གླིང་དཀར་ཕུ་ནུ་སུམ་ཅུ།(2)

གསེར་ཐར།རང་བྱུང་གིས་བསྡུ་སྒྲིག་བྱས།        2010-11-18


གུང་པ་བུ་ཡི་སྐྱ་ཁྲ་ལ།འདོ་བ་ནག་ཁྲ་འཕུར་ཤེས།ལྕགས་ནག་དཔོན་པོ་སེང་སེང་ལ།འདོ་བ་བྱང་མ་རླུང་གི་འཕྲུལ་འཁོར།གཡུ་ཡག་མགོན་པོ་སྟོང་ཐུབ་ལ།གཡུ་རྟ་ནོར་བུ་རླུང་འཛིན།གདོང་བཙན་སྣང་ངུ་ཨ་དཔལ་ལ།འདོ་བ་གཡུ་བྱ་རྟིས་སྔོན།རྒོད་པོ་ཉི་མ་ལྷུན་གྲུབ་ལ།འདོ་ཆེན་སྨུག་གུ་སྟོང་འཆམ།སྐྱ་ལོའི་བུ་ཡག་འབྲུག་རྒྱས་ལ།འདོ་ཆེན་དགུ་བརྒྱ་རྭ་གཅིག གསེར་པའི་བུ་ཆུང་ཐར་ཡག་ལ།འདོ་བ་གསེར་བྱ་འཕུར་ཤེས།ཨ་འབར་བུ་ཡི་འཕེན་སྟག་ལ།འདོ་བ་མེ་རི་འཚུབ་ཤེས།
ཚོ་ཡན་རུ་བཞི།
མི་ཆེན་རྒྱལ་བའི་ལྷུན་གྲུབ་ལ།འདོ་བ་ག་པ་ཁྲི་འཇམ།གླིང་ཆེན་ཐར་པའི་བསོད་ནམས་ལ།འདོ་བ་ཁྱུང་ནག་ལྡིང་ཤེས་ལ།བརྒྱ་དཔོན་གསེར་གྱི་ཨ་རྒམ།འདོ་བ་རྒྱ་རྒྱུག་གསེར་བྱ་ལ།སྟོང་དཔོན་གྲལ་རྩེ་ཤེས་མཆོག་ལ།འདོ་བ་སྟོང་རྒྱུག་འཕེན་པོ།
རྒྱལ་མཚན་ཐོགས་པའི་མི་བཞི།
སྐྱ་ལོ་སྟོན་པ་རྒྱལ་མཚན་ལ།འདོ་བ་དགུ་རྒྱ་རྭ་གཅིག འདན་མ་གུ་རུ་རྒྱལ་མཚན་ལ།འདོ་བ་སྤྲིན་གྱི་ཤུགས་ཆེན།དཀར་རུ་ཉི་མ་རྒྱལ་མཚན་ལ།འདོ་བ་གླིང་དམག་འཁྲུག་ཤེས།ནག་རུ་ཐར་པ་རྒྱལ་མཚན་ལ།འདོ་བ་མཚལ་ལུ་འཚམ་ཤེས།
ངོ་ལུག་ཐོགས་པའི་མི་གསུམ།ཨ་གེ་ཚངས་པའི་ངོ་ལུག་ལ།འདོ་བ་གངས་རི་འོད་ལྡན།མུ་པའི་དར་འཇམ་ངོ་ལུག་ལ།འདོ་བ་འཛམ་གླིང་རབ་དཀར།སྟག་རོང་སྲིན་ཚ་ངོ་ལུག་ལ།འདོ་བ་རླུང་ནག་འཕུར་ཤེས།
གླིང་གི་གཟུ་བ་རྣམ་གཉིས།
གཟུ་ཆེན་ཝེར་མ་ལྷ་དར་ལ།འདོ་བ་ངང་པ་རྩལ་ལྡན།དབང་གཅད་དབང་པོ་དར་འཕེན་ལ།འདོ་བ་གསེར་ལྡན་འཕུར་ཤེས་བཅས་སོ།།
  • ལེ་ཚན་སྔོན་མ།:ནང་བློན་འདན་མ་བྱང་ཁྲ།
  • ལེ་ཚན་རྗེས་མ།:ཨ་རྒོད་ལབ་ཆེན།