༼ ཧུན • དུར་རོ། ༽ 2025-06-06
བྱིས་པ་ཞིག ལྷད་མེད་པའི་འཛུམ་མདངས་ཤིག།
དཔྱིད་རླུང་དལ་གྱིས་ལྡང་བྱུང་། འདི་ནི་ལྷད་མེད་པའི་རང་གཤིས་ལྡང་བྱུང་བ་མ་ཡིན་ནམ། ཡང་ན་དྲི་ཞིམ་གཞན་ཞིག་ཀྱང་ལྡང་བྱུང་བ་འདྲ། ནམ་མཁར་ཐེངས་ཤིག་ལྟ་དུས་སྤྲིན་དཀར་གྱི་མེ་ཏོག་བཞད་འདུག །ས་གཞིར་ཐེངས་ཤིག་ལྟ་དུས་རང་བྱུང་གི་མེ་ཏོག་བཀྲ་འདུག། ཕར་ལ་ཐེངས་ཤིག་ལྟ་དུས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་བྱིས་པའི་ཚོགས་ཀྱི་མེ་ཏོག་ཆེ་ཆུང་གྲངས་མེད་ཅིག་མིག་ལ་བསྟར་བྱུང་། ངས་ངག་མི་ཁྲོལ་བར་མེ་ཏོག་དེ་དག་གི་ལྷད་མེད་པའི་ལང་ཚོ་དང་འཛུམ་ཆུང་ལ་ཐེངས་གཅིག་མི་ལྟ་རང་དབང་བྲལ། ཁྱོད་ཚོ་ནི་རེ་བ་ཞིག། ཁྱོད་ཚོ་ནི་ཆོད་སེམས་ཤིག། རེ་བ་མཐོ་ཤོག། ཕུགས་བསམ་བརྗོད་དུ་ཆུགས།
བྱིས་པ་ཞིག།དྭངས་གཙང་གི་ལང་ཚོ་ཞིག།
ཆར་པ་ཟམ་ཟིམ་ཞིག་དལ་གྱིས་བབས་བྱུང་། འདི་ནི་དྭངས་གཙང་གི་ལང་ཚོ་ཞིག་བབས་བྱུང་བ་མ་ཡིན་ནམ། ཡང་ན་གྲིབ་བསིལ་གཞན་ཞིག་འཕྲོ་འོང་བ་འདྲ། ཡར་ལ་ཐེངས་ཤིག་ལྟ་དུས་གངས་དཀར་གྱི་དབུ་ལ་སྤྲིན་དཀར་གྱི་པ་ཊ་འཁྱིལ་འདུག། མར་ལ་ཐེངས་ཤིག་ལྟ་དུས་རྩྭ་ཐང་གི་གཞུང་ལ་ཕུ་ཆུའི་ཟིལ་པ་ཐར་ཐར་དུ་འཐོར་འདུག། ཕར་ལ་ཐེངས་ཤིག་ལྟ་དུས་སྦྲ་ནག་དང་ནོར་ཁྱུ། བེའུ་དང་ལུ་གུ། དྭངས་ཤིང་གཙང་བ་གང་མང་ཞིག་མཐོང་ལམ་དུ་བསྟར་འོང་གིན་འདུག། ད་དུང་རྣམ་རིག་གི་རྩལ་ཁ་རྒྱས་པའི་བྱིས་པ་དུ་མ་ཞིག་ཀྱང་མིག་ལམ་ལ་ཡང་ཡང་མངོན་ཡོང་། རེད་དེ། དེ་རིང་བྱིས་པའི་དུས་ཆེན་མ་ཡིན་ནམ། བོད་ཀྱི་བྱིས་པ་མང་པོ་ཞིག་ཀྱང་མངོན་ཡོང་། ངས་འདི་དག་གི་མིང་ལ་གངས་ཀྱི་གཅེས་ཕྲུག་ཅེས་བོས། ཁྱོད་ཚོ་ནི་མ་འོངས་པ་ཞིག། ཁྱོད་ཚོ་ནི་སྙིང་རྗེ་བོ་ཞིག། ལང་ཚོ་མཛེས་ཤོག། དྭངས་གཙང་མངོན་དུ་ཆུགས།
རྩོམ་གསར། 10
 དྲུག་གཅིག་བྱིས་པ་འཛུམ་པའི་གླུ་ཆུང་།
 དྲུག་གཅིག་བྱིས་པ་འཛུམ་པའི་གླུ་ཆུང་། གངས་ཀྱི་གཅེས་ཕྲུག།
 གངས་ཀྱི་གཅེས་ཕྲུག། དྲུག་གཅིག་བྱིས་པ་འཛུམ་པའི་གླུ་ཆུང་།
 དྲུག་གཅིག་བྱིས་པ་འཛུམ་པའི་གླུ་ཆུང་། ཁྲིམས་སྐྱོང་གི་ཉི་འོད་དྲོན་མོ་ཡིས།། མཐོ་སྒང་གི་སྐལ་
 ཁྲིམས་སྐྱོང་གི་ཉི་འོད་དྲོན་མོ་ཡིས།། མཐོ་སྒང་གི་སྐལ་ ཤེས་དཔལ་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱས།
 ཤེས་དཔལ་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱས། ཅིན་ཧྭ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་ཁ་གཏད་རོགས་ས
 ཅིན་ཧྭ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱིས་ཁ་གཏད་རོགས་ས རང་ཁུལ་གྱིས2025ལོའི་ཁུལ་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གྱི
 རང་ཁུལ་གྱིས2025ལོའི་ཁུལ་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གྱི 《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕ
 《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕ ན་ཆུང་བྱིས་པའི་དུས་སྟོན་བསུ།
 ན་ཆུང་བྱིས་པའི་དུས་སྟོན་བསུ། དྲུག་གཅིག་དང་འབྲེལ་བའི་འཆར་ཡན་ཐུང་ངུ།
 དྲུག་གཅིག་དང་འབྲེལ་བའི་འཆར་ཡན་ཐུང་ངུ།