡང་འཁོར་ཡོད་འཁོར་ཡོད་ལན་གསུམ་འབོད།།
གཡང་ཕྱི་ལ་མ་འགྲོ་ནང་ལ་ཤོག།
  • ལེ་ཚན་སྔོན་མ།:ཁམས་པའི་ཞབས་བྲོ།
  • ལེ་ཚན་རྗེས་མ།:འཕྱོངས་རྒྱས་འཇུ་བྲོ།