སྨོན་ལམ་ཞིག་བཏབ།

        2013-04-01

སྨོན་ལམ་ཞིག་མ་བཏབ་སྨོན་ལམ་ཞིག་བཏབ།།
སྨོན་ལམ་ཞིག་བཏབ་ན་སྨོན་ལམ་དགུང་ལ་བཏབ།།
སྨོན་ལམ་དགུང་ལ་བཏབ་ན་དབུ་འཕང་དགུང་ལས་མཐོ།།
སྨོན་ལམ་ཞིག་མ་བཏབ་སྨོན་ལམ་ཞིག་བཏབ།།
སྨོན་ལམ་ཞིག་བཏབ་ན་སྨོན་ལམ་བྲག་ལ་བཏབ།།
སྨོན་ལམ་བྲག་ལ་བཏབ་ན་སྐུ་ཚེ་བྲག་ལས་སྲ།།
སྨོན་ལམ་ཞིག་མ་བཏབ་སྨོན་ལམ་ཞིག་བཏབ།།
སྨོན་ལམ་ཞིག་བཏབ་ན་སྨོན་ལམ་ཆུ་ལ་བཏབ།།
སྨོན་ལམ་ཆུ་ལ་བཏབ་ན་སྐུ་ཚེ་ཆུ་ལས་རིང་།།སྨོན་ལམ་ཞིག་བཏབ།

  • ལེ་ཚན་སྔོན་མ།:བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།
  • ལེ་ཚན་རྗེས་མ།:བྱང་ཐང་གི་བྲོ་གཞས།