དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 5 ཉིན་དང་། རེས་གཟའ་སྤེན་པ་ཡིན།

གུ་གེའི་ལྡེབས་རིས་ལས་མངོན་པའི་ནང་མའི་ཞབས་བྲོ།(2)

        2012-02-01


ཡང་རྐང་བ་གཉིས་གློ་བུར་དུ་བསྐུམས་ཏེ་སླར་འགྲོ་བ་དང་།གོམ་རེའི་མཚམས་ནས་རྐང་བ་ཡང་རེ་འགྱོག་པ་སོགས་ཀྱི་སྟངས་སྟབས་ཡོད།མཛེས་དཔྱོད་ལུགས་སྲོལ་ལྟར་གོམ་འགྲོས་དལ་བ་དང་།བརྟན་པ།ཡིད་དུ་འོང་ལ་བདེ་མྱུར་དང་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན།ཤོན་ཞེས་པའི་ཞབས་བྲོ་ནི་བུད་མེད་ཀྱིས་འཁྲབ་སྟོན་བྱེད་པའི་མཉམ་སྡེབ་ཀྱི་ཞབས་བྲོ་ཞིག་ཡིན་པས།གྲལ་གྱི་རྣམ་པ་དང་འགྱུར་ལྡོག དེ་མིན་བཟོ་ལྟའི་ཚོར་བ་སོགས་ལ་ཧ་ཅང་གིས་དང་དོད་བྱེད།སྤྱིར་བཤད་ན་བོད་རིགས་ཀྱི་ཞབས་བྲོའི་ཁྱད་ཆོས་ཆེས་མངོན་གསལ་དོད་པོ་ནི་འཁྲབ་སྟོན་པ་མང་ཆེ་བས་སྒོར་དབྱིབས་སམ།ཟླ་གམ་དབྱིབས།ཡང་ན་གྲལ་སྟར་དྲང་མོ་བསྒྲིགས་ཏེ་འཁྲབ་བཞིན་ཡོད།འོན་ཀྱང་ཤོན་ཞེས་པའི་ཞབས་བྲོ་ནི་འཁྱོག་གཟུགས་ཀྱི་འགྱུར་བ་དང་།ལྷག་པར་དུ་འབྲུག་གི་མཇུག་མ་གཡོ་བ་ལྟ་བུའི་བཟོ་ལྟའམ་ཚོར་བ་ལ་དོ་སྣང་ཆེན་པོ་བྱེད་པས།གཟིགས་མོ་བར་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་འཇོག་པར་བྱེད།གླེང་རིན་ཡོད་པ་ཞིག་ནི་འདི་ལྟ་བུའི་ཐུན་མོང་མ་ཡིན་པའི་གྲལ་གྱི་རྣམ་པ་སྒྲིག་སྟངས་སོགས་ནི་བོད་ཀྱི་ས་གནས་གཞན་པའི་ཞབས་བྲོ་འཁྲབ་སྟོན་ལས་མཐོང་དཀོན་པ་ཞིག་གོ། ཤོན་ཞེས་པའི་ཞབས་བྲོའི་འཁྲབ་སྟོན་གྱི་རྣམ་པའི་སྟེང་ནས་བལྟས་ན།འཁྲབ་སྟོན་པས་སྒོར་དབྱིབས་སམ་ཡང་ན་ཟླ་གམ་གྱི་དབྱིབས་སུ་བསྒྲིགས་པའི་གྲལ་ལ་གདོང་ཕྱོགས་ཏེ།འཁྲབ་སྟོན་པ་དང་པོའི་གཡོན་ལག་གིས་གཡས་ཕྱོགས་ཀྱི་འཁྲབ་སྟོན་པའི་ལག་གཡས་པ་ནས་འཛིན་པ་དང་།འཁྲབ་སྟོན་པ་དང་པོའི་གཡས་ལག་གིས་གཡོན་ཕྱོགས་ཀྱི་འཁྲབ་སྟོན་པའི་ལག་གཡོན་པ་ནས་འཛིན།རིམ་པ་བཞིན་རིགས་འགྲེ་ནས།བསྣོལ་མར་ལག་རྡང་སྦྲེལ་ནས་གྲལ་མཉམ་པོ་བྱས་ཏེ།གྲལ་གྱི་རྣམ་པ་གཟབ་ནན་སྒོས་འགྱུར་ལྡོག་གི་གོ་རིམ་གསལ་བའི་ངང་བབ་བརླིང་དང་སྙན་འཇེབས་ལྡན་པའི་ཞབས་བྲོའི་རྣམ་པ་ངོམ་པ་ཞིག་གོ། ངེས་པར་དུ་བཤད་དགོས་པ་ཞིག་ལ་ཤོན་ཞེས་པའི་ཞབས་བྲོ་འཁྲབ་སྟོན་སྐབས་གྱོན་གོས་གཟབ་འཕྱོར་དང་མགོ་རྒྱན་སྐྲ་ཟུང་སོགས་ལ་དང་དོད་ཆེན་པོ་བྱེད།ཁོ་མོ་ཚོའི་གྱོན་གོས་ལའང་ཁྱད་ཆོས་གཞན་དང་མི་འདྲ་བ་ཞིག་ཡོད།དཔེར་ན།མགོ་རྒྱན་རས་ལས་བྱས་པའི་སྐྱེའུ་དང་གའུ་སོགས་ལྟ་བུ།དེའི་སྟེང་གསེར་དངུལ་དང་།མུ་ཏིག བྱུ་རུ།མ་ནོ་སོགས་རིན་པོ་ཆེ་སྣ་ཚོགས་བསྟར་ནས་མགོ་རྒྱན་བྱེད་པ།འཁྲབ་སྟོན་པ་ཚོར་ད་དུང་སྟོད་གོས་ཀྱང་དགོས།གུ་གེའི་ལྡེབས་རིས་ཁྲོད་ཀྱི་ཤོན་ཞེས་པའི་ཞབས་བྲོ་འཁྲབ་མཁན་བུད་མེད10ཡོད་པ་ཚང་མས་སྟོད་གོས་གྱོན་མོད།འོན་ཀྱང་མགོ་རྒྱན་ཅི་ཡང་མེད། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཁྲོད་དུ་ཞབས་བྲོ་གཞན་པའི་འཁྲབ་སྟོན་ལྡེབས་རིས་ཀྱང་ཡོད་ལ།ཆེས་འཐུས་ཚབ་ཀྱི་རང་བཞིན་དང་ལྡན་པ་ནི་དཀྱིལ་འཁོར་ལྷ་ཁང་ཡིན།དེའང་དཀྱིལ་འཁོར་ལྷ་ཁང་གི་ཡོ་གའི་ཞབས་བྲོ་ཡིན་ལ།ཞབས་བྲོ་འདི་རིགས་ནི་དོན་ངོ་མར་ནང་མའི་ཞབས་བྲོར་བརྩི་མི་རུང་ནའང་།ཕོ་བྲང་གི་དུས་སྟོན་གྱི་མཛད་སྒོ་ལྟ་བུར་མཚམས་རེར་འཁྲབ་སྟོན་བྱེད་ཀྱིན་ཡོད།
ཞབས་བྲོ་འཁྲབ་སྟོན་གྱི་གོ་རིམ་ཧྲིལ་བོ་ལྡེབས་རིས་སུ་བཀོད་དེ་དཀྱིལ་འཁོར་ལྷ་ཁང་གི་ནུབ་ཕྱོགས་ཀྱི་གནམ་རྒྱན་ངོས་སུ་བྲིས་ཡོད་ལ།ཞབས་བྲོ་དང་རྣམ་པ་ལུགས་སྲོལ་སོགས་ཀྱི་ཆ་ནས་གནའ་རབས་རྒྱ་གར་གྱི་ཕོ་བྲང་ནང་དུ་འཁྲབ་སྟོན་བྱེད་པའི་ཡོ་གའི་ཞབས་བྲོའི་ཉམས་འགྱུར་གྱི་ལེགས་ཆ་བསྡུ་ལེན་བྱས་ཡོད་ཅིང་།འཁྲབ་སྟོན་པར་སྐྱེས་པ་ཡོད་པ་ཕལ་ཆེར་བུད་མེད་ཡིན།འཁྲབ་སྟོན་གྱི་རྣམ་པའི་སྟེང་ནས་དབྱེ་ཞིབ་བྱས་ན་ཡོ་གའི་ཉམས་ལེན་དང་ནང་མའི་ཞབས་བྲོ་གཉིས་གཞི་གཅིག་ཏུ་འདྲེས་སྦྱོར་བྱུང་བ་ཞིག་ཡིན་ལ།འཁྲབ་འཁན་ཕོ་མོ་ཚང་མ་ལུས་སྟོད་ཤ་རྗེན་དང་།བྲོ་འཁྲབ་དུས་མཆོད་ཆ་སྣ་ཚོགས་ཐོགས་ཡོད།མགུལ་རྒྱན་དང་།སེ་མོ་དོ།དཔུང་རྒྱན།རྐང་གདུབ།དབུ་རྒྱན་སོགས་ཀྱིས་བརྒྱན་ཡོད།ཞབས་གཉིས་ཀ་འཁྱོག་གཟུགས་ཀྱིས་བསྐུམ་པའང་ཡོད་པས།ཞབས་བྲོའི་ཉམས་འགྱུར་ཁྱད་པར་བ་དང་།འཇོ་སྒེག་གི་རྣམ་པ་ངོམ་བཞིན་པའོ།། ཞབས་བྲོའི་ཉམས་འགྱུར་འདི་ལ་འགྲན་སློང་བའི་ཞབས་བྲོ་གཞན་པ་ནི་མཆོད་པ་འབུལ་བའི་གར་མའི་རི་མོ་ཡིན་ལ།དེ་ནི་ཉམས་འགྱུར་འཇོ་སྒེག་ལྡན་ཞིང་ཡིད་དབང་འཕྲོག་པ་ཞིག་འདུག་པས།གུ་གེ་རྒྱལ་རབས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་བགྲང་།གར་མ་འདི་དག་གི་ལྡེབས་རིས་ནི་དཀྱིལ་འཁོར་ལྷ་ཁང་གི་ནུབ་གྱང་གི་ལྷོ་ངོས་དང་།ལྷོ་གྱང་གི་ཤར་ངོས།བྱང་གྱང་གི་ཤར་ངོས་དང་ནུབ་ངོས་སོགས་སུ་ཁ་བཀྲམ་ནས་བྲིས་ཡོད།འཁྲབ་སྟོན་པ་ཚང་མས་ཆིག་རྐྱང་གི་ཞབས་བྲོའི་ཉམས་འགྱུར་ངོམ་ཞིང་།རྒྱབ་ངོས་སུ་འོད་ཀྱི་རྒྱབ་ལྗོངས་དང་དབུའི་འོད་ཀོར་སོགས་ཀྱང་བྲིས་ཡོད།རྒྱལ་ལྗོངས་ཀྱི་འོད་ཚང་མ་དམར་པོ་དང་།དབུའི་འོད་ཀོར་གཅིག་ཀྱང་མི་འདྲ།གར་མ་དག་གིས་མེ་ཏོག་གི་ཐོད་ཆིངས་སྤྲས་ཡོད་ལ།ཞབས་གཉིས་སམ་ཡང་ན་ཞབས་ཡ་གཅིག་གཞུ་དབྱིབས་སུ་བསྐུམས།ཡང་ན་ཞབས་གཉིས་བསྣོལ་མར་ཉམས་འགྱུར་ངོམ་བཞིན་འདུག ལྡེབས་རིས་འདིའི་ངོས་ཀྱི་བུད་མེད་ཚང་མར་ཕྱག་བཞི་ཡོད་ལ།ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་།ཕྱག་གཞན་པ་གཉིས་ཀྱིས་རིགས་མི་འདྲ་བའི་ཕྱག་རྒྱ་སྣ་ཚོགས་བྱེད་བཞིན་ཡོད།འདི་ལྟ་བུའི་ཕྱག་རྒྱ་བྱེད་པའི་ཞབས་བྲོའི་ཉམས་འགྱུར་ནི་ཐད་ཀར་གནའ་བོའི་རྒྱ་གར་གྱི་ལག་བརྡས་མཚོན་པར་བྱེད་པའི་ཞབས་བྲོ་ལས་དྲངས་པ་ཞིག་ཡིན་ལ།རྗེས་སུ་གར་གྱི་ཕྱག་རྒྱ་དང་ནང་བསྟན་གྱི་ཕྱག་རྒྱ་གཉིས་རང་བཞིན་གྱིས་གཞི་གཅིག་ཏུ་འདྲེས་ཏེ།ཞབས་བྲོ་གསར་པའི་ཉམས་འགྱུར་འདི་དག་གྲུབ་པར་འདོད། དཀྱིལ་འཁོར་ལྷ་ཁང་གི་བྱང་ལྡེབས་ཀྱི་གར་མའི་ཉམས་འགྱུར་དང་ཤར་ལྡེབས་དང་ལྷོ་ལྡེབས་ཀྱི་གར་མའི་ཉམས་འགྱུར་གཞི་རྩའི་སྟེང་གཅིག་མཚུངས་ཡིན་ཞིང་།ཚང་མ་གཅེར་བུ་ཡིན།འོན་ཀྱང་བྱང་ལྡེབས་ཀྱི་གར་མའི་རི་མོ་ནི་ཅུང་མི་འདྲ་ལ།ལག་པ་གཅིག་གིས་དྲིལ་བུ་དང་།གཅིག་ཤོས་ཀྱིས་རྡོ་རྗེ་བཟུང་ཡོད།ལག་པ་གཞན་ཞིག་གིས་རོལ་ཆས་བཟུང་ཡོད་ལ།དེ་ལ་གླིང་བུ་བཟུང་བ་དང་།ལག་རྔ་བཟུང་བ།ཌ་མ་རུ་བཟུང་བ།པི་ཝང་བཟུང་བ་སོགས་ཡོད་པས་ཞབས་བྲོའི་རྣམ་པ་ཧྲིལ་བོ་འཇོ་སྒེག་ལྡན་ལ་ཡིད་དབང་འཕྲོག་པ་ཞིག་འདུག
 གུ་གེ་རྒྱལ་རབས་ཀྱི་ཤུལ་བཞག་ཁྲོད།ཞབས་བྲོ་གཞན་པ་འཁྲབ་སྟོན་བྱེད་པའི་རྣམ་པའང་མང་པོ་ཡོད་པ།དཔེར་ན་དཔའ་རྟུལ་ཚོས་དྲག་རྩལ་ངོམ་པའི་རྣམ་པ་དང་གོ་མཚོན་ངོམ་གྱི་ཞབས་བྲོའི་འཁྲབ་སྟོན་ལྟ་བུ་སོགས་ཡོད་ལ།ད་དུང་འཇིག་རྟེན་ལུགས་ཀྱི་འཚོ་བ་མཚོན་པའི་ཞབས་བྲོའི་རྣམ་པ་སོགས་ཡོད་པས་འདི་དག་ཚང་མས་མགྱོགས་མྱུར་ངང་རྟོབ་ཞིབ་བྱེད་རྒྱུར་བསྐུགས་ནས་ཡོད།
བོད་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་རིག་གནས་ཀྱི་རྒྱུད་འཛིན་ལ་བལྟས་ནས་བཤད་ནའང་།བོད་བཙན་པོའི་རྒྱལ་རབས་ཀྱི་ནང་མའི་ཞབས་བྲོ་དང་གུས་ལུགས་མཛད་སྒོའི་རིག་གནས་ཀྱང་གུ་གེ་རྒྱལ་རབས་ཀྱིས་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་།འདིར་གླེང་རིན་ཡོད་པ་ཞིག་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཀྱི་གར་མ16གི་ཞབས་བྲོ་ཡིན།བོད་ཀྱི་ལོ་རྒྱུས་ཡིག་ཆ《རྒྱལ་རབས་གསལ་བའི་མེ་ལོང》
  • ལེ་ཚན་སྔོན་མ།:འཕྱྭོངས་རྒྱས་འཇུ་བྲོ།
  • ལེ་ཚན་རྗེས་མ།:ཁམས་པའི་ཞབས་བྲོ།