གསེར་ལྗོངས་ཡུལ་དུ་གླིང་གི་དཔལ་ཐུལ་རྣམས་ཀྱི་རྣམ་སྤྲུལ་བྱོན་ཚུལ།

པདྨ་སྐྱབས།        2012-10-09

གསེར་ལྗོངས་ཡུལ་དུ་གླིང་གི་དཔལ་ཐུལ་རྣམས་ཀྱི་རྣམ་སྤྲུལ་བྱོན་ཚུལ།
 

གསེར་རྟ་ཡུལ་དུ་གླིང་རྒྱལ་བློན་གྱི་རྣམ་སྤྲུལ་བྱོན་པའི་ལོ་རྒྱུས་གང་མང་ཡོད་ལ་འདིར་མདོ་ཙམ་བཤད་ན།གསེར་པདྨ་དབྱིངས་ཨའི་སྒར་ལ།བློན་ཆེན་འདན་མའི་རྣམ་སྤྲུལ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་བྱོན་ནས་རི་ཁྲོད་གསར་འདེབས་བྱས་རྗེས།གླིང་གནས་དབྱིངས་ཨའི་དུལ་ལེ་རྩེར་དགྲ་བླའི་དཔའ་མཁར་དང་ལབ་རྩེ་སོགས་བསྟོད་དེ་རྗེ་འཁོར་འབངས་རབ་ཏུ་རྒྱས་ཏེ་སྒར་ཆེན་དུ་གྱུར་སྐབས།ཁོང་གི་སློབ་མ་བླ་སྤྲུལ་མང་དུ་བྱོན།དེའི་སྐབས་སུ་བློན་འདན་མའི་རྣམ་སྤྲུལ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་རང་སློབ།འཇང་སྲས་གཡུ་ལྷའི་རྣམ་སྤྲུལ་གཡུ་ཁོང་འགྱུར་མེད་རྡོ་རྗེ་དང་།དཔའ་ལྷུ་དམུ་བྱང་དཀར་པོའི་རྣམ་སྤྲུལ་ཨ་སྐྱབས་དབོན་པོ་པདྨ་རྡོ་རྗེ།མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་རྣམ་སྤྲུལ་ར་སྐོར་སྤུ་རིས་སམ་སྒྲུང་གཏེར་ཉི་མ་རང་ཤར་རྣམས་ཀྱིས་ཕྱོགས་བཞིའི་དགྲ་བཞི་ཐ་མ་ཀུན་ན་མོན་བཏུལ་བའི་ལོ་རྒྱུས།མོན་གླིང་གཡུལ་འགྱེད་དཔའ་བོ་སྙིང་གི་དགའ་སྟོན་ཤོག་ལྷེ་བརྒྱ་ལྷག་དང་།གྲུ་གུ་གོ་རྫོང་ཤོག་ལྷེ་བཞི་བརྒྱ་ལྷག་དང་།སོག་ལི་ཁྲི་རྟ་རྫོང་ཤོག་ལྷེ་བརྒྱད་ཅུ་ཡས་མས་དང་།ཏཱ་ཟིག་ནོར་རྫོང་གཡང་གཏེར་བཅུ་གསུམ།རིག་ཡུལ་དངུལ་རྫོང་།ཨ་གྲགས་གཟི་རྫོང་།བྲག་དམར་ཁྱུང་རྫོང་།འཁྲུངས་གླིང་མེ་ཏོག་ར་བ།གེ་སར་གསོལ་མཆོད།གེ་སར་བསང་མཆོད། གེ་སར་ལྷ་འབོད་སོགས་མཛད་པ་ད་ལྟའང་མངོན་གསལ་དུ་ཡོད་དོ།

གསེར་ལྗོངས་ཡུལ་དུ་གླིང་གི་དཔལ་ཐུལ་རྣམས་ཀྱི་རྣམ་སྤྲུལ་བྱོན་ཚུལ།

  • ལེ་ཚན་སྔོན་མ།:ཨ་ལྕེ་སྲིན་མོ་སྒྲོལ་མ།
  • ལེ་ཚན་རྗེས་མ།:རྒྱལ་རོང་བླ་མ་རིག་བདེ།