གར་སྟེགས་སྟེང་གི་རྒོད་པོ།(2)

        2010-09-02

རྨང་གཞི་དེ་དག་གི་སྟེང་ནས་ཁོང་གིས་ད་གཟོད་རང་ཉིད་ཀྱི་གསར་རྩོམ་ལ་མཐོང་ཆེན་བྱས་ཤིང་།སྒྱུ་རྩལ་གྱིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཞེས་པ་ལྟར།ཁོང་གིས་རྒྱ་ཆེའི་མང་ཚོགས་ལ་རྐང་བཙུགས་ཏེ་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་《ལོ་ལེགས་ཀྱི་བསྟོད་གླུ》དང་《ལྗང་མདོག་གི་རྩྭ་ཐང་།》《གངས་རིའི་བརྩེ་གླུ》སོགས་ཞབས་བྲོ་བཅུ་ལྷག་གསར་རྩོམ་བྱས་པ་དེ་དག་ལའང་རྩོམ་པ་པོ་རང་ཉིད་རང་གི་ཕ་ཡུལ་ལ་དགའ་བའི་བརྩེ་དུང་དང་སྒྱུ་རྩལ་འཚོལ་སྙེགས་ཀྱི་རེ་འདུན་མེ་ལྟར་ཚ་བ་མཚོན་འདུགགཞན་ཡང་ཁོང་གིས་ད་དུང་ཟློས་གར་《ཁ་བ་བུ་ཡུག་ལ་འཐབ་པ་》དང་《གཟུགས་ཀྱི་ཉི་མ།》《བཙན་པོའི་ཕོ་ཉ་》སོགས་ཀྱི་བར་བཅུག་གར་བསྒྱུར་བ་གཙོ་བོ་བྱས།ཁོངགིས་གསར་རྩོམ་བྱས་པའི་ཞབས་བྲོ《ལོ་ལེགས་ཀྱི་བསྟོད་གླུ་》ལ་མཚོ་སྔོན་ཞིང་ཆེན་གྱི་གསར་རྩོམ་བ་དགའ་གཉིས་པ་ཐོབ།ཁོང་གིས་འཁྲབ་སྟོན་པ་གཙོ་བོ་བྱས་པའི་《རྒྱལ་སྲས་ནོར་བཟང་》ལ་རྒྱལ་ཁབ་བཙུགས་ནས་ལོ་ངོ་༣༥འཁོར་བའི་ཕུལ་བྱུང་འཁྲབ་གཞུང་གི་བ་དགའ་དང་《ཡིད་འཕྲོག་ལྷ་མོ་》ལ་༡༩༨༢ལོ་ནས་༡༩༨༣ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་འཁྲབ་གཞུང་གི་བ་དགའ་ཐོབ།བོད་ཀྱི་ཟློས་གར་ཆེན་མོ་《གཟུགས་ཀྱི་ཉི་མ་》ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཚོ་བ་གསར་རྩོམ་བས་པའི་དངུལ་གྱི་རྟགས་མ་དང་།《བཙན་པོའི་ཕོ་ཉ་》ལ་༡༩༩༢ལོའི་“ལྔ་བཟང་བཟོ་སྐྲུན་”གྱི་བྱ་དགའ་ཐོབ་པ་མ་ཟད།༡༩༩༦ལོར་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་རིག་གནས་འཁྲབ་གཞུང་གསར་པའི་བྱ་དགའ་ཐོབ།དེང་རབས་ཀྱི་ཟློས་གར་ཆེན་མོ་《གསེར་མདོག་གི་སྐྱ་རེངས་》ལ་མཚོ་སྔོན་ཞིང་ཆེན་གྱི“ལྔ་བཟང་བཟོ་སྐྲུན་”གྱི་བྱ་དགའ་དང་རྒྱལ་ཡོངས་ཀྱི་རྨ་བྱ་བུམ་པའི་རྟགས་མ་ཐོབ་པ་མ་ཟད།༢༠༠༠ལོར་རྒྱལ་ཡོངས་ཀྱི་རིག་གནས་འཁྲབ་གཞུང་གསར་པའི་བྱ་དགའ་ཐོབ་པ་རེད།   གྲུབ་འབྲས་འདི་དག་ནི་ཟློས་གར་ཚོགས་པ་ཞིག་གི་ཐུན་མོང་གི་གྲུབ་འབྲས་ཡིན་པ་གཞིར་བྱས་ཤིང་།བློ་བཟང་ཕུན་ཚོགས་ཀྱི་ཁྱད་འཕགས་ཀྱི་བློ་གྲོས་དང་ཁྱད་འཕགས་ཀྱི་ཉམས་འགྱུར།ཁྱད་འཕགས་ཀྱི་སྒྱུ་རྩལ་མཚོན་སྟངས་བཅས་ཀྱིས་ཐུན་མོང་མ་ཡིན་པའི་སྣང་བཪྙན་ཞིག་བཞེངས་ཡོད།༡༩༧༨ལོར་ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་ཁྲོད་བློ་བཟང་ཕུན་ཚོགས་ལ་མི་སྒེར་གྱི་འཁྲབ་སྟོན་བ་དགའ་དང་པོ་ཐོབ་པ་དང་།༡༩༨༠ལོར་ཞིང་ཆེན་ཡོངས་ཀྱི་རིག་རྩལ་ཚོགས་པའི་གཞི་རྩའི་རྩལ་ནུས་འགྲན་བསྡུར་ཁྲོད་ཁོང་ལ་བྱ་དགའ་གཉིས་པ་ཐོབ།༡༩༩༡ལོ་དང་༡༩༩༦ལོ་སོ་སོར་ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་པའི་བྱ་དགའ་ཨང་གཉིས་པ་དང་ཞིང་ཆེན་ཡོངས་ཀྱི་བོད་སྐད་ཀྱི་གར་ཆུང་དང་ཁ་ཤགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།༡༩༩༩ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་བཙུགས་ནས་ལོ་ངོ་༥༠འཁོར་བའི་རིག་རྩལ་འཁྲབ་སྟོན་ཁྲོད་ཁོང་ལ་མི་སྒེར་གྱི་བྱ་དགའ་དང་པོ་ཐོབ།   སྐུ་ཞབས་བློ་བཟང་ཕུན་ཚོགས་ལ་མཚོན་ན།གྲུབ་འབྲས་འདི་དག་ནི་གློ་བུར་དུ་གནམ་ནས་ལྷུང་བ་དང་ས་ནས་སྐྱེས་པ་ཞིག་མིན་པར།དུས་ཡུན་རིང་པོའི་འབད་བརྩོན་དང་སྦྱོང་བརྡར་བརྒྱུད་ནས་ཐོབ་པའི་དཀའ་སྤྱད་ཀྱི་རྔུལ་ཆུ་ཁོ་ན་ལགས།ཁོང་གི་ལོ་གུས་མདོར་བསྡུས་《ཀྲུང་གོའི་དེང་རབས་རྫ་རྩལ་པའི་མཛོད་》དང་《ཀྲུང་གོའི་ཆེད་མཁས་པའི་ཚིག་མཛོད་》སོགས་སུ་བཀོད་པའང་ཁོང་གི་བླ་ན་མེད་པའི་མཛད་རྗེས་དེ་ཇི་སྲེད་བསྐལ་བ་དེ་སྲིད་དུ་གནས་སྲིད་པའི་ཁས་ལེན་དང་བདེན་དཔང་སྟོབས་ལྡན་ཞིག་ཡིན།  
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:བློ་བཟང་གྲགས་པ། ཁམས་པའི་གར་སྟེགས་ནས་མི་ཚེའི་སྟངས་སྟབས་བསྒྱུར།