སྐོར་བྲོའི་ཚིག

བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བསྡུས། །        2010-08-31

རྟེན་འབྲེལ་བཟང་། རྟེན་འབྲེལ་བཟང་།
རི་རབ་རྩེ་མོ་བས་ཀྱང་རྟེན་འབྲེལ་བཟང་།
ཞིང་ཁམས་བདེ།  ཞིང་ཁམས་བདེ།
རྒྱ་མཚོ་ཀི་འཇམ་བས་ཀྱང་ཞིང་ཁམས་བདེ།
 
འོ་མ་ཡ། དྲན་པ་ནམ་མཁའ་དྲི་མེད་ཝོང་སང་ཡ། །
འོ་མ་ཡ།  ས་དྲི་ཨེར་སང་ས་ལེ་འདོན་ཐྲ་ཡ།
 
ཡེ་ཝོ་རབ་བརྟན་གསེར་གྱི་ས་གཞི་མ་རྡལ་བདེ་ལེགས།
ཡེ་ཝོ་འོད་དཀར་ས་ལེ་འོད་ཏ་ཨ་ཡང་ཨོམ་འདུས། །
 
ས་འདི་ཨེར་སང་ས་ལེ་འདོན་ཐྲ་གསུམ། །
འདྲ་ཡུལ་སྤན་མ་ཧིང་ལ་ནུས། །
 
ཆེ་མོ་ཝ་ལེ་ཤོག་ཡ་ལས་ཤོག་ཡ། །
ལས་ཤོག་ཨ་ལེ་ཤོག་ཡ་ལས་ཤོག་ཡ། །
ཡེ་སྤུ་འཁོར་མང་སྐུ་ཁམས་ཀི་བདེ་ཡ།།
ཤིང་ཅེན་སྡོང་པོ་ཡལ་གའི་ཀི་རྒྱས་ཡ།།
 
ཨེ་སྙི་ཉི་མ་ཙིག་རི་ཀི་གསལ་ཡ། །
ཨེ་ལའི་སངས་རྒྱས་ཡེ་འདྲེ་ས་ཕམ་ཡ། །
 
ཝི་རྫོའི་བན་ཀི་འཕྱར་ཝ་རོ་ཉེ། །
ཝི་ཀྱོའི་ཁ་གཞིས་ཀི་མཁས་ཝ་ཞེ་ཉེ། །
ཝི་རྫོའི་ཤྭ་བ་སི་མཆོང་སི་རྩལའི་རའ། །
ཝི་ཀྱོའི་འབྲི་ཤག་དཀར་ཟལ་སི་སྒའི་རའ། །
 
ཤར་ནི་ཤར་ཕྱོགས་འབྱོན་འབྱོན། །
བྱང་ནི་བྱང་ཕྱོགས་འབྱོན་འབྱོན། །
ཤག་ནི་ཕུར་ཆེན་ད་ཡོང་ཆེ། །
དར་ནི་ཝུ་ཙེ་སྐྱེས་སྐར་ཆེན། །
 
མི་འགྱུར་རྒྱལ་རོང་དབུས་ལའི་རེ། །
བསྟན་པ་དགའ་ལྡན་ཁྲོ་ཆེན་བཞུགས། །
མི་འགྱུར་གཡུང་དྲུང་དབུས་ལའི་རེ། །
ཁྱུང་སྐྱེས་ཕོ་བྲང་ནོར་བུའི་གླིང་།།
 
རྒྱལ་ས་ཕོ་བྲང་ནི་གུའི་རེ། །
བྱ་རྒྱལ་ཁྱུང་ཅེན་ནི་ས་འབབ། །
སྒོ་གཏེ་སྒོ་ཙེ་ནི་ཏའི་རེ། །
གཅན་གཟན་སྟག་མོ་ནི་སྒོ་ཁྱི། །
ཕྱི་སྐོར་ལྕགས་རི་གངས་རི་ངོས།།
ནང་སྐོར་ལྕགས་རི་བྲག་རི་ངོས། །
 
ལས་དཀར་སྐྱེས་བུ་འབྲུ་གདོང་མས། །
ཇ་ཚྭ་མར་གསུམ་འོ་མ་བཞི།།
དཀྲོག་གོ་ཚེང་ཚེང་ཚེང་ཚེང་ཚེང་། །
ལྡུད་གོ་འལ་འལ་འལ་འལ་འལ། །
 
དཔའ་བོ་གངས་དཀར་སེང་གེ་ཡཱ།།
ལྕེ་ཐོག་ཀི་བདེ་ཝ་རོ་ཟེ། །
རྨི་སེམས་ཝ་རྨོའི་ཀི་པོ་ཡཱ། །
རྨི་སྣམ་རྨ་བྱའི་ཝ་ཞེ་ཉེ། །
  • ལེ་ཚན་སྔོན་མ།:འབའ་གཞས་སྐོར་ཅུང་ཟད་དཔྱད་པ།
  • ལེ་ཚན་རྗེས་མ།: བྲོ།