བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།

        2013-04-01

དགུང་སྐྱིད་ཨ་སྔོན་ཡག་རི་ལུང་པའི་ཕུག།
གསལ་སྐྱིད་ཉི་ཟླ་ལུང་པའི་ཕུག་ནས་བྱུང་།།
ཐོ་རེངས་སྐར་ཆེན་སྔོན་གྱི་བསུ་མ་རེད།།
སྐར་བརྒྱ་མང་མས་རྒྱབ་ཀྱི་སྐྱེལ་མ་བཟོ།།
བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།།
མཐོ་སྐྱིད་བྲག་དཀར་ཡག་རི་ལུང་པའི་ཕུག།
རྒོད་ཆུང་ངང་ལུ་ལུང་པའི་ཕུག་ནས་བྱུང་།།བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།

བྱ་ཆེན་ཁུ་བྱུག་སྔོན་གྱི་བསུ་མ་རེད།།
བྱ་བརྒྱ་མང་མས་རྒྱབ་ཀྱི་སྐྱེལ་མ་བཟོ།།
བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།།
སྡེ་སྐྱིད་རྒྱ་གྲོང་ཡག་རི་ལུང་པའི་ཕུག།
གོང་སྐྱིད་དཔོན་ལུ་ལུང་པའི་ཕུག་ནས་བྱུང་།།
ཧོར་འདྲ་མང་མ་སྔོན་གྱི་བསུ་མ་རེད།།
སྨན་ཆུང་མང་མས་རྒྱབ་ཀྱི་སྐྱེལ་མ་བཟོ།།
བསུ་མ་སྐྱེལ་མ་བདེ་སྐྱིད་ཕུན་སུམ་ཚོགས།།
  • ལེ་ཚན་སྔོན་མ།:བཀྲ་ཤིས་ཤོག་སྨོན་ལམ་ཐོབས།
  • ལེ་ཚན་རྗེས་མ།:སྨོན་ལམ་ཞིག་བཏབ།