སྣང་ཆུང་གཡུ་སྟག

རྩོམ་སྒྲིག་པས་བཤུས།        2010-11-18

གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྲས་ཆུང་བ་སྟེ།གླིང་གི་ཕུ་ནུ་སུམ་བཅུ་དང་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ།ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་དུས།ཁོང་གིས་སྟོབས་ཤུགས་རྩལ་སྤྲུགས་ཀྱི་ངང་ནས་དཀར་ཕྱོགས་ཀྱི་རང་སྡེ་བསྲུང་ཞིང་།ནག་ཕྱོགས་ཀྱི་བདུད་སྡེ་འཇོམས་པའི་འཇིགས་རུང་གཡུལ་གྱི་ལས་ལ་ཞུགས་ཏེ་དཔའ་ཞིང་རྟུལ་ཕོད་དང་ལྡན་པས་ཡབ་དང་རྒྱ་ཚ་ཞལ་དཀར།ལྷ་ལྕམ་དར་བཟའ་གཡུ་ཡི་སྒྲོན་ནེ་སོགས་ཀྱིས་ཁ་ཏ་བྱས་ཀྱང་ཁ་མ་ཉན་པར།མ་རུང་ཁོག་བཅངས་ཀྱིས་ཨ་ཁྭ་ཁྲོ་ཐུང་གི་གཡོ་སྒྱུའི་ངག་ལས་ཡིད་ཆེས་ནས་རང་ཉིད་མི་རྟ་གཉིས་པོ་ཧོར་གྱི་དམག་སྒར་དུ་གདོང་མཆོངས་བྱས་ཏེ་སྔ་རྟིང་དུ་ཧོར་གྱི་དམག་དཔོན་བཙན་རྒྱལ་ཁ་ཤོ་དང་ཐུ་ལེ་བུའི་ནག་ཙོག་ཤྰཀྱ་བུ་ཡི་ཤེས་ཆེན་རྣམས་བསད་མཐར་མང་ཁ་ཉུང་གིས་མ་བ་པར་སྣང་ཆུང་གི་དཔུང་པ་གཡོན་པ་ཆེར་རྨས་བྱུང་བ་དང་།རྒྱ་ཚ་ཞལ་དཀར་དང་འདན་མ།དར་འཕེན།སེང་སྟག འཕེན་སྟག་རྣམས་ཀྱིས་དཔུང་རོགས་དང་བསྟུན་ནས་ཧོར་དམག་ཚོས་བསྐོར་ཡོད་པའི་ལྕགས་རི་རིམ་པ་རྣམས་གཤགས་ཏེ་དམག་སྒར་ནས་ཕྱིར་ཐར་རྗེས།ལྷ་རྗེ་གཞོན་ནུ་འཚོ་བྱེད་ཀྱིས་སྣང་ཆུང་ལ་སྨན་བཅོས་བྱེད་བཞིན་པའི་སྐབས་སུ་ཤན་པ་ཨ་ལྔ་མཐེབ་དྲུག་གིས་དུག་མདའ་ངར་མ་ལ་དྲངས་ཏེ་སྐུ་བཀྲོངས་སོ།
  • ལེ་ཚན་སྔོན་མ།:ཨ་ཀོང་ཇོ།
  • ལེ་ཚན་རྗེས་མ།:མི་ཆུང་ཁ་བདེ།